མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པེ་ཅིན་དུ་རྒྱ་བོད་འཁྲུག་འཛིང་།

བོད་ཀྱི་དུས་བབ།
༢༠༡༣/༠༥/༡༤
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཉི་མའི་ཕྱི་དྲོའི་ཆུ་ཚོད་ ༥ ཙམ་ལ་རྒྱ་ནག་པེ་ཅིན་གྲོང་ཁྱེར་གྱི་ཤར་སྒོའི་སྲང་ལམ་ཞིག་ཏུ། རྒྱ་རིགས་དང་བོད་རིགས་ཚོང་གཉེར་བ་ཁག་ཅིག་གི་བར་འཁྲུག་འཛིང་ཤོར་འདུག

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཨེ་ཝེ་ཝེ་ཡིས་བརྙན་བླངས་ཏེ་ཁྱབ་བསྒྲགས་བྱས་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥ ཐོག རྒྱ་ནག་པེ་ཅིན་གྲོང་ཁྱེར་གྱི་ཤར་སྒོའི་སྲིང་ལམ་འགྲམ་གྱི་ཟ་ཁང་ཞིག་ཏུ་ལས་ཀ་བྱེད་མཁན་རྒྱ་རིགས་དང་། ཟ་ཁང་དེའི་མདུན་ཐང་དུ་ཚོང་ཁྲོམ་སྟོན་མཁན་བོད་མིའི་བར་འཁྲུག་འཛིང་ཤོར་ཏེ། རྒྱ་མི་ཚོས་ཚོང་ཁྲོམ་སྟོན་མཁན་དག་གི་ཁྲོམ་སྟེགས་དང་ཅོག་ཙེ། རྐུབ་སྟེགས་སོགས་བཅོམ་བཅག་བཏང་ཡོད་པ་མ་ཟད། བོད་པ་ཚོས་ཀྱང་ཟུར་གྱི་ཟ་ཁང་དེའི་སྒོ་དང་སྒེའུ་ཁུང་སོགས་ལ་རྡོ་དང་དབྱུག་པ་སོགས་གཞུས་ཏེ་བཅག་ཡོད་འདུག

འཁྲུག་འཛིང་དེའི་ཁྲོད་ཚོང་ཁྲོམ་སྟོན་མཁན་དག་གི་མགོ་དང་ལུས་པོར་རྨས་སྐྱོན་གང་འཚམ་བཟོས་ཡོད་པ་དང་། བུད་མེད་ཅིག་ལ་རྨས་སྐྱོན་ཆེན་པོ་ཕོག་ཡོད་འདུག དེའི་རྗེས་ཉེན་རྟོག་པས་བར་འདུམ་བྱས་ཡོད་ཅིང་། ཉེན་རྟོག་པས་བརྗོད་པ་ལྟར་ན། ཁོང་ཅག་གིས་བར་འདུམ་བྱས་པ་ལས་མི་ལ་གཅར་རྡུང་དང་འཛིན་བཟུང་རིགས་བྱས་མེད་ལུགས་བརྗོད་འདུག  ཡང་ཡུལ་དངོས་སུ་ཡོད་པའི་རྒྱ་མི་ཞིག་གིས། ཉེན་རྟོག་པས་བར་འདུམ་བྱས་པ་ཧ་ཅང་ཞན་སྟབས། འཁྲུག་འཛིང་དོན་རྐྱེན་འདིའི་ཁྲོད་ཕྱོགས་གཉིས་ཀར་རྨས་སྐྱོན་ཕོག་སྟེ། མི་རེ་འགའ་སྨན་ཁང་དུ་བསྐྱལ་དགོས་བྱུང་ཡོད་སྐོར་དང་། འཁྲུག་འཛིང་ཤོར་བ་ཧ་ཅང་ཚབས་ཆེ་ཡང་ཉེ་འཁོར་གྱི་ཚོང་ལས་གཉེར་མཁན་ཚོར་གནོད་པ་གང་ཡང་ཐེབས་མེད་ལུགས་བརྗོད་འདུག

གོང་གསལ་གནས་ཚུལ་སྐོར་རྒྱ་ནག་ལ་ལྟ་བ་ (kanzhongguo) ཞེས་པའི་དྲ་ཚིགས་ཐོག་ཨེ་ཝེ་ཝེ་ཡི་སྐད་ཆ་ལུང་འདྲེན་བྱས་པ་ལྟར་ན། ཚོང་ཁྲོམ་སྟོན་མཁན་དེ་དག་བོད་པ་ཡིན་པ་དང་། ཟ་ཁང་གི་བདག་པོས་ཕྱི་ལོགས་སུ་ཚོང་ཁྲོམ་ཐོག་བོད་ཀྱི་དངོས་ཟོག་ཚོང་མཁན་དེ་ཚོས་ས་ཆ་བདག་བཟུང་བྱས་ཡོད་ལུགས་བརྗོད་དེ་འཁྲུག་འཛིང་ཤོར་བ་ཞིག་ཡིན་ཚུལ་བརྗོད་འདུག

ཡང་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱི་སྐད་ཆ་ཞིག་ལུང་འདྲེན་བྱས་པའི་ནང་། ཚོང་ཁྲོམ་སྟོན་མཁན་དེ་དག་བོད་པ་མིན་སྐོར་དང་། ཟི་ཁྲོན་རྔ་པ་ཁུལ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་འོག་གི་ཆང་རིགས་ཡིན་ཞིང་། ཁོང་ཅག་གིས་དེ་སྔོན་ནས་ཁོང་ཚོ་བོད་པ་ཡིན་ཚུལ་དང་། བོད་པའི་ཐོན་རྫས་ཡིན་ཁུལ་གྱིས་ཅ་དངོས་རྫུན་མ་སྣ་ཚོགས་ཤིག་འཚོང་གི་ཡོད་སྐོར་ཞིག་ཀྱང་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༡ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

ཆུ་ཚོད་ ༢༣ སྔོན་ལ།
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

ཆུ་ཚོད་ ༢༣ སྔོན་ལ།
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦

མཆན། 10

  1. ketaka says:
    ལོ་ 13 སྔོན།

    ཐེངས་འདིའི་རྒྱ་ནག་གི་རྒྱལ་སའི་ཤར་སྒོའི་དོན་རྐྱེན་དེའི་ཐད་ནས་རྩོམ་པ་པོ་དང་མཆན་འབྲི་མཁན་ཚོའི་བར་ལ་བལྟ་ཚུལ་དང་འགྲེལ་བཤད་མི་མཐུན་པ་མང་པོ་ཞིག་བཀོད་འདུག གཙོ་བོ་གཞི་འཛིན་ས་གཅིག་ནི་རྒྱ་ནག་གི་དེང་དུས་སྒྱུ་རྩལ་པ་གྲགས་ཅན་ཨེ་ཝེ་ཝེ་དང་བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་གཉིས་ཀྱི་འགྲེལ་བརྗོད་རེད། འོ་ན་ཨེ་ཝེ་ཝེ་ཡིས་བོད་པ་ཡིན་པར་ཐག་བཅད་འདུག་ལ། ཟ་ཁང་དེའི་མདུན་ཐང་དུ་བོད་མིས་ས་ཆ་བཙན་བཟུང་བྱས་པར་འགྲེལ་བརྗོད་ཀྱང་བྱས་འདུག དོན་དངོས་ཐོག་བརྙན་པར་ལ་བལྟ་དུས་ཟ་ཁང་དེའི་མདུན་དུ་རླངས་འཁོར་གྱི་ལམ་ཁ་གཉིས་གཤར་ཡོད་པ་ཞིག་ལས་ཕར་ཕྱོགས་ཀྱི་ལམ་ཁ་དེར་རླངས་འཁོར་འགྲོ་བཞིན་པའང་མཐོང་རྒྱུ་འདུག ཚུར་ཕྱོགས་ཀྱི་རྒྱ་ལམ་གྱི་གཡས་གཡོན་དུ་རླངས་འཁོར་བཞག་པའང་མཐོང་རྒྱུ་འདུག མིག་གིས་དངོས་སུ་མཐོང་རྒྱུ་ཡོད་པའི་བརྙན་པར་དེ་ལས་ཚོང་ཁྲོམ་སྟོན་སའི་ས་ཆ་དག་ཟ་ཁང་གི་ཡིན་པར་འགྲེལ་བརྗོད་བྱས་པ་འདི་ནི་དྲང་བདེན་ལས་བརྒལ་འདུག་ལ་རིགས་རུས་ཕྱོགས་ཞེན་གྱི་བལྟ་ཚུལ་ཡང་ཅུང་ཙམ་མངོན་འདུག་སྙམ། རྒྱ་ནག་གིས་བོད་ཀྱི་ནགས་ཚལ་ཐམས་ཅད་གཅོད་འབྲེག་དང་རི་ལུང་ཐང་གསུམ་གྱི་གཏེར་ཁ་བསྔོགས་འདོན། ད་དུང་རྒྱ་མི་སྟོང་ཕྲག་མང་པོ་བོད་དུ་གནས་སྤོར་བྱེད་ཆོག་ན་བོད་མི་ཁ་ཤས་ཤིག་གིས་རྒྱ་ནག་གི་སྲང་ལམ་གྱི་གཡས་གཡོན་དུ་ཚོང་ཁྲོམ་གྱི་ཁེ་གཉེར་ཙམ་ཡང་ཉར་མི་ཆོག་པ་འདི་བོད་མིའི་སྲིད་ཀྱི་སྣེ་མོ་པ་དག་གིས་ངེས་པར་དུ་ཤེས་དགོས་ལ། རྒྱ་ནག་གི་དབུས་གཞུང་གིས་མི་རིགས་འདྲ་མཉམ་མིན་པའི་སྲིད་བྱུས་ཀྱི་འོག་ནས་བོད་ཙམ་མ་ཡིན་པར་སྤྱིར་གྲངས་ཉུང་མི་རིགས་ལ་དཀའ་ངལ་གཅིག་མཚུངས་ཡིན་པ་དེར་དྲི་བ་ཅེས་ཀྱང་འདོན་དགོས་པར་མཐོང་།
    སྤྱིར་འོད་ཟེར་ལགས་ཀྱིས་བོད་མི་རིགས་ལ་བཅིངས་པའི་བརྩེ་སེམས་དང་ལར་རྒྱ་ལ་སྙིང་ནས་གུས་བརྩི་ཡོད། འོན་ཀྱང་བོད་ཀྱི་བཙན་པོ་རིང་ལ་ས་ཁུངས་རྒྱ་བསྐྱེད་དང་བོད་མིའི་སྡོད་གནས། ས་མཚམས་དང་ཆུ་མཚམས། དེ་བཞིན་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་རྒྱུས་མེད་ན་ས་མཚམས་འདི་དང་མི་རིགས་འདི་བོད་ཡིན་མིན་གྱི་ཐག་གཅོད་སྔ་མི་རུང་། དེའི་ཐོག་ནས་ནོར་འཕྲུལ་ཆེན་པོ་ཤོར་ངེས་པ་ལྟར། ཐེངས་འདིར་འོད་ཟེར་ལགས་ཀྱིས་ནོར་འཕྲུལ་ཆེན་པོ་ཞིག་ཤོར་སོང་། ཆང་རིགས་ཞེས་པའི་མི་རིགས་འདི་བོད་པ་ཡིན་མིན་གྱི་ཐོག་ནས་རྒྱ་ནག་གི་མཁས་དབང་ཚོ་དང་མཉམ་དུ་བོད་པའི་མཁས་པ་མང་པོ་ཞིག་གིས་རྩོད་པ་རྒྱག་མྱོང་ཡོད་ལ། ཁྱད་པར་དུ་མཁས་པའི་དབང་པོ་རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གིས་དྭགས་པོ་མི་རིགས་ཀྱི་གནད་དོན་ཞེས་པའི་དཔྱད་རྩོམ་དེའི་ཐོག་ནས་ཆང་རིགས་དང་ད་དུང་བོད་ཀྱི་ས་མཚམས་ཆུ་མཚམས་ཁག་གི་མིང་རྒྱ་ནག་གིས་གང་འདོད་དུ་འགྱུར་བ་བཏང་བར་གཅིག་གཅིགགཉིས་གཉིས་ཀྱིས་ཐེར་འདོན་བྱས་པ་ད་སྔ་ལོ་ངོ་སུམ་བཅུ་ཡས་མས་འགོར་མོད་རྒྱ་ནག་གི་མཁས་དབང་སུ་གཅིག་གིས་ཀྱང་དགག་ལན་སྤྲོད་ཐུབ་མེད། འོན་ཏེ་རྒྱ་དཔོན་མཁྲེགས་བཟུང་པ་དག་གིས་མུ་མཐུད་དུ་ཐ་སྙད་དེ་དག་བེད་སྤྱོད་བྱེད་པ་དེ་རྒྱ་ནག་གི་མགོ་དཔོན་ཚོའི་བསམ་བློའི་སྐྲན་ནད་ལས་བྱུང་བ་ཞིག་རེད།
    རྒྱ་ནག་གིས་དམིགས་བཀར་ཀྱིས་ཆང་རིགས་ཞེས་པའི་འཚོ་ཁག་རྣམས་རྒྱལ་རོང་རྒྱལ་ཕྲན་བཅོ་བརྒྱད་ལས་རྒྱལ་ཕྲན་ཁ་ཤས་ཤིག་ཟུར་འདོན་བྱས་པ་རེད། རྒྱལ་ཕྲན་དེ་དག་ནི་དུས་རབས་བདུན་པ་དང་བརྒྱད་པ་ལས་ཕལ་ཆེ་བ་དུས་རབས་བརྒྱད་པའི་བཙན་པོ་ཁྲི་སྲོང་སྡེ་བཙན་གྱི་རིང་ལ་ཐང་བོད་དམག་འཁྲུག་སྐབས་སུ་བཀོད་འདོམས་བྱས་པའི་དམག་སྡེ་ཤ་སྟག་རེད་འདུག དེ་བཞིན་མདོ་སྨད་ཆོས་འབྱུང་དུ་འགག་དོག་མོ་གསུམ་པོ་སྤྲ་ཡིས་བཟུང་སྤྲ་རྩལ་ཆེ་བ་དེ་ཡི་དོན་ཞེས་པའང་ས་ཆའི་གནས་བབ་དང་སྐབས་དེའི་དམག་འཁྲུག་ལ་གཞིགས་ན་དོན་དངོས་དང་མཐུན་སྙམ། འོ་ན་ཆང་རིགས་ཞེས་པའི་ས་ཁུངས་གང་གི་བར་རྒྱ་མིས་དངོས་འཛིན་བྱས་འདུག་ཞེ་ན། རྒྱལ་ཁ་བཀྲ་ཤིས་གླིང་ནས་བིན་ཁྲན་བར་དང་དེ་ནས་ཤར་ཟུང་ཆུ་དང་ཁྲོ་ཆུའམ་ཁྲི་བཅུ་ཡི་ས་མཚམས་བར་ངོས་འཛིན་བྱས་པ་རེད། དེས་ན་ལེ་བར་རྒྱ་ཕྲག་མང་པོ་རྒྱ་མིས་བོད་པའི་ས་ཁུངས་ནས་ལོགས་སུ་བཀར་འདུག གནད་དོན་དེ་བོད་མི་ཞིག་ཡིན་ཕྱིན་ཆད་གསལ་བོ་ཤེས་དགོས་པ་ཧ་ཅང་གལ་ཆེར་མཐོང་།
    འོ་ན་རྒྱ་ནག་གི་རྒྱལ་སའི་ཤར་སྒོའི་སྲང་ལམ་གྱི་དོན་རྐྱེན་དེར་བལྟ་ཚུལ་མི་འདྲ་བའི་རྐྱེན་བྱས་ཏེ་དོན་དངོས་འཚོལ་འདོད་བྱུང་། དེའི་ཕྱིར་རྒྱ་ནག་གི་རྒྱལ་སའི་ཉེ་འཁྲིས་སུ་ཡོད་པའི་སློབ་གྲྭ་ག་གེ་མོ་ཞིག་ཏུ་ཡོད་པའི་དྲ་གྲོགས་ཤིག་ལ་དེའི་སྐོར་སྐད་ཆ་དྲིས་ཡོད་ལ། ཁོས་གསལ་གསལ་ཐང་ཐང་འགྲེལ་བརྗོད་བྱེད་དོན་ནི། ཚོང་ཁྲོམ་སྟོན་མཁན་ཚོ་མདོ་སྨད་ཁྲོ་ཆུའམ་ཁྲི་བཅུ་པ་ཡིན་པར་མ་ཟད། དོན་རྐྱེན་དེ་འདྲ་ཐེངས་དང་པོ་མ་ཡིན་པར་རྒྱ་མིས་མཐོང་ཆུང་ལ་བརྟེན་ནས་ད་སྔ་དེ་འདྲ་མང་པོ་བྱུང་མྱོང་ཡོད་པར་འགྲེལ་བརྗོད་ཅིང་བྱས་སོང་། འོ་ན་རྒྱལ་རོང་ཁྲོ་ཆུའམ་ཁྲི་བཅུ་ནི་རྒྱ་ནག་གིས་བོད་བཙན་བཟུང་བྱས་རྗེས་ཡང་བོད་མི་རང་ལས་མི་རིགས་ག་གེ་མོ་ཞིག་གི་མིང་གང་ཡངའདོགས་མྱོང་མི་འདུག་ལ། བོད་ཀྱི་རྒྱལ་རབས་དང་ཆོས་འབྱུང་ཁག་ལ་བལྟས་ན་རྒྱལ་རོང་རྒྱལ་ཕྲན་བཅོ་བརྒྱད་ལས་སོ་མང་རྒྱལ་པོའི་མངའ་ཁོངས་ཁྲོ་ཆུའམ་ཁྲི་བཅུ་མངའ་རིས་མདའ་མཁན་ཚང་གིས་དབང་བསྒྱུར་བྱས་ཡོད་འདུག རིམ་གྱིས་ཁྲི་བཅུ་མངའ་རིས་མདའ་མཁན་ཚང་གི་དབང་ཐང་ཧ་ཅང་རྒྱས་ཏེ་སླར་སོ་མང་གི་མངའ་རིས་ཡོངས་སུ་བདག་བཟུང་བྱས་པ་ཕྱིས་སུ་དམག་མི་ཁྲི་བཅུ་ཡོད་པའི་ཆ་ནས་ཁྲི་བཅུ་ཞེས་མིང་དེ་ཐོགས་འདུག་ལ། ཕྱིས་སུ་དཔོན་རྡོ་རྗེ་དཔལ་བཟང་དང་ཀུན་དགའ་ཡར་འཕེལ་གྱིས་དམག་སྣ་དྲངས་ཏེ་དམར་དམག་དང་འཐབ་འཛིང་བྱས་པར་མ་ཟད། ཕྱིས་སུ་བཅིངས་གྲོལ་དམག་དང་འཐབ་འཛིང་ཤུགས་ཆེན་པོ་བྱས་རྐྱེན་ལོ་ངོ་ཁ་ཤས་ཤིག་ལ་དབང་དུ་བསྡུས་མ་ཐུབ་པར་བརྟེན་ཐཱ་ཝན་གཉིས་པ་ཞེས་པའི་མིང་ཡང་ཐོགས་འདུག་ལ། ཏིན་ཤཱ་ཕིན་གྱིས་དམིགས་སུ་བཀོད་འདོམས་འོག་གི་དམག་དཔོན་ཞིག་གིས་སྐབས་དེའི་དམག་འཁྲུག་སྐོར་ཟིན་ཐོ་བྲིས་པ་ལོ་རབས་བརྒྱད་ཅུ་ནང་ཟིན་ཐོ་ཇི་བཞིན་གློག་བརྙན་ཁྲབ་སྟོན་བཟོས་པ་དབུས་བརྙན་འཕྲིན་སྡེ་ཚན་གཉིས་པར་ཐད་གཏོང་བྱས་པ་རྒྱ་ནག་གི་ཉམས་ཞིབ་པ་དག་གིས་རྒྱལ་ཁབ་གཙང་མ་ཞིག་ལ་བཙན་འཛུལ་ལ་དོགས་ནས་གཏན་ཏུ་ཕྱིར་ཐེན་བྱས་ཡོད་འདུག་ལ། དེབ་པར་སྐྲུན་འགྲེམ་སྤྲེལ་ཚར་བ་ཡོངས་ཕྱིར་བསྡུས་བྱས་ཡོད་འདུག ཁྲི་བཅུ་རྒྱལ་སའི་ཉེ་འཁྲིས་སུ་དུས་རབས་བརྒྱད་པའི་སྐབས་སུ་སློན་དཔོན་བཻ་རོ་ཙ་ནས་ཕྱག་འདེབས་འཛད་པའི་བདེ་ཆེན་གླིང་ཞེས་པའི་དགོན་ཆེན་ཞིག་ཅིང་ཡོད་འདུག དགོན་པ་དེ་ནི་མདོ་སྨད་ཕྱོགས་ནས་ཆེས་རྙིང་ཤོས་ཡིན་འདུག

    Reply
  2. སྣང་རྒྱལ་ཤེར་དགེ says:
    ལོ་ 13 སྔོན།

    འོད་ཟེར་གྱི་སྐད་ཆ་དེ་ལོ་རྒྱུས་ལ་རྒྱུས་མངའ་མེད་པས་ལན་པ་རེད་ཟེར་ན་ཡིན་ཆོག་པ་ཞིག་རེད། འོན་ཀྱང་མོས་བསམ་ངན་བཅང་ཡོད་པའི་སྐད་ཆ་དེ་འདྲ་ནི་མི་དགོས་སར་རྣམ་རྟོག་སློང་བ་ཙམ་རེད། དེ་ཡིན་པ་ཡང་མོས་སྔ་ཕྱི་བར་གསུམ་གྱི་བྱ་བའི་ངོས་ནས་ཤེས་ཐུབ་པ་ཞིག་རེད། དགའ་དུས་དགའ་ཆེ་ནས་ལྷ་ལ་འགྱུར་འགྲོ་བ་དང་སྡུག་དུས་སྡུག་ནས་འདྲེ་ལ་འགྱུར་འགྲོ་བའི་མྱི་གཤིས་འདི་འདྲ་མེད་ན་ཨང་།

    Reply
  3. ཆོས་བཟང་། says:
    ལོ་ 13 སྔོན།

    རྒྱ་ཡིག་རྒྱ་སྐད་ཤེས་པ་ཙམ་གྱིས་རང་མི་རིགས་ཀྱི་སྐད་ཡིག་དང་། རིག་གནས་ལོ་རྒྱུས་བཅས་མ་ཤེས་ན། འོད་ཟེར་འདྲ་བ་ཞིག་ཆགས་ངེས་རེད། དེ་རིང་འོད་ཟེར་གྱིས་ཞབས་འདྲེན་བླ་ན་མེད་པ་ཞུས་འདུག ཆང་རིགས་ནི་རྒྱལ་རོང་གི་ཆ་ཤས་ཤིག་རེད། འོན་ཀྱང་ཕྱི་ལོ་༡༩༥༩རྗེས་ནས་རྒྱ་ནག་གཞུང་གིས་རྒྱ་རོང་ས་ཁུལ་ཁ་ཤས་ཤིག་ཆང་རིགས་རེད། བོད་མ་རེད། ཅེས་བོད་མི་རིགས་ཁ་བྲལ་དུ་བཏང་བ་རེད། ད་ནི་དེའི་རྗེས་སུ་འབྲང་ནས་འོད་ཟེར་གྱིས་ཀྱང་ཆང་རིགས་བོད་རིགས་མ་རེད། ཅེས་ཤོད་བཞིན་ཡོད་པ་རེད། དེ་ལྷག་ཞབས་འདྲེན་ཞིག་ཞུ་རྒྱུ་མི་འདུག

    Reply
  4. ཁྱི་ཕྲུག says:
    ལོ་ 13 སྔོན།

    འོད་ཟེར་ལགས་ཀྱིས་བཤད་པ་བདེན་སྲིད་ཀྱང་།  བོད་པ་མ་རེད་ཆཱང་རིགས་རེད་ཟེར་བ་དེ་མོ་ནོར་སོང་བ་རེད།  ཆང་རིགས་བོད་པ་གཙང་མ་ཡིན་པ་མཁས་དབང་དམུ་དགེ་བསམ་གཏན་ལགས་ཀྱིས་དྭགས་པོ་མི་རིགས་ཀྱི་གནད་དོན་སྐོར་ཟེར་བའི་རྩོམ་ཡིག་དེའི་ནང་ལུང་དང་རྒྱུ་མཚན་་ལོ་རྒྱུས་ཡིག་ཆ་མང་པོ་བཀོེད་མི་འདུག་གམ་  འོད་ཟེར་ཀྱིས་བོད་ཀྱི་ལོ་རྒྱུས་ཡག་པོ་མ་མཁྱེན་པའི་རྐྱེན་ཡིན་རྒྱུ་རེད།  མི་ལ་གསལ་བཤད་ཅིག་བྱེད་དགོས་ཚོད་འདུག

    Reply
  5. མེ་རླབས། says:
    ལོ་ 13 སྔོན།

    ༄༅། །གསར་འགྱུར་ཟེར་བ་དེ་དངོས་ཡོད་ཁུངས་ལུང་ཡོད་པ་ཞིག་འགོད་གལ་ཆེ། ང་རང་ཚོ་མི་མང་ངོས་ནས་ཀྱང་གསར་འགྱུར་ཁག་གཅིག་རང་ལ་ཡིད་ཆེད་གནང་ནས་གནས་ཚུལ་རྣམས་ཕྱི་གྲགས་མ་བྱས་ན་བཟང་། དེང་སངས་རྒྱ་བོད་བར་གསར་འགྱུར་ཁུངས་ལུང་མེད་པ་མང་དག་ཞིག་ཡོང་དང་ཡོང་བཞིན་པ་སོང་ངེས་པར་དུ་ཟབ་དགོས། ང་རང་བསམ་ན་རྩམ་པ་པོ་ཚེ་རིང་འོད་ཟེར་ལགས་ནས་གསུང་དངོས་བདེན་ཡིན་པ་ཡིད་ཆེད་གཙང་མ་ཡོད། གང་ལ་ཞུས་ན་ཁོང་ནས་གནས་ཚུལ་དེ་རིགས་རྫུན་བཟོ་གནང་དགོས་དོན་མེད། ལྷན་རྒྱས་ནས་དཔྱད་པར་འཚལ།

    Reply
  6. བོད་དགའ། says:
    ལོ་ 13 སྔོན།

    ཆཱང་རིགས་དེ་སྔོན་མ་བོད་རྒྱལ་པོའི་སྐབས་སུ་མཐའ་འཚམས་སྲུང་བའི་བོད་དམག་ལས་ཆད་པའི་གཏམ་རྒྱུད་ཅིག་མཐོང་མྱོང་ཡོད། བྱས་རྩང་ཆཱང་རིགས་དེ་བོད་རིགས་ལས་ཆད་པའི་མི་རིགས་ཞིག་ཡིན་ཚོད་འདུག འོན་ཀྱང་ད་ལྟའི་ང་ཚོས་བོད་ཆོལ་ཁ་གསུམ་ཞེས་བཤད་པའི་ཁོངས་ཀྱི་བོད་རིགས་དེ་མ་ཡིན་པར་འདོད།
    གང་ལྟར་རྒྱ་གཞུང་གིས་མིག་འབེན་དུ་བཟུང་བའི་གྲངས་ཉུང་མི་རིགས་ཞིག་གི་གྲལ་ཡིན་སྟབས། རྟག་ཏུ་དཀའ་ངལ་འོག་སྡོད་དགོས་མཁན་ཞིག་ཡིན་པ་ནི་གདོན་མི་ཟ།

    Reply
  7. ཨ་མའི་བྱེ་རྡོ། says:
    ལོ་ 13 སྔོན།

    ༄།ཆང་རིགས་ཟེར་བ་དེ་སྔོན་མ་བོད་རིགས་ཡིན་པ་དང་ཕྱིས་སུ་རྒྱས་མི་རིགས་གསར་བ་ཞིག་ཏུ་བཟོས་པ་ཡིན་ཚུལ་ཨ་ཁུ་དམུ་དགེ་བསམ་གཏན་ཚང་གིས་གསུང་བ་ཞིག་དྲན་མོད། ད་ལྟ་དཔེ་ཆ་གང་ཡིན་སོགས་མ་རྙེད་པས་དཔྱད་གཞིར་ཕུལ།

    Reply
  8. གོང་ཐུབ། says:
    ལོ་ 13 སྔོན།

    ཆང་རིགས་ཞེས་(ཆིང་རིགས་ཅེས་ཀྱང་འབྲི། ) པའི་ཐ་སྙེད་དེ་དང་ཐོག་སུས་བཟོས་རེད། རྒྱ་རོང་བ་བོད་པ་མ་རེད་དམ། རྒྱལ་སྤྱིའི་རླུང་བརྙན་འཕྲིན་མང་ཆེ་བའི་འགོ་བརྗོད་དུ་བོད་དང་རྒྱ་མིའི་དབར་འཁྲུག་འཛིང་ཞེས་གསར་འགྱུར་ཁྱབ་ཤོས་ལ་ཆགས་འདུག

    Reply
  9. TenzinSonam says:
    ལོ་ 13 སྔོན།

    གསར་འགྱུར་ཡག་པོ་བྲིས་གནང་འདུག གསར་འགོད་པ་ཐུགས་རྗེ་ཆེ། གནས་ཚུལ་འདི་བརྒྱུད་ལམ་གཞན་མང་པོ་ཞིག་ན་་ཁྱབ་ཀྱི་འདུག་ནའང་གསལ་བོ་གཅིག་ཀྱང་མི་འདུག

    Reply
  10. སྒྲོལ་དཀར་མཚོ། says:
    ལོ་ 13 སྔོན།

    ང་རང་འོད་ཟེར་གྱི་སྐད་ཆ་ལ་ཡིད་ཆེས་བརྒྱ་ཆའི་བརྒྱ་ཐམས་པ་ཡོད། མོ་རང་ནམ་རྒྱུན་པེ་ཅིང་དུ་སྡོད་མཁན་རེད། རྒྱ་ནག་གི་གྲོང་ཁྱེར་ཁག་ནང་རྒྱ་མི་དང་གྲངས་ཉུང་མི་རིགས་གཞན་དག་གིས་བོད་ཡིན་ཟེར་ནས་བོད་ཀྱི་མང་ཐོག་ནས་ཁེ་བཟང་ལེན་གྱི་ཡོད་པ་རེད། རྒྱ་གར་དང་བལ་ཡུལ་ནུབ་ཕྱོགས་ཁག་བཅས་སུ་བལ་ཡུལ་དང་དེ་མིན་གྱི་མི་རིགས་མང་པོ་ཞིག་གིས་བོད་ཡིན་མདོག་མདོག་གིས་ཁེ་བཟང་ལེན་གྱི་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese