མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་གཅེན་རྒྱལ་ལོ་དོན་གྲུབ་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ།

བོད་ཀྱི་དུས་བབ།
༢༠༡༣/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ པའི་སྟེང་སུད་སི་ས་གནས་མདོ་སྨད་རྒྱུན་ལས་སྐབས་བརྒྱད་པའི་གོ་སྒྲིག་འོག སུད་སི་ས་གནས་ཨེན་སི་རྡན(EInsieden)ཞེས་པ་རུ། ༼ སུད་སི་མདོ་སྨད་མི་མང་གི་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་ཐེངས་དང་པོ ༽ ཞེས་པ་བཀའ་བློན་ཁྲི་ཟུར་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་འབུལ་ལམ་ཞུས་པའི་མཛད་སྒོ་ཞིག་འཚོགས་ཡོད་འདུག

མཛད་སྒོའི་སྟེང་སུད་སིའི་སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་མཆོག་དང་། སུད་སི་དང་ལེཀ་ཊེན་སིཊ་བོད་རིགས་མི་མང་གི་ཚོགས་གཙོ་གང་གཞི་ཚང་བློ་བཟང་། གཞན་སུད་སིའི་ཆོལ་ཁ་གསུམ་གྱི་ཚོགས་གཙོ་རྣམ་པ་དང་། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ཚོགས་གཙོ། ཧྥི་རན་སི་དང་འཇར་མན་ནས་ཕེབས་པའི་མདོ་སྨད་མི་མང་། སུད་སིར་གནས་སྡོད་མདོ་སྨད་མི་མང་བཅས་མི་མང་ ༡༠༠ ལྷག་ལྷན་འཛོམས་གནང་ཡོད་འདུག

སུད་སིའི་མདོ་སྨད་རྒྱུན་ལས་སྐབས་བརྒྱད་པའི་ཚོགས་གཙོ་འཇམ་དཔལ་བཀྲ་ཤིས་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ད་རེས་ཀྱི་གཟེངས་རྟགས་སྤྲོད་པའི་མཛད་སྒོ་དེ་ནི་སུད་སིའི་མདོ་སྨད་རྒྱུན་ལས་སྐབས་བརྒྱད་པའི་ཚོགས་ཆེན་ཐེངས་དང་པོ་དང་བསྟུན་ཏེ་ཚོགས་པ་ཞིག་ཡིན་ཞིང་། དེ་སྔོན་གྲོས་བསྡུར་རིམ་སོང་ལྟར། བོད་པའི་ཉེ་རབས་དཀའ་སྡུག་གཉན་འཕྲང་གི་ལོ་རྒྱུས་ཁྲོད་མཛད་རྗེས་རླབས་ཆེན་སྐྱོང་མཁན་བོད་ཀྱི་སྲིད་ཞུ་བ་ཞིག་ལ་བཀའ་དྲིན་རྗེས་དྲན་མཚོན་ཕྱིར་གསེར་གྱི་གཟེངས་རྟགས་འབུལ་གཏན་ཁེལ་བ་ལྟར། ཡུ་རོབ་གནས་སྡོད་མདོ་སྨད་ཕྱོགས་ཀྱི་ཤེས་ཡོན་པ་དང་རྒན་རབས་པ་མང་པོས་འོས་འདེམས་བརྒྱུད་གཟེངས་རྟགས་འབུལ་ཡུལ་གཏན་ཁེལ་གནང་བ་ཞིག་ཡིན་འདུག  
ཁོང་གིས་མུ་མཐུད་དུ་བརྗོད་དོན།
“ ཐོག་མར་གཟེངས་རྟགས་འབུལ་ཡུལ་གྱི་འོས་གཞི་ ༤ མིང་འདོན་བྱས་པའི་ཁྲོད། འོས་ཐོབ་མང་ཤོས་ཨང་དང་པོ་བཀའ་བློན་ཁྲི་ཟུར་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དང་། ཨང་གཉིས་པ་ཨ་མ་རྗེ་བཙུན་པད་མ་མཆོག ཨང་གསུམ་པ་ཞིང་གཤེགས་དམ་པ་ཨ་ལག་འཇིགས་མེད་མཆོག ཨང་བཞི་པ་བཀའ་ཀིརྟི་རིན་པོ་ཆེ་མཆོག་བཅས་ཆགས་ཡོད་སྟབས། གསེར་གྱི་གཟེངས་རྟགས་ཐེངས་དང་པོ་དེ་སྐུ་ངོ་མཆོག་ལ་འབུལ་ལམ་ཞུ་གཏན་ཁེལ་བ་རེད ” ཅེས་ངོ་སྤྲོད་གནང་ཡོད་འདུག 

གཟེངས་རྟགས་དེ་སྐུ་གཅེན་རྒྱལ་ལོ་དོན་གྲུབ་མཆོག་ལ་འབུལ་དགོས་པའི་རྒྱུ་མཚན་ནི། དཀའ་སྡུག་རྙོག་འཛིང་ཧ་ཅང་ཆེ་བའི་བོད་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་ས་དབང་མཆོག་གིས་སྐུ་ཚེ་ཧྲིལ་བོར་བོད་བསྟན་སྲིད་མི་རིགས་ཆེད་སྐུ་ངལ་དང་མཛད་རྗེས་རླབས་ཆེན་བཞག་པར་མདོ་སྨད་མི་མང་གིས་ངོས་འཛིན་དང་མ་འོངས་ལོ་རྒྱུས་ནང་གཟི་བརྗིད་ལྡན་པའི་མཛད་རྗེས་གནས་ཐུབ་པའི་ཆེད་དུ་ཡིན་ཚུལ་བརྗོད་འདུག

ཐོག་མར་གཟེངས་རྟགས་གོ་སྒྲིག་པ་ཚོས་ས་དབང་མཆོག་ཉིན་དེའི་མཛད་སྒོ་སྟེང་གདན་འདྲེན་ཞུས་ཡོད་ཀྱང་། དགུང་ནའི་བབ་དང་གཟུགས་གཞི་བདེ་མིན་གྱི་དབང་གིས་ཕེབས་མ་ཐུབ་སྟབས། ད་རེབ་ཀྱི་གཟེངས་རྟགས་དེ་སུད་སིར་གནས་སྡོད་ཨ་ཁུ་གཅོད་པ་ཐར་ལགས་ཀྱིས་ས་དབང་མཆོག་གི་ཚབ་བྱས་ཏེ་བཞེས་ཡོད་འདུག  

སྐུ་གཅེན་རྒྱལ་ལོ་དོན་གྲུབ་མཆོག་གིས་ཐེངས་འདིའི་མཛད་སྒོའི་སྟེང་ཆེད་དུ་བཀའ་སློབ་བརྙན་པར་ཐུང་ངུ་ཞིག་གནང་ཡོད་པའི་ནང་། “ ཐེངས་འདིར་གཟེངས་རྟགས་འབུལ་མཁན་རྣམས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ལྷག་དོན་ཁྱེད་རྣམས་ཀྱིས་བོད་སྤྱི་བའི་ལས་དོན་ཐད་འགན་བླངས་ཏེ་འདི་ལྟ་བུའི་གཟེངས་རྟགས་མཛད་སྒོ་ཞིག་གོ་སྒྲིག་གནང་བ་ཧ་ཅང་ཡག་པོ་རེད། ང་མཛད་སྒོ་དེར་བཅར་འདོད་ཆེན་པོ་བྱུང་ཡང་། ལོ་ནའི་བབ་དང་གཟུགས་པོའི་གནས་སྟངས་ཀྱི་དབང་གིས་བཅར་མ་ཐུབ་པར་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན” ཞེས་དང་། ཁོང་གིས་མུ་མཐུད་དུ། “ སྤྱིར་བོད་ཀྱི་དཀའ་ངལ་འདི་ནི་༧གོང་ས་བཅུ་གསུམ་པ་མཆོག་སྐུ་གཤེགས་པའི་རྗེས་སུ་བོད་གཞུང་གི་མཛད་གཙོ་རྣམས་ཀྱིས་རྒྱ་ནག་གི་གནས་སྟངས་མ་མཁྱེན་པ་དང་། རྒྱ་གར་གྱི་གནས་སྟངས་མ་མཁྱེན་པ། རྒྱལ་སྤྱིའི་གནས་སྟངས་མ་མཁྱེན་པ། ཐ་ན་བོད་རང་གི་སྐབས་བབ་གནས་སྟངས་ཀྱང་མ་མཁྱེན་པའི་དབང་གིས། གཞུང་ཤག་ནང་ཁུལ་བར་འཁྲུག་འཛིང་འཐེན་ཁྱེར་བྱས་པ་ལ་བརྟེན་ནས་བྱུང་བ་དང་། ལྷག་དོན་༧གོང་ས་བཅུ་གསུམ་པ་མཆོག་གི་ཞལ་གདམས་ནང་། ང་ཚོ་བོད་པ་རྣམས་ཀྱིས་ཡག་པོ་མ་བྱས་པ་ཡིན་ན། ནམ་ཞིག་ཉིན་མཚན་མི་འཁྱོལ་བའི་དཀའ་ངལ་ཞིག་ཡོང་ངེས་པའི་བཀའ་སློབ་གནང་བ་ལྟར། སྐབས་ཐོག་དེའི་བོད་པ་ཚོས་གནས་སྐབས་ཀྱི་ཕྱོགས་ཞེན་ཙམ་ལ་མགོ་འཁོར་ཏེ་བསྡད་སྟབས། ང་ཚོའི་མགོ་ཐོག་ལ་ཉིན་མཚན་མ་འཁྱོལ་བའི་དཀའ་ངལ་ཞིག་དངོས་སུ་ཡོང་བ་རེད” ཅེས་གསུངས་འདུག

ས་དབང་ཆེན་པོ་མཆོག་གིས་མུ་མཐུད་དུ། “ ཐེངས་འདིར་ཁྱེད་རང་ཚོས་ང་ལ་ཆ་འཇོག་འདྲ་ཞིག་བྱས་ཏེ་ངས་ལས་ཀ་རླབས་ཆེན་ཞིག་བྱས་འདུག་ཟེར་ནས་རྗོད་ཀྱི་ཡོད་པ་རེད། ཡིན་ནའང་ངས་ཅི་ཡང་འཇོན་ཡོད་པ་མ་རེད། ངས་མི་ཚེ་ཧྲིལ་བོར་ལྷག་བསམ་རྣམ་དག་བྱས་ནས་ལས་ཀ་ཆུང་ཚག་རེ་བྱས་པ་དེ་ངའི་ལས་འགན་རེད། ཁྱད་པར་དུ་ལས་ཀ་བྱེད་མཁན་ང་གཅིག་པུ་མ་རེད། ང་ཚོ་ཚང་མས་དཀའ་ལས་མང་པོ་བརྒྱབ་པ་རེད་ལ། དཀའ་ལས་རྒྱག་མཁན་མང་པོ་ཞིག་ནི་ད་ལྟ་གཤེགས་ཚར་བ་རེད། ཡིན་ནའང་ང་ད་དུང་མ་ཤི་བར་བསྡད་ཡོད་པའི་སྐབས་འདིར། ང་ཚོས་ཕྱི་ལོ་ ༡༩༣༦ ལོ་ནས་བོད་དོན་ཆེད་སོ་སོས་གང་འཇོན་ལྟར་ལས་ཀ་བྱས་པའི་བརྗེད་ཐོ་ཞིག་བྲིས་ནས་ཚར་ཡོད། དེ་མི་འགྱངས་བར་ཁྱོད་ཚོས་གཟིགས་ཐུབ་གྱི་རེད། དེ་བས་ཁྱེད་རང་ཚོས་དེར་གཟིགས་ན་མང་པོ་ཞིག་དེ་ནས་ཤེས་ཡོང་གི་རེད” ཅེས་གསུངས་ཡོད་འདུག  

སུད་སིའི་སྐུ་ཚབ་དོན་གཅོད་མཆོག་གིས་གསུངས་བཤད་གནང་དོན། “ ལྷ་སྲས་སྐུ་ངོ་མཆོག་ཁྱེད་རང་ངོ་མཇལ་ཡོད་མེད་གསལ་བོ་མི་ཤེས་ཀྱང་། ང་རང་ངྷལ་ཧོར་སློབ་གྲྭར་འགྲོ་སྐབས། སྐུ་ངོ་མཆོག་ལ་ཐེངས་མང་པོ་མཇལ་མྱོང་ཡོད། སྐུ་ངོ་མཆོག་བོད་ཀྱི་རྩ་དོན་ཐོག་ལྷག་བསམ་རྣམ་དག་དང་། སེམས་ཤུགས་ཧ་ཅང་ཆེན་པོ་ཡོད་མཁན་ཞིག་ཡིན་པ་མ་ཟད། སྐུ་ན་ཆུང་དུས་ནས་བོད་དོན་ཐད་འགན་ཁུར་བླངས་ཏེ་མཛད་རྗེས་རླབས་ཆེན་བཞག་གནང་ཡོད་པ་རེད། ལྷག་པར་དུ་ཨ་རིའི་གསང་བའི་ལས་ཁུངས་དང་རྒྱ་གར། ཡུ་རོབ། མཉམ་འབྲེལ་རྒྱལ་ཚོགས་སོགས་སུ་འབྲེལ་བ་གནང་སྟེ་བོད་དོན་རྒྱལ་སྤྱིའི་སྒང་ལ་སྐྱེལ་བའི་ཕྱག་ལས་དང་པོ་དེ་གནང་ཡོད་པ་རེད། དེ་བཞིན་ཡབ་གཞིས་སྐུ་འཁོར་ཚང་མས་བོད་ཀྱི་དཀའ་ངལ་ཐད་འགན་རླབས་ཆེན་བཞེས་གནང་བ་སོགས་ནི་ང་ཚོས་བཀའ་དྲིན་རྗེས་དྲན་བྱ་འོས་པ་ཞིག་རེད” ཅེས་གསུངས་འདུག  

དེའི་རྗེས་སུད་སི་དང་ལེཀ་ཊེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་སྐོར་ལ། སྐུ་ངོ་མཆོག་གི་ལོ་རྒྱུས་དང་འབྲེལ་བའི་གསུང་བཤད་ནང་གསལ་དོན། སྐུ་ངོ་མཆོག་གིས་བོད་ཀྱི་ཉེ་རབས་ལོ་རྒྱུས་ནང་མཛད་རྗེས་རླབས་ཆེན་བཞག་ཡོད་པ་ནི་ང་ཚོས་བཀའ་དྲིན་རྗེས་དྲན་བྱེད་འོས་པ་ཞིག་དང་། ལྷག་དོན་རྒྱལ་སྤྱིའི་ནང་བོད་དོན་ཆེད་ཕྱག་ལས་མང་པོ་གནང་བ་སོགས་ནི་ང་ཚོས་བཀའ་དྲིན་ཞུ་འོས་པ་ཞིག་རེད་ཅེས་སོགས་གསུངས་འདུག

གཞན། མཛད་སྒོ་དེ་དང་འབྲེལ་ཏེ་མདོ་སྨད་ས་རྒྱུན་ངོས་ནས་སུད་སིའི་ནང་ཡོད་པའི་བོད་པའི་བྱིས་པ་རྣམས་ལ་བོད་སྐད་ཡིག་ལ་དོ་སྣང་ཡོང་ཆེད། ས་གནས་མདོ་སྨད་ཀྱི་རང་ལོ་ ༡༦ མན་གྱི་བྱིས་པ་ཚོར་ཕ་སྐད་འགྲན་བསྡུར་གྱི་ལས་འགུལ་ཞིག་སྤེལ་ཡོད་འདུག

ཚེས་ ༡༩ ཉིན་སུད་སིའི་ས་གནས་མདོ་སྨད་རྒྱུན་ལས་སྐབས་བརྒྱད་པའི་ལོ་གསུམ་རིང་གི་རྩིས་ཁྲ་རྩིས་ལེན་དང་སྐབས་དགུ་བའི་རྒྱུན་ལས་གསར་འདེམས་བཅས་གནང་ཡོད་འདུག ཐེངས་འདིར་རྒྱུན་ལས་ ༥ བདམས་ཐོན་བྱུང་ཡོད་པ་དག་ནི། ཧ་ཀ་ཚང་ཚེ་རིང་དབང་རྒྱལ་དང་ཕུར་བུ་མེ་མེ་སོའོ་ཧྥར། མདང་རྩེ་ཚང་བསོད་ནམས་བརྟན་པ། དཀོན་མཆོག་བཀྲ་ཤིས། བློ་བཟང་བཅས་ཡིན་འདུག སུད་སི་ས་གནས་མདོ་སྨད་རྒྱུན་ལས་ཁང་དེ་ནི་ཕྱི་ལོ་ ༡༩༨༦ ཟླ་ ༥ ཚེས་ ༢༣ ཉིན་དབུ་བརྙས་པ་ཞིག་ཡིན་པ་དང་། ༡༩༩༣ ལོའི་ཟླ་ ༤ ཚེས་ ༢༩ ཉིན་སུད་སི་གཞུང་གི་ཁྲིམས་ལུགས་ལྟར་དེབ་སྐྱེལ་ཡོད་འདུག

           

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 21

  1. གཡག says:
    ལོ་ 12 སྔོན།

    བོད་དོན་བློས་བཏང་མཁན་མང་པོ་ཞིག་ཡོད་དང་ཡོད།ཆོལ་གསུམ་ཅིག་སྒྲིག་གི་འོས་གཞི་ཞིག་འདོན་ནས་བྱས་རྗེས་རླབས་ཆེན་བཞག་མཁན་གནང་ལ་གཟེངས་རྟགས་ཞིག་ཕུལ་པ་ཡིན་ན་དཔེ་མི་སྲིད་ཡག་པོ་འདུག་སྙམ།

    Reply
  2. རྒྱ་ཞིང་མྱི་དཀར says:
    ལོ་ 12 སྔོན།

    གོང་ནས་མི་ཁ་ཤས་ཞིག་གིས་ལོ་རྒྱས་ལ་འཁྱོག་བཤད་དང་ཆོས་ལུགས་དང་ཆོལ་ཁའི་ཕྱོགས་ཞེན་སོགས་ཀྱིས་ཀུན་ནས་བསླང་ནས་ཚིག་ངན་སྐྱོན་བརྗོད་དམའ་འབེབ་གུས་མེད་སྐུར་འདེབས་སོགས་ཀྱི་སྒོ་ནས་གཏམ་གླེང་མང་པོ་བྱས་སོང་ཡིན་ན་ཡང་གནས་ལུགས་དང་བདེན་ཚིག་དྲང་གཏམ་སོགས་ལས་ལྡོག་དེ་ཕྱོགས་ཞེན་གྱི་སྐད་ཆ་རྐྱང་རྐྱང་གླེང་སོང་བས་བློ་ཕམ་ཧ་ཅང་ཡོད་རྒྱུ་མཚན་བོད་མི་རིགས་ཀྱི་ཆེད་དུ་འཛེམ་དོགས་མེད་བར་མི་ཚེ་བསྐྱེལ་ནས་མཐའ་འཆོལ་བའི་མི་བུ་ཞིག་ལ་མཚོན་ན་རང་མི་རིགས་དང་སྤུན་ཟླའི་རང་ཉིད་ལ་ཡིད་ཆེས་དང་རྒྱབ་སྐྱོར་མ་བྱེད་ན་རང་ཉིད་ཀྱིས་བསྒྲུབ་འདོད་བའི་བྱ་བ་གང་ཡོད་ལམ་འགྲོ་མི་ཡོང་བ་རྟན་ཁེལ་བ་རེད་་་་་་དཔེར་ན་རྒྱལ་བློན་མཆོག་གི་མི་རིགས་ཀྱིས་ཆེད་དུ་ཕྱག་ལས་གནང་བའི་ནང་ཕལ་ཆེ་བ་དེ་འདྲ་ཞིག་དུ་གྱུར་བ་རེད་་་་ཡང་ཅིག་བཤད་ན་ཅི་ཁག་སྐབས་དེ་དུས་ཞིག་ལ་མཚོན་ན་ཁ་མ་གཏོགས་ཚང་མ་ཡིག་རྨོངས་བ་རྐྱང་རྐྱང་རེད་དབང་ཡོད་དང་གོ་ས་མ་གཏོགས་མི་ཤེས་བའི་བླུན་རྒན་རྐྱང་རྐྱང་རྒྱལ་བློན་མཆོག་ལ་ཅི་ཁག་་་ད་དུང་བླུན་རྒན་དེ་དག་གི་བག་ཆགས་ཀྱིས་བསླད་བླུན་ཕྲུག་ར་ཟུང་ཡོད་པ་འདྲ་སྙིང་རྗེ།

    Reply
  3. རྒྱ་ཞིང་མྱི་དཀར says:
    ལོ་ 12 སྔོན།

    བཀུར་བར་འོས་བའི་སྐུའི་གཅེན་པོ་རྒྱལ་བློ་དོན་འགྲུབ་མཆོག་ལ་བཀྲིས་བདེ་ལེགས་གྲངས་མེད་ཞུ།

    Reply
  4. བསྟན་ཆོས། says:
    ལོ་ 12 སྔོན།

    སོག་ཚའི<བོད་ལྗོངས>ལ་འགྲེལ་བཤད་གནང་བར་བཀའ་དྲིན་ཆེ་ཡང། དེ་དུས་ཀྱི་བོད་ལྗོངས་དེ་ཆོལ་ཁ་གསུམ་པོ་ཡིན་དེ་ཕར་སྤྲོད་རྒྱུ་ཡིན་ཚུལ་གསུང་ཨེ་ཡོད་ལ།

    Reply
  5. རྒོད། says:
    ལོ་ 12 སྔོན།

    བསྟན་ཆཽས་ལགས།
    ངས་བསམ་ཚུལ་དང་མཐུན་པ་བྱུང་ནས་ངས་དཔར་ལོག་རྒྱག་ནས་དྲྭ་ཚིགས་འདིར་ཐོག་བཀོད་བཞག་ཞིག་ལས་གཞན་གང་ཡང་མེད།
    ངས་བསམ་པ་ཁྱེད་རང་འདིར་ཐོག་ལ་ཡ་མཚན་སྐྱེས་དགོས་པ་གང་ཡང་མཐོང་མ་སོང།

    Reply
  6. འབྲོང་བུ་སོག་ཚ། says:
    ལོ་ 12 སྔོན།

    དྲྭ་གྲོགས་བསྟན་བཅོས་ལགས། སྐབས་དེར་བོད་ལྗོངས་ཞེས་པར་ཁྱེད་ཀྱི་མ་མཁྱེན་ན། དེ་ཡི་ཚེ་དེའི་དུས་ཁོང་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཡིན་པ་དང། མ་ཟད་བཙན་བྱོལ་བོད་གཞུང་དེ་ཆོལ་ཁ་གསུམ་ལས་གྲུབ་པའི་དམངས་གཙོའི་སྒྲིག་འཛུགས་ཤིག་ཡིན་པར་བརྟེན། ཆོལ་གསུམ་གྱི་ས་ཁུལ་ནས་མ་ཡིན་པར་གཞན་རྒྱའི་ས་ཆ་སྤྲད་པའི་ཐོབ་ཐང་ཁོང་ལ་མེད་པས། རྒྱུ་མཚན་དེ་འདྲ་ལ་བརྟེན་ནས་རོབ་ཙམ་བཤད་པ་ཡིན།

    Reply
  7. བསྟན་ཆོས། says:
    ལོ་ 12 སྔོན།

    ཡང་རྐུ་དང་རྐུན་མ་གཉིས་ལགས། “ཁོ་རང་བཀའ་བློན་ཁྲི་པ་བྱས་སྐབས་ཁེ་ན་ཌར་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་ (Give and Take) ཕར་སྤྲད་ཚུར་ལེན་ཞེས་གོང་གསལ་ལྟས་ངན་ ༨༡ གི་ལོ་རྒྱུས་ལ་གཞི་བཅོལ་བའི་བོད་ལྗོངས་བློས་བཏང་གི་གཏམ་བཤད་བྱས་པའི་རྟགས་མ་ཡིན་འགྲོ།” ཞེས་པའི་དྲ་བྱང་བསྐུར་རོགས་ཞུའོ།།

    Reply
  8. བསྟན་ཆོས། says:
    ལོ་ 12 སྔོན།

    མིག་སོག་ལགས། “ཕར་སྤྲོད་ཚུར་ལེན་གྱིས་བོད་ལྗོངས་བློས་བཏངས”སྟངས་ཇི་ལྟར་ཡིན་ནམ། སྐབས་འདིའི་བོད་ལྗོངས་ཞེས་པ་ངེས་འཛིན་གནང་ནས་ཅིག་གསུང་རོགས་ཞུ

    Reply
  9. བསྟན་ཆོས། says:
    ལོ་ 12 སྔོན།

    མིག་གིས་འབྲོང་བུ་སོག་ཚ་ལ་རྐུ་བྱས་འདུག རྐུན་མ་དང་རྐུན་མགོ་མི་ནོན་པ་གཉིས། ཧཧ།

    Reply
  10. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 12 སྔོན།

    གངས་ཅན་ཆོས་ལྡན་རིགས་པའི་ཕ་ས་ནས།
    ཆོས་མེད་ལྟ་བ་ཁྱེར་མཁན་ཕོ་རྒོད་ཁྱེད་།།
    གསེར་གཟིགས་ཕྱག་ཏུ་སྲིད་དོན་འདིར།།
    གུས་པ་འོས་པའི་ཤེས་ཚིག་འདི་ལྟར་ཐོར་།།

    ཁ་བ་རིགས་པའི་ས་ཁམས་གཙང་མིའི་ནང་།།
    རིགས་པའི་གཞུང་ལུགས་མོའི་རྗེས་དྲངས་པ།།
    ཕ་རྒྱུད་དབུས་ཡིན་མ་རྒྱུད་ཨ་མདོ་བ།།
    གླང་དར་གཉིས་པ་ཁྱེད་ལ་འོས་པ་མཐོང་།

    ཨ་མདོ་ཁྲ་མོའི་རྣམ་ཤེས་གསེར་ལ་འགྱུར།།
    གུང་ཐང་ཚང་གི་གཟི་འོད་དེ་རིང་འདོན།།
    དགྲ་བོའི་གདོང་ལ་གུས་པ་བྱེད་མཁས་ལྷ།།
    མི་ལོ་འདི་དག་ལོ་རྒྱས་ཁྱེད་ཀྱིབསྐྲུན།

    Reply
  11. རྒོད། says:
    ལོ་ 12 སྔོན།

    ཧ་ཧ།ངེད་བསམ་པ་སྐུ་ཞབས་ཨབ་བྷ་མྭ་ཡི་གཟེངས་རྟགས་གནང་པ་རེད་བསམ་བྱུང།
    དེ་རེད་མི་འདུག་ག
    ངོ་མ་གསེར་གྱི་གཟེངས་རྟགས་དེ་རྫིག་པོ་བཟོས་འདུག་ག
    ང་ལ་དེ་འདྲའི་་ཞིག་བཟོ་རོགས།གངས་སེང་ཡོད་པ་ཞིག་བཟོ་རོགས།
    གང་ལྟར་གསེར་མང་པོ་ཞིག་ཡོད་པ་འདྲ།
    བེད་སྤྱོད་གཏོང་བའི་དུས་ཚོད་རེད།

    Reply
  12. མིག says:
    ལོ་ 12 སྔོན།

    ལྟས་ངན་ ༨༡ ལོར་ཏིང་ཞའུ་ཕིང་གིས་མགོ་སྐོར་འོག་ཚུད་དེ་ད་ལྟའང་ལང་རྒྱུ་མེད་པ་ཟོས་པ་དང་གཅིག ཁོ་རང་བཀའ་བློན་ཁྲི་པ་བྱས་སྐབས་ཁེ་ན་ཌར་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་ (Give and Take) ཕར་སྤྲད་ཚུར་ལེན་ཞེས་གོང་གསལ་ལྟས་ངན་ ༨༡ གི་ལོ་རྒྱུས་ལ་གཞི་བཅོལ་བའི་བོད་ལྗོངས་བློས་བཏང་གི་གཏམ་བཤད་བྱས་པའི་རྟགས་མ་ཡིན་འགྲོ། ཧ་ཧ།
    རྐུན་མ་ལ་དཔའ་དར་དང་། སྤྱང་ཀི་ལ་ཚེ་ཐར་ཞེས་པའི་དཔེ་ལས་མ་འདས། དྲྭ་གྲོགས་ཚོ་ཕེབས་དང་། ཁོས་བོད་ཀྱི་ལོ་རྒྱུས་ནག་པོ་ཟོས་པའི་བྱུང་རིམ་ཁག་བཤད་རྒྱུ་ཡོད་པས་ང་ཚོ་ལྟས་མོ་ལྟ་ཆོག

    Reply
  13. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    སིད་སི་མ་རེད། སུད་སི་རེད།

    Reply
  14. Dawai Shonu says:
    ལོ་ 12 སྔོན།

    རང་རང་གིས་གཟེངས་རྟགས་བཟོས། རང་རང་གི་ལུང་ཚན་མི་ལ་ཕུལ ། ལུང་ཚན་ཤོག་ཁག་ཕྱོགས་ལྷུང་གི་སྤྱོད་ངན།

    Reply
  15. ཧོར་བུ་ཡེ་ཤེས says:
    ལོ་ 12 སྔོན།

    ཚོགས་པ་གཞན་དང་རྒྱལ་ཁབ་གཞན་ནི་ཕུལ་མཁན་མེད །དེ་ནི་ལོ་རྒྱུས་ཤེས་མཁན་མང་བ་རེད། ངོ་མ་ལོ་རྒྱུས་ནང་བཞག་འདོད་ཡོད་ན་ཨ་མ་རྗེ་བཙུན་པདྨ་ལ་ཕུལ་ན་དོན་དང་ལྡན་པ་ཞིག་རེད །

    Reply
  16. ཧོར་བུ་ཡེ་ཤེས says:
    ལོ་ 12 སྔོན།

    ད་གཞན་ཕུལ་མཁན་མེད་དུས་དེ་འདྲ་ཞིག་བྱས་རྒྱུ་རང་རེད །ལོ་རྒྱུས་ང་ཚོས་ཀྱང་ཅུང་ཙམ་ཤེས་དེ་ལས་ཨ་མ་རྗེ་བཙུན་པདྨ་ལ་མ་ཕུལ་བ་དེ་ངོ་མ་མཁན་འཚར་རེད།་དེ་ནི་དྲང་བདེན་ཞིག་མིན་པ་སྲིད་བྱོས་ཤིག་ཡིན་ཁུལ་རང་རེད །

    Reply
  17. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་འོས་གཞི་ ༤ མིང་འདོན་བྱས་པའི་ཁྲོད། འོས་ཐོབ་མང་ཤོས་ཨང་དང་པོ་བཀའ་བློན་ཁྲི་ཟུར་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དང་། ཨང་གཉིས་པ་ཨ་མ་རྗེ་བཙུན་པད་མ་མཆོག ཨང་གསུམ་པ་ཞིང་གཤེགས་དམ་པ་ཨ་ལག་འཇིགས་མེད་མཆོག ཨང་བཞི་པ་བཀའ་ཀིརྟི་རིན་པོ་ཆེ་མཆོག་བཅས་ཆགས་ཡོད་་་་་་་ཟེར།

    Reply
  18. རྩྭ་ཐང་གི་གླག་རྒོད། says:
    ལོ་ 12 སྔོན།

    སྐུ་གཅེན་རྒྱལ་ལོ་དོན་གྲུབ་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་པར་རྟེན་འབྲེལ་ཞུ

    Reply
  19. འབྲོང་བུ་སོག་ཚ། says:
    ལོ་ 12 སྔོན།

    ལྟས་ངན་ ༨༡ ལོར་ཏིང་ཞའུ་ཕིང་གིས་མགོ་སྐོར་འོག་ཚུད་དེ་ད་ལྟའང་ལང་རྒྱུ་མེད་པ་ཟོས་པ་དང་གཅིག ཁོ་རང་བཀའ་བློན་ཁྲི་པ་བྱས་སྐབས་ཁེ་ན་ཌར་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་ (Give and Take) ཕར་སྤྲད་ཚུར་ལེན་ཞེས་གོང་གསལ་ལྟས་ངན་ ༨༡ གི་ལོ་རྒྱུས་ལ་གཞི་བཅོལ་བའི་བོད་ལྗོངས་བློས་བཏང་གི་གཏམ་བཤད་བྱས་པའི་རྟགས་མ་ཡིན་འགྲོ། ཧ་ཧ།
    རྐུན་མ་ལ་དཔའ་དར་དང་། སྤྱང་ཀི་ལ་ཚེ་ཐར་ཞེས་པའི་དཔེ་ལས་མ་འདས། དྲྭ་གྲོགས་ཚོ་ཕེབས་དང་། ཁོས་བོད་ཀྱི་ལོ་རྒྱུས་ནག་པོ་ཟོས་པའི་བྱུང་རིམ་ཁག་བཤད་རྒྱུ་ཡོད་པས་ང་ཚོ་ལྟས་མོ་ལྟ་ཆོག

    Reply
  20. སྤེན་པ། says:
    ལོ་ 12 སྔོན།

    1959 ལོར་རྒྱ་དམག་གིས་ལྷ་སའི་སྐུ་དྲག་རྣམ་དང་བསྟན་སྲུང་དང་བླངས་དམག་བཅས་ཀྱི་རྒྱབ་ནས་རྒྱ་ནག་གི་དམག་མིས་དེད་དེ་བོད་དང་རྒྱ་གར་གྱི་ས་མཚམས་ལ་སླེབས་སྐབས། རྒྱ་གར་ནང་ཡོང་རྒྱུར་རྒྱ་གར་གཞུང་གི་ཆོག་མཆན་མ་རེག་པར། གར་འགྲོ་འདིར་འགྲོ་མེད་པ་ཆགས་ཡོད་པ་མ་ཟད། དམག་ཆས་དང་མི་ལྟ་གཉིས་ཀྱི་ཟ་མ་ཡང་ཆད་དེ་སྟོད་ངོས་ཕྱོགས་ཀྱི་འབྲོག་པ་ཚོའི་ནང་དུ་འཕྲོག་བཅོམ་བྱེད་དང་ནང་ཁུལ་ནས་རྐུ་འཕྲོག་བྱེད་ཀྱིན་པའི་བོད་མི་འཆི་གསོན་གྱི་རྐང་མཚམས་ལ་ས་དབང་ལྷ་སྲས་མཆོག་གིས་རྒྱ་གར་གཞུང་དང་བཀའ་མོལ་བྱུང་དོན་བཞིན་བོད་མི་ཚོ་རྒྱ་གར་ནང་འཛུལ་ཆོག་པའི་ཆོག་མཆན་ཡི་གེ་དང་མི་རྟ་གཉིས་ལ་ཟ་མ་སོགས་གནམ་གྲུ་ནས་སར་གཡུགས་པ་རེད་ཟེར་བའི་ལྷ་སྒྲུང་ལྟ་བའི་ཡ་མཚན་གྱི་ལོ་རྒྱུས་མང་།

    Reply
  21. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    དང་པོ་བྱས་ནས་འཚམས་འདྲི་ཞུ་རུ་ཡོང་ཡོད། དཀར་ནག་གོ་ལྡོག་དང་ལས་འབྲས་དཔང་དུ་མི་འཇོག་པ། ཕྱོགས་སྒྲིལ་ངན་རུལ་ཆེ་བའི་འོབས་དུང་ནས་ལྷ་སྲས་རྒྱལ་དོན་དུ་འབོད་པས་དངོས་གནས་རང་དཀའ་ལས་རྒྱབ་ཡོད་པ་རེད། དཀའ་ལས་དེའང་བོད་སྤྱི་དང་༧རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་དང་ཁ་ཞེ་གཉིས་མེད་ཀྱིས་བསྟུན་དེ་མཛད་འཕྲིན་བླ་ལྷག་ཏུ་བསྐྱངས་ཡོད་པས། ཉེ་རབས་བོད་ཀྱི་ལོ་རྒྱུས་ནང་གི་རླབས་ཆེན་མི་སྣ་མགོ་མཇུག་གཙང་མའི་གྲས་ཤིག་ཁྱེད་རང་མིན་ན་སུ་ཡིན། དེ་འདྲ་ཡིན་པས། ཚེ་མཇུག་ནད་མེད་ཞི་ལྷོད་ཀྱིས་བསྐྱལ་ཐུབ་རྒྱུའི་སྨོན་ལམ་འདེབས་བཞིན་ཡོད།

    སིད་སིའི་གོ་སྒྲིག་པ་ཚོ་ལ་ཐུགས་རྗེ་ཆེ་འདོད་བྱུང་ལ། འདི་དང་འབྲེལ་ནས་ས་དབང་ཆེན་མོའི་སྐུ་ཚེའི་མཛད་འཕྲིན་སྐོར་རྩོམ་པ་པོ་རྣམས་ཀྱིས་རང་དབང་གིས་བྲིས་པའི་དེབ་ཅིག་ཕྱོགས་སྒྲིག་ཞུ་རོགས། རྩོམ་པ་པོ་རྣམས་ཀྱིས་བརྗོད་བྱ་སྐུ་ངོའི་མཛད་འཕྲིན་སྣ་མང། སྣ་གཅིག་ག་རེ་གདམ་གདམ་བྱས་ཏེ་འབྲི་རྒྱུར། དེ་ནས་རྩོམ་ཡོན་ཡང་གྱ་ནོམ་པ་ཞིག་སྤྲོད་རྒྱུར་རྒྱ་ཁྱབ་ཏུ་གསལ་བསྒྲགས་བཏང་ན་དངོས་གནས་མི་ལོ་མང་པོ་འདས་མཐའ་ནས་རིན་ཆེན་གསེར་ཏུ་འགྱུར་རྒྱུ་ལ་ཐེ་ཚོམ་ཞིག་གང་ནས་དགོས་བསམས་པས་འབོད་སྐུལ་འདིའང་ཆབས་གཅིག་ཞུའོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese