མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་དབང་སོ་གསུམ་པའི་སྟེང་མི་༨༠༠༠༠ འཛོམ་རྒྱུའི་ཚོད་དཔག

བོད་ཀྱི་དུས་བབ།
༢༠༡༣/༠༥/༠༢
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་མཆོག་གི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༣ པ་དེ་འཆར་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༣ ནས་ ༡༤ ཉིན་བར། ལ་དྭཊ་རྒྱལ་ས་སླེ་རུ་ཡོད་པའི་ཞི་བ་ཚལ་དུ་བསྩལ་གཏན་ཁེལ་ཡོད་པ་རེད།

ལོ་རྗེས་མའི་ཕྱི་ཟླ་ ༧ པའི་ཚེས་ ༣ ནས་ ༡༤ ཉིན་བར་དུས་ཡུན་ཉིན་གྲངས་ ༡༡ གྱི་རིང་། ༸གོང་ས་མཆོག་གིས་ལ་དྭགས་རྒྱལ་ས་སླེ་རུ་ཡོད་པའི་ཞི་བ་ཚལ་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༣ པ་བསྩལ་གཏན་ཁེལ་འདུག ཉེ་ལམ་འདི་གའི་གསར་འགོད་པས་སྐུ་སྒེར་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། ༧གོང་ས་མཆོག་གིས་ལོ་རྗེས་མར་ལ་དྭགས་སུ་དུས་འཁོར་བཀའ་དབང་ཐེངས་སོ་གསུམ་པ་གནང་གཏན་ཁེལ་ཡོད་པ་དང་། བསྟན་པའི་སྦྱིན་བདག་གཙོ་བོ་ཁག་ནི། ལ་དྭགས་ནང་པའི་ཆོས་ཚོགས་དང་ལ་དྭགས་དགོན་ཚོགས། གཞིས་བྱེས་ཇོ་ནང་ཆོས་བརྒྱུད་དང་གཞིས་བྱེས་ཀོང་པོ་མི་དམངས། དེ་བཞིན་དད་ལྡན་བོད་མི་སྒེར་བ་ཁག་ཅིག་བཅས་ཡིན་སྐོར་བརྗོད་བྱུང་།  

ཁོང་གིས་མུ་མཐུད་ངོ་སྤྲོད་གནང་དོན་ལ། སྔོན་ཆད་ལ་དྭཊ་སུ་༸གོང་ས་མཆོག་གིས་དུས་འཁོར་བཀའ་དབང་བསྡུས་པ་ཞིག་བསྩལ་མྱོང་ཡོད་པ་ལྟར། ད་ཐེངས་ལ་དྭགས་ནང་པའི་ཆོས་ཚོཊ་དང་ལ་དྭགས་དགོན་ཚོགས་ཀྱིས་བསྐྱར་དུ་༸གོང་ས་མཆོག་ལ་དུས་འཁོར་བཀའ་དབང་རྒྱས་པ་ཞིག་གསོལ་འདེབས་ཞུས་སྟབས། ལོ་རྗེས་མའི་ཕྱི་ཟླ་བདུན་པའི་གནམ་གཤིས་ཧ་ཅང་ཡག་པོ་ཡོད་པའི་སྐབས་དང་བསྟུན་ཏེ། རྒྱལ་ས་སླེའི་ཞི་བ་ཚལ་དུ་དུས་དབང་ཐེངས་སོ་གསུམ་པ་བསྩལ་རྒྱུའི་ཞལ་བཞེས་གནང་བ་ཞིག་དང་། འཆར་ལོའི་དུས་དབང་ཐོག་ལ་དྭགས་དང་གར་ཤཱ། སྦེལ་ཏི། ཁུ་ནུ་གཙོས་ཧི་མ་ལ་ཡའི་རི་རྒྱུད་ནས་ཁྱོན་ཆོས་ཞུ་བ་ ༥༠༠༠༠ ལྷག་འཛོམས་ཐུབ་པར་ཚོད་དཔག་གནང་བཞིན་ཡོད་ཅིང་། མ་གཞི་ལ་དྭགས་ས་བབ་མཐོ་བོ་ཡིན་རུང་འགྲིམ་འགྲུལ་ཐད་ཤི་རུ་ན་གྷར་བརྒྱུད་ནས་འགྲོ་སའི་ལམ་ཁ་གཅིག་དང་མཱ་ན་ལི་ནས་གཅིག ལྡི་ལིར་ཡང་ཐད་ཀར་མཁའ་ལམ་བརྒྱུད་དེ་འགྲོ་སའི་ལམ་ཁ་གཅིག་བཅས་ཡོད་པར་བརྟེན། འགྲུལ་བཞུད་ཐོག་དམིགས་བསལ་དཀའ་ངལ་གང་ཡང་འཕྲད་ཀྱི་མེད་པའི་ངོས་འཛིན་གནང་བཞིན་ཡོད་སྐོར་གསུངས་བྱུང་།

དུས་དབང་ཐེངས་སོ་གསུམ་པའི་སྦྱིན་བདག་གཙོ་བོ་ལ་དྭགས་ནང་པའི་ཆོས་ཚོགས་ཚོཊ་གཙོ་བདུད་འདུལ་ཚེ་དབང་ལགས་སུ་ཁ་པར་བརྒྱུད་བཅར་འདྲི་ཞུས་པར་ཁོང་གིས་བརྗོད་དོན། “ང་ཚོས་༸གོང་ས་མཆོག་ལ་དུས་འཁོར་དབང་ཆེན་རྒྱས་པ་ཞིག་ལ་དྭགས་རྒྱལ་ས་སླེ་རུ་བསྩལ་གནང་ཡོང་བའི་གསོལ་འདེབས་ཞུས་པ་ལྟར། ལོ་རྗེས་མའི་ཕྱི་ཟླ་ ༧ པའི་ནང་དུས་དབང་ཐེངས་ ༣༣ པ་དེ་ལ་དྭགས་རྒྱལ་ས་སླེ་རུ་ཡོད་པའི་ཞི་བ་ཚལ་དུ་བསྩལ་རྒྱུར་ཞལ་བཞེས་གནང་བ་རེད། ད་ལྟའི་ཆ་ལ་དུས་འཁོར་དབང་ཆེན་ལ་ཕེབས་མཁན་མི་ག་ཚོད་འཛོམ་ཐུབ་མིན་དང་། དེ་ལ་དཔག་པའི་སྡོད་གུར་དང་ཆུ། གློག གསང་སྤྱོད་ག་ཚོད་གྲ་སྒྲིག་དགོས་མིན་ཐོག་གྲོས་བསྡུར་གནང་རྒྱུ་ལྷག་བསྡད་ཡོད་པ་རེད། ང་རང་སྒེར་ངོས་ནས་ལོ་རྗེས་མའི་དུས་དབང་ཐོག་མི་ ༨༠༠༠༠ ལྷག་འཛོམས་ཐུབ་པའི་ཚོད་དཔག་བྱེད་ཀྱིན་ཡོད། ཡིན་ནའང་། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ང་ཚོ་ལ་དྭགས་ནང་པའི་ཆོས་ཚོགས་དང་དགོན་ཚོགས་གཉིས་ཐུན་མོང་ཐོག་དུས་དབང་གོ་སྒྲིག་ཞུ་ཕྱོགས་དང་། རྒྱ་གར་གཞུང་དབུས་དང་ས་གནས་གཞུང་གིས་མཐུན་འགྱུར་གང་དག་གནང་དགོས་མིན་སོཊ་ཀྱི་ཐད་ཞིབ་ཚགས་ཀྱི་གྲོས་བསྡུར་བྱ་འཆར་ཡོད། དེའི་རྗེས་བཞུགས་སྒར་ངྷ་རམ་ས་ལར་ཡོང་སྟེ་སྐུ་སྒེར་ཡིག་ཚང་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་འབྲེལ་བ་ཞུས་པའི་ཐོག བཞུགས་སྒར་ངྷ་རམ་ས་ལ་རང་དུ་གསར་འགོད་གསལ་བསྒྲཊ་ཤིག་སྤེལ་རྒྱུ་ཡིན ”ཞེས་བརྗོད་སོང་།

དུས་དབང་ཐེངས་སོ་གསུམ་པའི་ཇོ་ནང་ཆོས་བརྒྱུད་ཀྱི་གོ་སྒྲིག་པ་སྐུ་ཞབས་ཚངས་དབྱངས་རྒྱ་མཚོ་ལགས་སུ་བཀའ་འདྲི་ཞུས་པར། ཐེངས་འདིའི་དུས་འཁོར་དབང་ཆེན་དེ་ ༢༠༡༢ ལོའི་རྡོར་གདན་དུས་དབང་སྐབས། གཞིས་བྱེས་ཇོ་ནང་དགོན་སྡེ་ཁག་ ༢༠ ལྷག་གི་སྐུ་ཚབ་ཀྱིས་༸གོང་ས་མཆོག་ལ་གསོལ་འདེབས་ཞུས་དོན་བཞིན་ཉེ་ལམ་ཞལ་བཞེས་ཐོབ་པ་དང་། ད་སྔ་དུས་དབང་གོ་སྒྲིག་ཚོགས་པ་ནང་ཁུལ་གྲོས་བསྡུར་བྱ་རྒྱུའི་གོ་སྐབས་བྱུང་མེད་ཀྱང་། མི་འགྱངས་བར་སྦྱིན་བདག་ནང་ཁུལ་གྲོས་བསྡུར་བྱས་ཏེ་མང་ཚོགས་ལ་གསལ་བསྒྲགས་བསྐྱང་རྒྱུ་ཡིན་སྐོར་བརྗོད་བྱུང་།

༢༠༡༡ ལོའི་ཕྱི་ཟླ་ ༡༢ ཚེས་ ༣༡ ནས་ ༢༠༡༢ ལོའི་ཕྱི་ཟླ་ ༡ ཚེས་ ༡༠ ཉིན་བར། ༸གོང་ས་མཆོག་གིས་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་བོད་ནས་ཆོས་ཞུ་བ་ ༨༠༠༠ དང་རྒྱ་ནག་སྐམ་ས་ནས་རྒྱ་རིཊ་ཆོས་ཞུ་བ་ ༡༠༠༠ གཙོས། འཛམ་གླིང་རྒྱལ་ཁབ་ ༦༠ ནས་བཅར་བའི་ཕྱི་ནང་དད་ལྡན་ཆོས་ཞུ་བ་ ༢༠༠༠༠༠ བརྒལ་བར་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཐེངས་ ༣༢ པ་དེ་བསྩལ་ཡོད།

གསར་འགོད་པ། དཔལ་ལྡན།   

 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

ཆུ་ཚོད་ ༩ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༡༡
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་།

ཆུ་ཚོད་ ༩ སྔོན་ལ།
བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོ་དེབ་ནས་བླངས།
Mobile App

ཨ་རིར་ཉིན་གྲངས་གཉིས་རིང་བོད་དོན་ཞུ་གཏུག་བྱས། 

ཆུ་ཚོད་ ༩ སྔོན་ལ།
Advertisement for App

རྩོམ་སྒྲིག་པའི་ས་མིག་གསལ་བསྒྲགས།

༢༠༢༦/༠༦/༡༠
Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

༢༠༢༦/༠༦/༡༠
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩

མཆན། 4

  1. ཤེལ་དཀར་བློ་བཟང་། says:
    ལོ་ 13 སྔོན།

    བཟང་། བཟང་། བསྐལ་བ་བཟང་། འཛམ་གླིང་གི་ཉི་མ། འོད་སྟོང་འབར་བའི་ཉི་མ། ཕྱོགས་དུས་ཀུན་ཏུ་རྒྱལ་གྱུར་ཅིག

    Reply
  2. རྩྭ་ཐང་གི་གླག་རྒོད། says:
    ལོ་ 13 སྔོན།

    ལ་དྭགས་གླེས་རུ་གོང་ ས་མཆོག་གི་དུས་འཁོར་དབང་ཆེན་༣༤བ་ཁུ་ནུ་གཙོས་ཧི་མ་ལ་ཡའི་རི་རྒྱུད་ནས་ཁྱོན་ཆོས་ཞུ་ས་ཡ་གསུམ་འཚོམ་པའི་རེ་བ་ཡོད

    Reply
  3. འདྲེ། says:
    ལོ་ 13 སྔོན།

    ལོ་རྗེས་མའི་དུས་དབང་སྐབས་མི་མང་ལ་ཞབས་ཞུ་སྒྲུབ་རྒྱུ་དེ་དབུ་མའི་ལམ་མི་མང་ལས་འགུལ་དང་དུས་དབང་གོ་སྒྲིག་ཚོགས་ཆུང་མཉམ་འབྲེལ་གྱིས་གནང་རྒྱུ་ཡིན་འདུག

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ལ་དྭགས་སླེ་ཞེས་མ་ཡིན་པར། ལ་དྭགས་གླེ་ཞེས་འབྲི་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese