མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ཉེན་རྟོག་པར་རྩིས་སྤྲད་ཡོད།

བོད་ཀྱི་དུས་བབ།
༢༠༡༣/༠༥/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུཊ་བདེ་སྲུང་ལས་ཁུངས་ཀྱིས་རྒྱ་གཞུང་གིས་བཏང་བའི་གསང་མྱུལ་བ་སྤེན་པ་ཚེ་རིང་ཟེར་བ་ཞིག་འཛིན་བཟུང་བྱས་ཡོད་སྐོར་ཁྱབ་བསྒྲགས་བྱས་པའི་ཐད། དེ་རིང་འདི་གའི་གསར་འགོད་པས་བདེ་སྲུང་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་སུ་བཅར་འདྲི་ཞུས་ཡོད།

དྲུང་ཆེ་ལགས་སུ། བདེ་སྲུང་ལས་ཁུངས་ལ་སྤེན་པ་ཚེ་རིང་རྒྱ་གཞུང་གི་གསང་མྱུལ་བ་ཡིན་པའི་བདེན་དཔང་ཁུངས་སྐྱེལ་ཅི་ཙམ་ཡོད་མེད་དྲིས་པར། ཁོང་གིས་“ དེ་དག་ཕལ་ཆེ་བ་སྤེན་པ་ཚེ་རིང་ཁོ་རང་ལ་སྐད་ཆ་དྲིས་ཏེ་ཁོ་རང་གིས་ལབ་པ་རྐྱང་རེད། ‘རྒྱ་གཞུང་གིས་དེ་འདྲ་བྱས་ནས་ང་བཏང་སོང་། ལས་འགན་དེ་དག་སྤྲད་སོང’ ཞེས་ཁོ་རང་གིས་ལབ་པ་རེད། ཁོ་རང་གིས་བཤད་པ་ལྟར་བྱས་ན། ཁོ་རང་སྔོན་མ་བཙོན་ཁང་དུ་ཚུད་འདུག སྐབས་དེར་རྫོང་དཔོན་དང་ཉེ་རྟོག་པ་ཚོར་ཁ་རྩོད་ཤོར་འདུག དེ་ནས་ལིའི་གཡུས་ཆོན་ཟེར་བ་དེས་ཁྱོད་རང་བཙོན་ཁང་དུ་སྡོད་འདོད་མེད་ན་རྒྱ་གར་ལ་སོང་སྟེ་ལས་འགན་དེ་དག་བསྒྲུབ་དགོས་ཞེས་ཆེད་མངག་བཏང་བ་ཞིག་རེད། ༢༠༠༩ ལོར་ཁོ་རང་རྒྱ་གར་དུ་ཡོང་བ་ཞིག་ཆགས་འདུག”  ཅེས་བརྗོད་བྱུང་།  

བཀྲ་ཤིས་རྒྱལ་མཚན་དང་ཀརྨ་ཡེ་ཤེས་གཉིས་ཀྱིས་སྤེན་པ་ཚེ་རིང་ཇི་ལྟར་འཇུ་བཟུང་བྱས་མིན་དྲིས་པར། “ སྤེན་པས་བཀྲ་ཤིས་རྒྱལ་མཚན་དང་ཀརྨ་ཡེ་ཤེས་གཉིས་མེད་པ་བཟོ་རྩིས་བྱས་པ་རེད། ཁོང་གཉིས་མེད་པ་བཟོ་དགོས་ཞེས་ལིའི་གཡུས་ཆོན་ཟེར་བ་དེས་ལས་འགན་སྤྲད་འདུག དེ་གང་ཡིན་ཟེར་ན། ཁོང་གཉིས་ཀྱིས་རྒྱ་ནག་ལ་དྲག་སྤྱོད་གཏོར་རྒོལ་གྱི་ལས་འགུལ་ཆེན་པོ་ཞིག་སྤེལ་རྒྱུའི་ཁས་ལེན་བྱས་ཏེ་བོད་གཞུང་ལ་ཡི་གེ་ཞིག་ཕུལ་ཡོད་པ་རེད། དེ་འདྲ་བྱུང་བ་ཡིན་ན་བོད་མི་དང་རྒྱ་མི་མང་པོར་ཤི་རྨས་ཡོང་གི་རེད། དེར་བརྟེན། ཁོང་གཉིས་མེད་པ་བཟོ་དགོས་པ་རེད་ཅེས་ལས་འགན་སྤྲད་ཡོད་པ་ཁོ་རང་གིས་ངོས་ལེན་བྱས་སོང་ ” ཞེས་བརྗོད་བྱུང་།  

ཁོང་ལ་བདེ་སྲུང་ལས་ཁུངས་ཀྱིས་གསང་མྱུལ་བ་རྩིས་སྤྲོད་བྱེད་མཁན་མི་སྣ་དེ་གཉིས་ཀྱི་པར་དང་གནས་ཚུལ་ཕྱིར་བསྒྲགས་བྱས་པ་དེས་ཁོང་གཉིས་ལ་དཀའ་ངལ་འཕྲད་མིན་དྲིས་པར། “ ང་ཚོའི་ལས་ཁུངས་ཀྱི་ངོས་ནས་གསལ་བསྒྲགས་ནང་པར་འཇོག་མིན་གནད་འགག་ཅིག་ཏུ་མཐོང་སྟེ་བསམ་བློ་བཏང་ཡོད། ཡིན་ནའང་ཁོང་གཉིས་ཀྱིས་མོས་མཐུན་ཐག་གཅོད་ལྟར་བཞག་པ་ཡིན། ང་ཚོས་ཁོང་གཉིས་ཀྱི་རེ་འདུན་ཡང་བསྒྲུབ་དགོས་ཆགས་ཀྱི་ཡོད་པ་རེད” ཅེས་བརྗོད་བྱུང་།

ཡང་ཁོང་ལ་ད་ལྟ་སྤེན་པ་ཚེ་རིང་གང་དུ་ཡོད་མེད་དང་། ཁོ་འཛིན་བཟུང་བྱེད་མཁན་གཉིས་ཀྱི་གནས་སྟངས་གང་འདྲ་ཡོད་མེད་དྲིས་པར། “ བདེ་སྲུང་ལས་ཁུངས་ཀྱིས་སྤེན་པ་ཚེ་རིང་ལ་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་གནས་ཚུལ་གསལ་བོ་བྱུང་རྗེས། ཁ་སང་ཕྱི་ཚེས་ ༢༣ ཉིན་རྒྱ་གར་ཧི་མ་ཅཱལ་མངའ་སྡེ་ཀཱང་ར་རྫོང་ཉེན་རྟོག་ལས་ཁུངས་སུ་རྩིས་སྤྲོད་བྱས་ཡོད། ད་ལྟ་ཁོ་དེ་གར་བཀག་ཉར་བྱས་ཡོད་པ་དང་། མ་འོངས་པར་རྒྱ་གར་གཞུང་གི་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་བྱ་རྒྱུ་རེད། དེ་ནས། གསང་མྱུལ་བ་འཛིན་བཟུང་བྱེད་མཁན་ཀརྨ་ཡེ་ཤེས་ཧྥ་རན་སིར་ཕྱིན་འདུག བཀྲ་ཤིས་རྒྱལ་མཚན་ངྷ་རམ་ས་ལར་ཡོད་པ་རེད། ” ཅེས་བརྗོད་བྱུང་།

མཇུག་ཏུ་བདེ་སྲུང་ལས་ཁུངས་ངོས་ནས་༧གོང་ས་མཆོག་གི་སྐུ་ཕྱྭ་དང་གསང་མྱུལ་བའི་གནས་ཚུལ་སྐོར་ལ་ཞིབ་འཇུག་བྱེད་ཕྱོགས་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས།  “ རང་ཚོའི་གནས་སྟངས་ཆ་རྐྱེན་ལ་དཔག་པའི་བོད་ཕྱི་ནང་གཉིས་ཀྱི་གནས་ཚུལ་ལ་ཞིབ་འཇུག་གང་ཐུབ་བྱེད་ཀྱི་པ་རེད། ད་ལྟའི་ཆར་ང་ཚོར་ཁྲིམས་ཐག་གཅོད་པ་སོགས་མེད་སྟབས། ལས་དོན་དམིགས་བསལ་བ་དང་གལ་ཆེ་ཤོས་རིགས་རྒྱ་གར་གཞུང་དང་མཉམ་འབྲེལ་བྱེད་ཀྱི་ཡོད་པ་རེད། གནས་སྟངས་མང་པོ་ཞིག་གི་དབང་གིས་རྒྱ་གཞུང་ལ་ལས་ཀ་བྱེད་མཁན་དེ་འདྲ་ཡོད་སྲིད་པ་རེད། གཙོ་བོ་རྒྱ་ནག་གཞུང་གིས་ང་ཚོའི་སྒྲིག་འཛུཊ་འདི་གཏོར་བཤིག་གཏོང་རྒྱུའི་ཐབས་ཤེས་འདྲ་མིན་བྱེད་ཀྱི་ཡོད་སྟབས། བོད་མི་ཚང་མའི་ངོས་ནས་རང་ཉིད་ཀྱི་སྒྲིག་འཛུཊ་སྲུང་སྐྱོབ་བྱེད་ཐབས་ལ་འབད་བརྩོན་བྱ་རྒྱུ་དང་། མ་འོངས་པར་དེའི་རིགས་ཡོད་པའི་དོགས་གཞི་བྱུང་ཚེ་བདེ་སྲུང་ལས་ཁུངས་ལ་མཐུན་འགྱུར་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད ” ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༦ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༧ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༡ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 14

  1. དྭགས་བསྟན། says:
    ལོ་ 13 སྔོན།

    འགའ་ཞིག་གིས་སྲིད་སྐྱོང་ལ་བཙན་གྱིས་སྐྱོན་བཙུགས་བྱེད་བཞིན་འདུག་པས་ཀུན་སློང་ཇི་ཡིན་མཁྱེན་གསལ་རེད།

    Reply
  2. འཇའ་ཐང་འབྲོག་བུ། says:
    ལོ་ 13 སྔོན།

    བོད་ཀྱི་དུས་བབ་ཚང་གིས་དུས་ཐོག་ཆར་བ་ལྟ་བའི་དྲི་བ་གནད་དུ་འཁེལ་བ་བཏང་འདུག དངོས་གནས་བྱས་ན་སྤེན་པ་ཚེ་རིང་ཟེར་བ་དེ་རྒྱ་གཞུང་གི་གསང་མྱུལ་བ་ཡིན་མིན་གྱི་ཁུངས་སྐྱེལ་ར་སྤྲོད་གསལ་བོ་ཞིག་བདེ་སྲུང་ལས་ཁུངས་ལའང་བཤད་ཡག་མི་འདུག

    Reply
  3. རྒོད། says:
    ལོ་ 13 སྔོན།

    གསང་མྱུལ་ཟིན་ཐུབ་པ་ཧ་ཅང་ཡག་པོ་རེད།སྔགས་བརྗོད་ཡོད།འདིར་ཐོག་ལ་བསམ་ཚུལ་འདྲ་མིན་ཞིག་སྤེལ་འདུག་པ་དེ་ལྟར་ཡང་དཔལྡན་རང་གཞུང་བདེ་སྲུང་ལས་ཁུངས་ཀྱི་ཏན་ཏན་ཞིག་གནང་ཡོད་པ་ཡིད་ཆད་ཡོད།

    Reply
  4. ལུང་རྟོགས། says:
    ལོ་ 13 སྔོན།

    རྒྱ་གཞུང་གིས་བོད་མི་བརྒྱ་སྟོང་མང་པོ་མངོན་གསལ་དོད་པོས་གསད་བཟུང་རྡུང་གསུམ་བྱེད་ཀྱི་ཡོད་ཀྱང་། བཙན་བྱོལ་བོད་པའི་དྲ་འབུ་ཚོས་སྐྱོན་བརྗོད་བྱེད་པ་ཧ་ཅང་ཉུང་ཞིང་། ད་དུང་དེ་དག་གི་རྐྱེན་རྩ་བཙན་བྱོལ་སྒྲིག་འཛུགས་དང་དབུ་ཁྲིད་ཚོ་ཡིན་པ་ལྟ་བུ་བཤད་ཡོང་། བོད་ནང་དཔའ་བོ་མང་པོས་བོད་མི་རིགས་དང་བསྟན་སྲིད་ཀྱི་ཆེད་དུ་རང་ལུས་གསོན་པོ་མེ་ལ་བསྲེགས་ཀྱང་ཁོང་ཚོའི་སྙིང་སྟོབས་ལ་ཡི་རང་ཞུ་རྒྱུའི་ཚབ་ལ་ཁོང་ཚོ་ནི་ལྐུགས་པ་ཡིན་པ་དང་། བྱ་སྤྱོད་དེ་འཚེ་བ་ཡིན་་སོགས་འདྲ་མིན་བཤད་མཁན་མི་ཉུང་བ་ཞིག་འདུག འོན་ཀྱང་བདེ་སྲུང་ལས་ཁུག་གིས་གསང་ཉུལ་ཞིག་བཟུང་བ་ལ་འདི་ལྟར་དོག་སློངས་དང་ངོ་རྒོལ་གྱི་རྣམ་འགྱུར་སྟོན་དགོས་དོན་གང་ཡིན་ནམ། འདིས་སྟེང་ནས་བཙན་བྱོལ་བོད་མི་མང་པོ་ཞིག་ལ་འགྲོ་བ་མིའི་གཞི་རྩའི་ཀུན་སྤྱོད་ཙམ་ཡང་མེད་པ་གསལ་པོ་བསྟན་ཡོང་གི་འདུག

    Reply
  5. མེ་རླབས། says:
    ལོ་ 13 སྔོན།

    དུས་བབས་ཚང་ལ་ཞུ་རྒྱུ་ངས་ཁ་སང་དེ་རིང་འདིའི་ནང་ལ་བསམ་ཚུལ་དང་དགག་ལན་མི་ཉུང་བ་ཞིག་བཏང་ཡོད་ཡིན་ཡང་འདིའི་སྒང་དུ་མཐོང་རྒྱུ་མི་འདུག་གང་ཡིན་ནམ།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    བྱ་ཁུག་རྟས། ་་་་་་སྲིད་སྐྱོང་གི་ཁོང་གི་བློས་གྲོགས་དེས་ནི་གངས་སྐྱིད་ནས་ལོ་གཉིས་མ་ཟིན་ཙམ་ལས་ཞབས་ཞུ་བསྒྲུབ་མྱོང་ཡང་མེད་ལ། དེ་ཡང་སྲིད་སྐྱོང་གི་གྲོགས་པོ་རྙིང་པ་ཡིན་པས་རྡ་སར་སྐོང་བ་དང། ད་ལྟ་ལམ་སེང་ལས་གནས་གལ་ཆེའི་སྟེང་འཛུགས་ཐུབ་བྱེད་པ་འདི་རིགས་ནི་མ་གཞི་ནས་དྲང་པོ་ཞིག་ཨེ་ཡིན་བསམས་མོད། གངས་སྐྱིད་ནས་ཞབས་ཞུ་ལྷག་བསམ་རྣམ་དག་གིས་ཞུས་ཏེ་མི་ལོ ༡༥། ༢༠ འགོར་བའི་ཤེས་འཇོན་ཉམས་མྱོང་སྣ་མང་ལྡན་པའི་གཞུང་ཞབས་ཚོར་དེའི་སྐོར་སྐད་ཆ་ཚིག་གཅིག་ཞུ་རྒྱུའི་གོ་སྐབས་གང་ན་ཡོད། ་་་་་ཟེར།

    Reply
  7. གཉན་མི། says:
    ལོ་ 13 སྔོན།

    སོ་མྱུལ་བ་འཇུས་ཟེར་བ་འདི་ཁྲབ་སྟོན་གྱི་རྣམ་པ་ཅན་གྱི་གནས་ཚུལ་ཞིག་རེད་་་་་བོད་གཞུང་བདེ་སྲུང་ལས་ཁུངས་ཁྲབ་སྟོན་འདིའི་ནང་ལ་འདི་ལྟར་སྟབས་བདེ་བོས་ཞུགས་པ་ཕྲན་རང་བོད་མི་དཀྱུས་མ་ཞིག་གི་ངོས་ནས་བློ་ཕམ་ཆེན་པོ་བྱུང་་་།
    ལྷག་པར་དུ་་སྤེན་པ་ཚེ་རིང་ཞེས་པ་ཁོ་རང་འཇུ་མཁན་གྱི་མི་གཉིས་གསོད་ཕྱིར་དུ་རྒྱ་གཞུང་གིས་བཏང་ཚུལ་བཤད་འདུག་་་་་མི་དེ་གཉིས་གསོད་དགོས་པའི་རྒྱུ་མཚན་དེ་མི་དེ་གཉིས་དང་བོད་གཞུང་ལག་འབྲེལ་གྱིས་རྒྱ་ནག་ནང་དྲག་སྤྱོད་སྤེལ་འཆར་ཡོད་པས་རེད་ཟེར་་་་བོད་གཞུང་གིས་མི་དེ་གཉིས་ཀྱི་ཁ་ལ་ཉན་ནས་སྤེན་ཚེ་རྒྱ་གར་གཉེན་རྟོག་པར་རྩིས་སྤོད་བྱས་འདུག་་་་བྱས་ནས་་བོད་གཞུང་གིས་སྤེན་ཚེ་འཇུ་མཁན་གཉིས་རྒྱ་གཞུང་ལ་དྲག་སྤྱོད་སྤེལ་བའི་འཆར་གཞི་ཡོད་མཁན་ཡིན་པའི་ངོས་འཛིན་བྱས་པ་རེད་དམ་་་་་་བོད་གཞུང་གིས་ཁོང་ཚོའི་གསུམ་པོས་གང་བཤད་པ་དག་སྟབས་བདེ་བོས་བདེན་པར་ཆ་འཇོག་བྱས་པ་རེད་དམ་་་གལ་སྲིད་དེ་ལྟར་ཡིན་་་ན་ང་ཚོས་རྩ་དོན་གཙོ་བོ་ཞིག་ནས་རང་ཉིད་ནག་པོར་བཟོས་ཚར་འདུག་་་་གཟབ་གཟབ་གནང་རོགས་་་་ངའི་སྤུན་ཟླའི་ཚེ་སྲོག་གིས་བསྐྱོར་བའི་ངའི་སྲིད་གཞུང་།

    Reply
  8. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    སོ་པ་ཞིག་འཇུས་པའི་གནས་ཚུལ་འདི་ལ་ལྟ་སྟངས་ཐད། ང་རང་ཁང་གསར་རྡོ་རྗེས་བཤད་པའི་དོགས་པ་དེ་བློ་ལ་འགྲོ་བྱུང། སོ་པ་འདིའི་གསལ་བསྒྲགས་ཐད་དྲ་འབུ་ཚོར་དྲི་བ་མང་པོ་ཡོང་གི་ཡོད་པ་འདིས་ཅི་ཞིག་གསལ་བཤད་བྱས་ཡོད་པ་རེད་ཟེར་ན། གཅིག་བྱས་ན་མི་མང་པོའི་དོ་སྣང་འདིའི་ནང་དུ་བཀུགས་ནས་དུས་ཡུན་གང་འཚམས་འཕྲོ་བརླག་ལ་གཏོང་དགོས་ཀྱི་མེད་འགྲོ ཡང་ཕྱོགས་གཞན་ཞིག་ནས་བདེ་སྲུང་ལས་ཁུངས་ནས་གསལ་བསྒྲགས་སྤེལ་སྟངས་ཀྱིས་མ་འདང་བའང་ཡིན་སྲིད།

    གང་ལྟར་ངས་བསམས་ན་མི་མང་གི་དོ་སྣང་དྲངས་ཏེ། མི་མང་པོ་སོ་པ་གཅིག་འཇུས་པའི་གནས་ཚུལ་ལ་ཡུན་རིང་འཐོམ་དུ་བཅུགས་ནས། དེ་དང་མཉམ་དུ་སྲིད་སྐྱོང་གིས་རང་གི་བློས་གྲོགས་ཨ་རི་དོན་གཅོད་དུ་བསྐོས་པའི་གནས་ཚུལ་འདི་མངོན་ཆུང་ངང་རྙིང་པ་ཆགས་འཇུག་རྒྱུ་དང། ཕྱི་ཟླ ༩ ནས་ལས་མགོ་འཛུགས་སྐབས་གླེང་རྙོག་བྱུང་ན་དེ་སྔ་ནས་བསྐོས་བཞག་ཟིན་པ་རེད་ཅེས་ལབ་རྒྱུའི་གྲ་སྒྲིག་ཡིན་པ་གསལ་བོ་རེད།།

    སྲིད་སྐྱོང་གི་ཁོང་གི་བློས་གྲོགས་དེས་ནི་གངས་སྐྱིད་ནས་ལོ་གཉིས་མ་ཟིན་ཙམ་ལས་ཞབས་ཞུ་བསྒྲུབ་མྱོང་ཡང་མེད་ལ། དེ་ཡང་སྲིད་སྐྱོང་གི་གྲོགས་པོ་རྙིང་པ་ཡིན་པས་རྡ་སར་སྐོང་བ་དང། ད་ལྟ་ལམ་སེང་ལས་གནས་གལ་ཆེའི་སྟེང་འཛུགས་ཐུབ་བྱེད་པ་འདི་རིགས་ནི་མ་གཞི་ནས་དྲང་པོ་ཞིག་ཨེ་ཡིན་བསམས་མོད། གངས་སྐྱིད་ནས་ཞབས་ཞུ་ལྷག་བསམ་རྣམ་དག་གིས་ཞུས་ཏེ་མི་ལོ ༡༥། ༢༠ འགོར་བའི་ཤེས་འཇོན་ཉམས་མྱོང་སྣ་མང་ལྡན་པའི་གཞུང་ཞབས་ཚོར་དེའི་སྐོར་སྐད་ཆ་ཚིག་གཅིག་ཞུ་རྒྱུའི་གོ་སྐབས་གང་ན་ཡོད། སོང་ཙང། བཅའ་ཁྲིམས་དོན་ཚན་དང་པོར་༧གོང་ས་མཆོག་གི་མཚན་འཁོད་གནས་བབ་དེ་འང། དགའ་ཉེ་ཕྱོགས་གཏོགས་ཡར་འཐེན་གྱི་གདོང་པགས་ལྟ་བུ་ཆགས་སོང་ན། ༧གོང་ས་མཆོག་གི་མཚན་གནས་རིན་པོ་ཆེ་དང་ལས་རྒྱུ་འབྲས་ཟེར་བ་དེའང་སྙིང་རེ་རྗེ།།

    Reply
  9. སེང་དཀར་མོ། says:
    ལོ་ 13 སྔོན།

    དྲུང་ཆེས་དྲི་ལན་གནང་བ་དང་གསལ་བསྒྲགས་སོགས་བདེ་སྲུང་བཀའ་བློན་མཆོག་ནས་ཞུ་དག་སོང་མེད་པ་འདྲ། ལབ་རྒྱུ་གླེང་རྒྱུ་འདི་འདྲའི་མང་བ་ལ། མི་གཅིག་སོ་པ་ཡིན་པའི་གསལ་བསྒྲགས་གཙང་མ་ཞིག་ཀྱང་སྤེལ་མི་ཤེས་དོན་ག་རེ་ཡིན་ནམ།

    Reply
  10. བསྐལ་བཟང་དོན་གྲུབ། says:
    ལོ་ 13 སྔོན།

    བོད་ཀྱི་དུས་བབ་ཚང་གིས་དུས་ཐོག་ཆར་བ་ལྟ་བའི་དྲི་བ་གནད་དུ་འཁེལ་བ་བཏང་འདུག དངོས་གནས་བྱས་ན་སྤེན་པ་ཚེ་རིང་ཟེར་བ་དེ་རྒྱ་གཞུང་གི་གསང་མྱུལ་བ་ཡིན་མིན་གྱི་ཁུངས་སྐྱེལ་ར་སྤྲོད་གསལ་བོ་ཞིག་བདེ་སྲུང་ལས་ཁུངས་ལའང་བཤད་ཡག་མི་འདུག

    Reply
  11. བསྟན་འཛིན་ཚེ་རིང་། says:
    ལོ་ 13 སྔོན།

    བོད་ཀྱི་དུས་བབ་ཚང་གི་དྲི་བ་ཁག་ཧ་ཅང་གནད་ལ་ཁེལ་འདུག བོད་ཀྱི་དུས་བབ་ཚང་གི་གསར་འགོད་པ་ཚོའི་ཚོར་ཤུགས་དེར་བསྔགས་བརྗོད་ཡོད། ཡིན་ནའང་བདེ་སྲུང་གི་ངོས་ནས་ལན་ཏག་ཏག་ཅིག་བརྒྱབ་མི་འདུག ཡར་དཀྱོག་མར་དཀྱོག་མང་པོ་བྱས་འདུག ཨང་དང་པོ་བདེ་སྲུང་ལས་ཁུངས་ཀྱིས་གསང་མྱུལ་བ་དེ་འཛིན་བཟུང་ཇི་ལྟར་བྱས་པ་དང་ག་དུས་ཤིག་ལ་བཟུང་པ་གསལ་བོ་མི་འདུག དེ་ནས་སྤེན་པ་ཚེར་བ་དེ་འཛིན་བཟུང་བྱས་དགོས་པའི་རྒྱུ་མཚན་དང་མི་དེ་གསང་མྱུལ་བ་ཡིན་པའི་ཁོངས་སྐྱེལ་ཡང་དེ་ཙམ་ཡིད་ཆེས་ཕེར་བ་ཞིག་བཤད་རྒྱུ་མེད་པ་དེ་དོགས་གཞིའི་གནས་ཤིག་ཆགས་འདུག

    Reply
  12. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་་་ ཁོང་གིས་“ དེ་དག་ཤུགས་ཆེ་བ་སྤེན་པ་ཚེ་རིང་ཁོ་རང་ལ་སྐད་ཆ་དྲིས་ཏེ་ཁོ་རང་གིས་ལབ་པ་རྐྱང་རེད། རྒྱ་གཞུང་གིས་དེ་འདྲ་བྱས་ནས་ང་བཏང་སོང་། ལས་འགན་དེ་དག་སྤྲད་སོང་ཞེས་ཁོ་རང་གིས་ལབ་པ་རེད། ཁོས་ང་ཚོར་བཤད་པ་ལྟར་བྱས་ན། ཁོ་རང་སྔོན་མ་བཙོན་ཁང་དུ་ཚུད་འདུག སྐབས་དེར་རྫོང་དཔོན་དང་ཉེ་རྟོག་པ་ཚོར་ཁ་རྩོད་ཤོར་འདུག དེ་ནས་བཙོན་ཁང་དུ་ལིའི་གཡུས་ཆོན་ཟེར་བ་དེས་ཁྱོད་རང་བཙོན་ཁང་དུ་སྡོད་འདོད་མེད་ན་རྒྱ་གར་ལ་སོང་སྟེ་ལས་འགན་དེ་དག་བསྒྲུབ་དགོས་ཞེས་ཆེད་མངགས་བཏང་བ་ཞིག་རེད། ༢༠༠༩ ལོར་ཁོ་རང་རྒྱ་གར་དུ་ཡོང་བ་ཞིག་ཆགས་འདུག” ཅེས་བརྗོད་བྱུང་། ་་་་་་་ཟེར།

    Reply
  13. མི་ཆུང་། says:
    ལོ་ 13 སྔོན།

    རྒྱ་གཞུང་གི་གསང་མྱུལ་བ་སྤེན་པ་ཚེ་རིང་ཟེར་བ་ཞིག་རྒྱ་གར་གྱི་ཉེན་རྟོག་པ་དང་བདེ་སྲུང་ལས་ཁུངས་གཉིས་ཀྱིས། འཇུ་བཟུང་བྱས་ཡོད་པ་དེའི་སྐོར་ལ། ཕྱི་ཟླ་༥ ཚེས་༢༤ ཉིན་འདི་གའི་གསར་འགོད་པས་བདེ་སྲུང་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལ་བཅར་འདྲི་བྱས་ཡོད།
    དྲི་བ། སྤེན་པ་ཚེ་རིང་རྒྱ་གཞུང་གི་གསང་མྱུལ་བ་ཡིན་པའི་ངོ་སྤྲོད་ག་འདྲ་
    བྱས་ནས་བྱུང་བ་རེད།

    ལན། ཁོ་རང་རྒྱ་གཞུང་གི་གསང་མྱུལ་བ་ཡིན་པའི་གནས་ཚུལ་ཁ་གསལ་ཆགས་པ་དེ། བཀྲ་ཤིས་དོན་གྲུབ་དང་། ཀརྨ་ཡེ་ཤེས་གཉིས་ལ་དུག་སྤྲད་རྒྱུའི་གནས་ཚུལ་ཞིག་བྱུང་སྟེ། ཁོ་རང་གཉིས་ཀྱིས་བདེ་སྲུང་ལས་ཁུངས་ལ་གནས་ཚུལ་རྩིས་སྤྲོད་བྱས་པ་རེད། དེ་ནས་ང་ཚོས་ཁོང་ལ་འདྲི་རྩད་བྱས་སྐབས་ཁོ་རང་གིས་ངོས་ལེན་བྱས་པ་ཞིག་རེད།

    དྲི་བ། ཁོང་གིས་བཀྲ་ཤིས་དོན་གྲུབ་དང་ཀརྨ་ཡེ་ཤེས་གཉིས་ལ་དུག་སྤྲད་དགོས་པའི་རྒྱུ་མཚན་གང་རེད། དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས།

    ལན། རྒྱ་གཞུང་གིས་བཀྲ་ཤིས་དོན་གྲུབ་དང་། ཀརྨ་ཡེ་ཤེས་གཉིས་གཞུང་ལ་ངོ་ལོག་སྟེ་བཙན་བྱོལ་དུ་སོང་ནས་རྒྱ་གཞུང་དང་མི་མང་ལ་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་འཆར་འདུག དེར་བརྟེན་སྤེན་པ་ཁྱེད་རང་གིས་ཁོ་རང་གཉིས་གཙང་མ་བཟོ་དགོས་རེད་ཅེས་ལས་འགན་སྤྲད་པ་ཞིག་རེད།

    བང་ཆེན་དྲ་བ་ནས།

    བདེ་སྲུང་གི་དྲུང་ཆེའི་བཀའ་ལན་དེ་ཚོར་ཚོར་བ་ཞིག་དང་ལྗིད་ཅིག་ཨེད་འདུག མི་སྒེར་ཞིག་དང་ཚོགས་པ་ཆུང་ཆུང་ཞིག་གི་མི་ཞིག་གིས་ལན་བརྒྱབས་པ་མ་རེད།
    དེ་བས་ཀྱང་འོག་གི་ཚིག་དུམ་དེ་ཅུང་དགོད་དྲོ་བའི་སྐད་ཆ་རེད།

    ༼༼རྒྱ་གཞུང་གིས་བཀྲ་ཤིས་དོན་གྲུབ་དང་། ཀརྨ་ཡེ་ཤེས་གཉིས་གཞུང་ལ་ངོ་ལོག་སྟེ་བཙན་བྱོལ་དུ་སོང་ནས་རྒྱ་གཞུང་དང་མི་མང་ལ་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་འཆར་འདུག དེར་བརྟེན་སྤེན་པ་ཁྱེད་རང་གིས་ཁོ་རང་གཉིས་གཙང་མ་བཟོ་དགོས་རེད༽༽

    ཁོང་གཉིས་རྒྱ་གཞུང་ལ་ངོ་ལོག་པ་ཡིན་ངེས་ཀྱང་། ཁོང་གཉིས་ཀྱིས་དྲག་སྤྱོད་ལས་འགུལ་སྤེལ་འཆར་ཡོད་དམ། ཡོད་དབང་དུ་བཏང་ཡང་ཁོང་གཉིས་རྒྱ་གར་ས་ཐོག་ཏུ་གསོད་དགོས་དོན་ཅི་རེད། དེ་ལས་སྟབས་བདེ་བ་ཁོང་གཉིས་ཀྱིས་རྗེས་དེད་ནས་བོད་ནང་དུ་འཇུ་བཟུང་མ་བྱས་དོན་ཅི་རེད། སྐད་ཆ་ཆུང་ཆུང་ཞིག་དང་གནད་དོན་ཆུང་ཆུང་ཞིག་གིས། རྒྱ་གཞུང་གི་རང་ཉིད་ཀྱི་ངོ་གདོང་བློས་གཏོང་གི་ཨེ་རེད།

    Reply
  14. བོད་དགའ། says:
    ལོ་ 13 སྔོན།

    རྒྱ་གཞུང་ལ་ངོ་ལོག་ནས་ཡོང་བའི་བོད་མི་ཁྲི་ཕྲག་མང་པོའི་ནང་ནས་བཀྲ་ཤིས་རྒྱལ་མཚན་དང་ཀརྨ་ཡེ་ཤེས་ཟེར་བ་འདི་གཉིས་རྒྱ་གཞུང་གིས་དམིགས་བསལ་ལྐོག་སྲུང་བྱེད་དགོས་དོན་གང་ཡིན་མི་ཤེས།
    རྒྱ་གཞུང་གིས་ད་བར་གཞོན་ནུ་ཚོགས་པ་དང་དེའི་ཁྱབ་ཁོངས་སུ་ཡོད་པ་ཚོས་དྲག་སྤྱོད་སྤེལ་གྱིན་འདུག་ཟེར་བ་ལས། ད་བར་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལས་འགུལ་འདི་ཡིན་ཞེས་སྤེལ་བ་དང་། ཐ་ན་མིང་ཙམ་ཡང་གོ་མྱོང་མེད་པའི་མི་དེ་གཉིས་རྒྱ་ནག་ལ་མཚོན་ན་ཇི་འདྲའི་གལ་ཆེན་ཞིག་དང་། མི་བུ་དུང་ཕྱུར་བཅུ་གསུམ་ཡོད་པའི་རྒྱལ་ཁབ་དེ་ཞེད་ས་བོད་པ་རྐང་གཉིས་ཡིན་པ་ནི་ཡ་མཚན་དངོས་བྱུང་རང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese