མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱིའི་རྣམ་པ་ལས་ནང་གི་དོན་རྙིང་གལ་ཆེ།

བོད་ཀྱི་དུས་བབ།
༢༠༡༣/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

“ཕྱིའི་རྣམ་པ་ལས་ནང་གི་དོན་རྙིང་གལ་ཆེ”སྲིད་སྐྱོང་གི་བོད་རྒྱལ་འབྲེལ་མོལ་ལམ་བུ།

ཐུབ་བསྟན་དབྱིག་གཉེན།

༄༅། །སྲིད་སྐྱོང་བློ་བཟང་སེངྒེ་མཆོག་བཀའ་བློན་ཁྲི་པའི་འོས་གཞིར་བཞེངས་སྐབས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་རྩ་འཛིན་གནང་རྒྱུའི་ཁས་ལེན་གནང་ཡོད་པ་མ་ཟད། བཀའ་བློན་ཁྲི་པའི་ཐུགས་འགན་བཞེས་པའི་གཏམ་བཤད་དུའང་ལངས་ཕྱོགས་དེར་བསྐྱར་ནན་གནང་ཡོད། བཀའ་བློན་ཁྲི་པའི་འགན་འཁུར་བཞེས་ཏེ་ད་བར་ལོ་གཉིས་ལ་ཉེ་བ་འགྲོ་ཡི་ཡོད་ནའང་། བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་དེ་འབྲེལ་བ་རྩ་ཆད་ཀྱི་གནས་སྟངས་རང་སོར་གནས་ནས་མདུན་སྐྱོད་བྱུང་མེད། གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་གསར་འགོད་པར་གཏམ་བཤད་གནང་བ། དེ་བཞིན་གཞུང་འབྲེལ་གསུང་བཤད་སོགས་ཀྱི་ནང་དབུ་མའི་ལམ་གྱི་སྲིད་བྱུས་ལ་མུ་མཐུད་རྩ་འཛིན་གནང་གི་ཡིན་གསུངས་པ་དང་ཆབས་ཅིག བོད་རྒྱ་འབྲེལ་མོལ་གྱི་འགན་འཁུར་གཙོ་བོ་བཞེས་མཁན་སྐུ་ཚབ་རྣམ་གཉིས་ལ་བསྐྱར་ཞིབ་དང་བོད་རྒྱ་གྲོས་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མིར་བསྐྱར་བསྒྲིགས་གནང་གི་ ཡིན་གསུངས་པ་དང་། ལྷག་པར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་དེ་ལྟར་གནང་རྒྱུའི་གསལ་བསྒྲགས་གནང་ཡོད།

སྔར་ལོ་སྐུ་ཚབ་རྣམ་གཉིས་ཀྱིས་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ་དང་རྒྱ་ནག་གཞུང་གིས་གྲོས་མོལ་བྱ་རྒྱུར་ལྷག་བསམ་རྣམ་དག་བྱེད་ཀྱི་མེད་ལུགས་རྒྱུ་མཚན་དུ་གསུངས་ནས་སྐུ་ཚབ་ཀྱི་ལས་འཁུར་ནས་དགོངས་ཞུ་གནང་ཡོད་པ་དང་། སྐབས་དེར་བཀའ་ཤག་གི་གསར་འགོད་བསྒྲགས་གཏམ་ནང་འདི་ལྟར་བཀོད་ཡོད། “ཕྱི་ ལོ་ ༢༠༡༢ ཟླ་ ༥ ཚེས་ ༣༠ དང་ ༣༡ ཉིན་དྷ་སར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུའི་སར་སྐུ་ཚབ་གཉིས་ ནས་རྒྱ་ནག་གཞུང་གིས་འབྲེལ་མོལ་ལ་བཟང་ཕྱོགས་ཀྱི་ལན་གཏན་ནས་མ་བྱུང་བར་བློ་ཕམ་ དང་བཅས་བཀའ་བློན་ཁྲི་པར་དགོངས་ཞུ་ཕུལ་ཡོད” དང་། ཡང་མཇུག་ཏུ་ “བོད་མིའི་འགོ་འཁྲིད་ཀྱིས་ཆོད་སེམས་བརྟན་པོའི་སྒོ་ནས་འཚེ་བ་མེད་པ་དང་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཛིན་བྱ་རྒྱུ་མ་ཟད། འབྲེལ་མོལ་གྱི་ལམ་ནས་བོད་དོན་དཀའ་རྙོག་སེལ་ཐབས་བྱེད་རྒྱུ་དེ་ཉིད་ཐབས་ལམ་བཟང་ཤོས་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། བོད་མིའི་འགོ་འཁྲིད་ཀྱིས་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བར་བརྩི་བཞིན་ཡོད་ན་ས་གནས་དང༌། དུས་ཚོད་གང་འདྲ་ཞིག་ཏུ་ཡིན་རུང་དོན་ཕན་ལྡན་པའི་འབྲེལ་མོལ་ཞུ་རྒྱུའི་གྲ་སྒྲིག་ཡོད” ཅེས་བཀོད་ཡོད། སྐུ་ཚབ་རྣམ་གཉིས་དགོངས་ཞུ་གནང་དགོས་པའི་རྒྱུ་མཚན་དེ་ཡོངས་བསྒྲགས་རྒྱུ་མཚན་གསུངས་པ་དེ་ཙམ་ཡིན་ནམ།

ཡང་ན་དེ་ལས་གཏིང་གཟབ་པ་དང་མགོ་རྙོག་ཆེ་བའི་རྒྱུ་མཚན་གནད་དོན་ཡོད་པར་ཞིབ་འཇུག་གནང་དགོས་པའི་གནས་སུ་གྱུར་ཡོད། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་བློན་ཁྲི་པའི་འགན་འཁུར་བཞེས་རྗེས་བོད་སྐད་ཐོག་བཅར་འདྲི་དང་པོ་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལ་གནང་བའི་ནང་སྐུ་ཚབ་ཀྱི་གནད་དོན་ཐོག་རང་འཇགས་གནས་དང་འགྱུར་བ་གཏོང་དགོས་ཞིབ་འཇུག་གནང་གི་ཡིན་ཞེས་གསལ་པོར་གསུངས་ཡོད་པ་དེས་སྐུ་ཚབ་གཉིས་ལ་བཀའ་བློན་ཁྲི་པས་ཡིད་ཆེས་དང་གདེང་འཇོག་གནང་སྟངས་ལ་དྲི་བ་ཞིག་བྱུང་ཡོད་པ་མ་ཟད། ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རི་གཞུང་དང་གྲོས་ཚོགས་ལ་འབྲེལ་བའི་ལས་དོན་བྱེད་སྟངས་ལ་འགྱུར་བ་དགོས་པའི་དགོངས་འཆར་གསུངས་ཡོད།

དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཡིན་པའི་ཆ་ནས་ཉིན་རེའི་ལས་དོན་གནང་ཡུལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དུ་གནང་གི་ཡོད་མ་ཟད། ལས་ཁུངས་དེའི་མིའི་ནུས་ཤུགས་སོགས་དམིགས་བསལ་སྐུ་ཚབ་ཀྱི་ཕྱག་ལས་གནང་ཕྱོགས་ལ་གཞོགས་འདེགས་དང་མཉམ་རུབ་གནང་གི་ཡོད་པ་དང་། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་གྲོས་ཚོགས་དང་ཨ་རི་གཞུང་ལ་འབྲེལ་གཏུག་ལ་ཐད་ཀར་འགན་འཁུར་ལེན་སྟངས་ཀྱི་ངོ་བོ་ལ་འགྱུར་བ་དགོས་པའི་དགོངས་ཚུལ་གསུངས་རྗེས་ཝ་ཤིན་ཌོན་ནང་བོད་དོན་ལས་འགུལ་གནང་ཕྱོགས་ལའང་འགྱུར་བ་བྱུང་ཡོད་པ་དང་། དེས་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེས་སྔར་བཞིན་ཕྱག་ལས་གནང་མི་བདེ་བར་གྱུར་ཡོད། གནས་ཚུལ་དེ་ཚོས་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ལ་བཀའ་བློན་ཁྲི་པ་བློ་བཟང་སེངྒེས་ཡིད་ཆེས་ཀྱི་གནས་ཚད་ཅི་འདྲ་ཡོད་མེད་དྲི་བ་རང་བཞིན་གྱིས་བསླེབས། གནས་ཚུལ་དེ་དག་གིས་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱིས་དགོངས་ཞུ་གནང་རྒྱུར་ཐག་གཅོད་མ་གནང་ཀ་མེད་དུ་གྱུར་བའི་རྐྱེན་བྱས་ཡོད་སྲིད།

དེ་བཞིན་ད་ཡོད་བོད་རྒྱ་གྲོས་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ཚང་མར་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཡིད་ཆེས་ཇི་ཙམ་གནང་གི་ཡོད་མེད་ཀྱང་དྲི་བ་ཆེན་པོ་རེད། ད་ཡོད་ལས་དོན་ཚོགས་ཆུང་གི་ཚོགས་མི་མང་ཆེ་བ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་དང་འབྲེལ་བ་ཡོད་པ་དང་ཕྱག་ལས་མཉམ་དུ་གནང་མྱོང་ཡོད་མཁན་ཡིན། དེ་མིན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་རྒྱ་གྲོས་མོལ་ལས་དོན་ཚོགས་ལ་འགྱུར་བ་གཏོང་གི་ཡིན་ཞེས་ཅིའི་ཕྱིར་གསུངས་པ་ཡིན་ནམ། འོན་ཀྱང་ད་བར་ལས་དོན་ཚོགས་ཆུང་གི་ཚོགས་འདུ་སྔ་རྗེས་ཚོགས་ཡོད་ནའང་། གནས་སྟངས་རང་འཇགས་རེད། སྐུ་ཚབ་རྣམ་གཉིས་དགོངས་ཞུ་གནང་ནས་ལོ་གཅིག་ལྷག་སོང་ཡོད་ནའང་། ད་ལྟའང་སྐུ་ཚབ་གསར་པ་བསྐོ་གཞག་གནང་མ་ཐུབ་པའི་རྒྱུ་མཚན་ཅི་ཡིན་ནམ། གནས་སྟངས་འདི་ཕྱིའི་རྣམ་པ་ལས་ནང་གི་དོན་རྙིང་གལ་ཆེ་བའི་གོ་དོན་ཡིན་ནམ།

བོད་མི་མང་སྤྱི་འཐུས་ཚོགས་གྲོས་སུ་དམིགས་བསལ་སྐུ་ཚབ་བསྐོ་གཞག་གནང་ཐུབ་པའི་འགལ་རྐྱེན་གང་ཡིན་སྐོར་སྐར་རྟགས་ཅན་གྱི་དྲི་བ་བྱུང་བར་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་ཕྱིའི་རྣམ་པ་ལས་ནང་གི་དོན་རྙིང་གསལ་ཆེ་བར་ངོས་འཛིན་གནང་གི་ཡོད་ལུགས་དང་། རྒྱ་ནག་གཞུང་གིས་གྲོས་མོལ་བྱེད་ཀྱི་ཡིན་བཤད་པ་ཡིན་དེ་ཉིན་སྐུ་ཚབ་བསྐོ་ཆོག་ཡོད་ཅེས་ལན་འདེབས་གནང་ཡོད། སྲིད་སྐྱོང་གིས་ཕྱིའི་རྣམ་པ་ལས་ནང་གི་དོན་རྙིང་གལ་ཆེ་བ་ཡིན་ཞེས་གྲོས་ཚོགས་སུ་གསུངས་པ་དེ་ནི་སྐབས་བབས་ལན་འདེབས་གནང་ཐུབ་ཙམ་ལས་དྲི་བ་དེར་ལན་ངོ་མ་ད་ལྟའང་གནང་མེད།

དོ་སྣང་བྱེད་དགོས་པའི་གནད་དོན་གཅིག་ནི་བོད་མི་མང་སྤྱི་འཐུས་རྒྱུན་ལས་དང་གྲོས་ཚོགས་ནང་བོད་རྒྱ་འབྲེལ་མོལ་གཙོས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་བོད་དོན་བདེན་མཐའ་གསལ་ཐབས་ལ་སྲིད་བྱུས་དང་ལས་རིམ་གང་ཡོད་སྐོར་འདྲི་ཞིབ་དང་གླེང་སློང་གནང་གི་མེད་པ་དེ་ཅི་ཡིན་ནམ། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་དང་གྲོས་ཚོགས་གཉིས་ཁ་ཁུ་སིམ་པོར་བཞུགས་དོན་ཅི་ཡིན་ནམ། ཕྱོགས་གཅིག་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་སེམས་ཚབས་ཆེ་མདོག་གིས་གྲོས་ཆོད་རིམ་པར་བཞག་ཡོད་པ་མ་ཟད། དེའི་སྐོར་ལ་གྲོས་ཚོགས་ཀྱི་དུས་ཚོད་ཉིན་གྲངས་མང་པོ་བཏང་ནས་སྤྱི་འཐུས་རྣམས་བོད་ནང་གི་གནས་སྟངས་གསལ་རྟོགས་བཟང་པོ་དང་མཁས་མདོག་གིས་གཏམ་བཤད་རིང་ཐག་ཆོད་མང་པོ་གནང་སོང་ནའང་། བོད་ནང་གི་ཛ་དྲག་གནས་སྟངས་ལ་གདོང་ལེན་གནང་རྒྱུའི་ཐབས་ལམ་གཅིག་ཁོ་ན་དེ་བོད་རྒྱ་འབྲེལ་མོལ་བརྒྱུད་ནས་སེལ་ཐབས་ཡོད་མེད་ལ་བགྲོ་གླེང་ཙམ་གནང་མེད།

སྐད་འབོད་ལས་འགུལ་དང་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་བྱས་པ་དང་ཚོགས་འཛོམས་བྱས་པ་ཙམ་གྱིས་བོད་ནང་གི་ཛ་དྲག་དཀའ་ངལ་སེལ་ཐུབ་ཐབས་མེད་པ་དེ་ཀུན་གྱི་སྣང་ངོར་ཡོད་པ་དེ་རེད། འོན་ཀྱང་གདུང་སེམས་མཉམ་སྐྱེད་ཅེས་པའི་ཚིག་སྙན་པོ་འདི་མ་ཎེ་བགྲང་པ་བཞིན་གནང་བཞུགས་ན་བོད་ནང་གི་ཛ་དྲག་དཀའ་ངལ་ག་ལ་སེལ་ཐུབ། མདོར་ན་སྐབས་བཅུ་གསུམ་པའི་བཀའ་ཤག་ལ་སྤྱི་འཐུས་གྲོས་ཚོགས་ཀྱིས་བོད་རྒྱ་འབྲེལ་མོལ་ལ་སུན་པོ་བཟོས་ཡོད་པ་བཞིན་སྐབས་བཅོ་ལྔ་པའི་བཀའ་ཤག་ལ་གནང་གི་མེད་པ་དེ་ཅི་ཡིན་ནམ།

སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱིའི་རྣམ་པ་ཞེས་གསུངས་པ་དེས་རྒྱ་ནག་ལ་འབྲེལ་མོལ་ཆེད་སྐྱོད་མཁན་ཙམ་གྱི་སྐུ་ཚབ་གཅིག་བསྐོ་བཞག་གནང་རྒྱུར་གོ་དགོས་ཀྱི་ཡོད་དམ། ནང་གི་དོན་རྙིང་ཞེས་པའི་འགྲེལ་བཤད་ལ་རྒྱ་ནག་གཞུང་གིས་གྲོས་མོལ་བྱེད་ཀྱི་ཡིན་ཟེར་ན་ལམ་གསེང་མི་འགྲོ་གཏོང་ཆོག་ཡོད་ཅེས་གསུངས་ཡོད། གལ་སྲིད་དེ་འདྲ་ཞིག་ཡིན་ན་དམིགས་བསལ་སྐུ་ཚབ་ཀྱི་ལས་འགན་དང་ངོ་བོ་ལ་འགྱུར་བ་སོང་བ་ཡིན་ནམ། དེའི་གོང་དམིགས་བསལ་སྐུ་ཚབ་དང་སྐུ་ཚབ་རྣམ་གཉིས་ཀྱི་ལས་འགན་ནི་རྒྱ་ནག་ལ་འབྲེལ་མོལ་ཆེད་ཕེབས་རྒྱུའི་འགན་འཁུར་ཙམ་མིན་པར་བོད་རྒྱ་གྲོལ་མོལ་ཡོང་ཐབས་དང་དབུ་མའི་ལམ་གྱི་སྲིད་བྱུས་མདུན་བསྐྱོད་ཐུབ་ཐབས་ལ་དངོས་ཤུགས་ཀྱི་ལས་དོན་བསྟུད་མར་གནང་དགོས་ཀྱི་ཡོད་པ་དང་། ལྷག་པར་ ༢༠༠༢ གོང་འབྲེལ་མོལ་རྩ་ཆད་ཀྱི་གནས་སྐབས་སུ་གཞུང་དང་གཞུང་འབྲེལ་མིན་པའི་བརྒྱུད་ལམ་ཐོག་འབྲེལ་མོལ་དངོས་སུ་མགོ་འཛུགས་ཐུབ་ཐབས་ལ་ལས་དོན་གནང་ཡོད། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱིའི་རྣམ་པ་ལས་ནང་གི་དོན་རྙིང་གལ་ཆེ་བ་གསུངས་པ་དེ་རྒྱ་ནག་གིས་འབྲེལ་མོལ་བྱེད་ཀྱི་ཡིན་ཟེར་བའི་དུས་ཚོད་ལ་རེ་སྒུག་གནང་སྟེ། འབྲེལ་མོལ་གྱི་འགན་འཁུར་བཞེས་མཁན་སྐུ་ཚབ་དེ་གསང་བར་འཇོག་རྒྱུ་དེ་ཡིན་ནམ།

གནས་ཚུལ་ཤེས་རྟོགས་ཡོང་རྒྱུར་ཨ་རིའི་ནང་ཕྱི་འབྲེལ་ལས་དོན་གྱི་འགན་འཁུར་ཆ་ཚང་བ་སྲིད་སྐྱོང་གིས་ཐད་ཀར་བཞེས་ཏེ་ཕྱི་དྲིལ་བཀའ་བློན་ལ་འགན་འཁུར་མེད་པའི་ཐག་གཅོད་གནང་བ་རེད་ཅེས་གོ་རྒྱུ་འདུག  གནས་ཚུལ་དེ་ཕལ་ཆེ་བདེན་པ་ཡིན་ཚོད་འདུག སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་མཛད་འཁུར་བཞེས་པ་ནས་ད་བར་ཨ་རིའི་ནང་ཐེངས་ལྔ་ཙམ་ཕེབས་ཡོད་ནའང་། ཕྱི་དྲིལ་བཀའ་བློན་དང་། ཡང་ན་ཕྱི་དྲིལ་དྲུང་ཆེ་སོགས་ཕྱི་འབྲེལ་གྱི་མི་སྣ་གཞན་སུའང་ཨ་རིའི་ནང་གཞུང་འབྲེལ་ཐོག་ཕེབས་མེད། གཅིག་བྱས་ནང་བོད་རྒྱ་འབྲེལ་མོལ་གྱི་འགན་འཁུར་ཡང་སྲིད་སྐྱོང་གིས་ཐད་ཀར་བཞེས་ཏེ་དམིགས་བསལ་སྐུ་ཚབ་ལ་འགན་འཁུར་དེ་གནང་འདོད་པ་མེད་པ་ཡིན་སྲིད། དེ་འདྲ་ཞིག་གནང་གི་ཡོད་ན་དེ་ནི་འཛིན་སྐྱོང་ལས་དོན་ཚགས་ཚུད་དང་ནུས་པ་ལྡན་པ་ཡོང་རྒྱུར་དོ་ཕོག་བྱེད་ཉེན་ཡོད།

བཀའ་ཤག་གི་ཐག་གཅོད་དང་འབྲེལ་བའི་ལས་དོན་ཅི་འདྲ་ཞིག་ཡིན་རུང་དེའི་མཐའ་མའི་འགན་འཁུར་སྲིད་སྐྱོང་ལ་ཡོད་ནའང་། འཛམ་གླིང་སྤྱི་སྲོལ་ལ་ལས་བགོས་ཀྱི་ངོ་བོར་ཉིན་རེའི་ལས་དོན་རྣམས་ཁུངས་སོ་སོར་བཀའ་ཁྱབ་གནང་དགོས་པ་ནི་གཞུང་གི་འཛིན་སྐྱོང་ལམ་ལུགས་ཡང་དག་པ་གཅིག་ངོས་འཛིན་བྱེད་ཀྱི་ཡོད། རྩོམ་ཐུང་འདི་འབྲི་བཞིན་པའི་སྐབས་འདིར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་བསྐོ་བཞག་གནང་བའི་གསལ་བསྒྲགས་གནང་བའི་གནས་ཚུལ་ཐོན་སོང་། སྐལ་བཟང་རྡོ་རྗེ་ལགས་ནི་སྲིད་སྐྱོང་གི་བློས་ཐུབ་ཅན་གྱི་གྲོགས་པོ་རྙིང་པ་ཞིག་ཡིན་པ་མ་ཟད། བཀའ་བློན་ཁྲི་པའི་འོས་བསྡུའི་སྐབས་མཐུན་འགྱུར་ཞུ་མཁན་གཙོ་བོ་དེ་རེད། ཁོང་ལ་ཕྱི་འབྲེལ་གྱི་ཉམས་མྱོང་དང་འཛིན་སྐྱོང་གི་ཉམས་མྱོང་གཉིས་ཀ་ཅུང་ཙམ་ལས་མེད། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་ལས་དོན་དེ་རྙོག་འཛིང་ཆེ་ཙམ་ཞིག་རེད། སྐལ་བཟང་རྡོ་རྗེའི་གཤིས་སྤྱོད་དང་གཞན་ལ་འབྲེལ་བ་གནང་ཕྱོགས་ཀྱི་ནུས་པ་བཅས་ཀྱིས་ཝ་ཤིན་ཌོན་སུ་སྤོ་འཆར་ཡོད་པའི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་འགན་འཁུར་ཐེག་ཐུབ་ཀྱི་ཡོད་མེད་ནི་དྲི་བ་ཆེན་པོ་རེད།

བཀའ་ཤག་གོང་མས་དུས་ནས་དུས་སུ་དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་བའི་སྐོར་ལ་བཀའ་བློན་ཁྲི་པ་རང་ཉིད་ཀྱི་མང་ཚོགས་འདུ་འཛོམས་སོགས་གང་སར་ནན་ཏན་ཆེན་པོས་འགྲེལ་བཤད་དང་ལམ་སྟོན་གནང་གི་ཡོད་པ་མ་ཟད། ཕྱི་དྲིལ་ལས་ཁུངས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་འཇུག་ངོགས་སོགས་ཀྱི་སྐོར་མང་ཚོགས་ལ་གསེད་བཀྲོལ་དང་སློབ་གསོ་གནང་རྒྱུའི་ལས་འགུལ་ཡང་ཡང་སྤེལ་ཡོད། ལྷག་པར་སྤྱི་ཚོགས་ནང་༧གོང་ས་མཆོག་གི་དགོངས་གཞི་ལ་ལོག་བཤད་བྱེད་མཁན་བྱུང་ན་དེར་བཀའ་བློན་ཁྲི་པ་དབུས་པའི་བཀའ་བློན་རྣམས་ཀྱིས་གསལ་བཤད་དང་ལན་འདེབས་ནན་པོ་གནང་བ་སོགས་དུས་ཐོག་གདོང་ལེན་གནང་ཡོད།

སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་མང་ཚོགས་ནང་གཏམ་བཤད་དང་དེ་བཞིན་གཞུང་འབྲེལ་གཏམ་བཤད་ནང་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་མེད་པར་མུ་མཐུད་རྩ་འཛིན་གནང་གི་ཡོད་ཅེས་གསུངས་པ་ཙམ་ལས་སྲིད་བྱུས་དེ་མངོན་དུ་གྱུར་ཐབས་ལ་མང་ཚོགས་ཀྱིས་འགན་འཁུར་དང་གནད་འགག་སོགས་ནན་པོར་གསུངས་པ་ནི་ཧ་ཅང་དཀོན་པོ་རེད། ད་བར་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་གང་དུ་མང་ཚོགས་ལ་གཏམ་བཤད་གནང་ནའང་། དེའི་ནང་དོན་ནི་བཀའ་ཤག་གི་བྱས་རྗེས་གྲུབ་འབྲས་དང་རྒྱལ་སྤྱིའི་ནང་གྲོས་ཆོད་བཞག་ཡོད་ལུགས་ཁོ་ན་བྱིས་པར་སྒྲུང་བཤད་པ་ལྟར་གསུངས་ཏེ་དུས་ཚོད་བཏང་བ་མངོན། འདས་པའི་ལོ་གཅིག་གཉིས་ནང་སྤྱི་ཚོགས་ནང་རང་བཙན་དོན་གཉེར་བ་ཚོའི་འབོད་ཚིག་ཤུགས་ཆེ་བ་དང་། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པས་རང་བཙན་གསལ་བསྒྲགས་གནང་བའི་ལོ་ཚིགས་དང་འབྲེལ་ནས་འུར་སྒྲ་ཞིག་ལངས་ཡོད་ནའང་། གནས་ཚུལ་དེ་དག་ལ་བཀའ་ཤག་གིས་གང་ཡང་གསན་མ་བྱུང་བ་ལྟ་བུར་བཞུགས་སོང་། དེ་ཡང་གཅིག་བྱས་ན་ཕྱིའི་རྣམ་པ་ལས་ནང་གི་དོན་རྙིང་གལ་ཆེ་བའི་དགོངས་པ་བཞེས་ཡིན་སྲིད།

གལ་སྲིད་བཀའ་ཤག་གིས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་མང་ཚོགས་ལ་དུས་ནས་དུས་སུ་ནན་ཏན་གྱིས་འགྲེལ་བཤད་གནང་ཡོད་ན། བར་ལམ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ལ་དབུ་མའི་ལམ་གྱི་ སྲིད་བྱུས་དང་འབྲེལ་བའི་བཀའ་སློབ་ནན་པོ་དེ་དག་གནང་དགོས་བྱུང་མེད། བཀའ་ཤག་གོང་མའི་སྐབས་སུ་བོད་རྒྱ་འབྲེལ་མོལ་སྐོར་བཀའ་ཤག་དང་དམིགས་བསལ་སྐུ་ཚབ་རྣམ་གཉིས་ཀྱིས་དུས་ནས་དུས་སུ་འགྲེལ་བཤད་གནང་གི་ཡོད་པ་དེས་༸གོང་ས་མཆོག་གིས་ད་ལྟའི་གནས་སྟངས་བཞིན་འགྲེལ་བཤད་གནང་དགོས་བྱུང་མེད། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འོས་བསྡུའི་རྒྱལ་ཁ་ཐོབ་ཐབས་ཁོ་ནར་དམིགས་ཏེ་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་བ་ཞིག་མ་ཡིན་པར་སྲིད་ཇུས་དེར་དོན་དམ་གྱི་ཡིད་ཆེས་དང་ཐབས་ལམ་དེ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་ཆོད་སེམས་བརྟན་པོ་ཡོད་ན། ཕྱིའི་རྣམ་པ་ལས་ནང་གི་དོན་རྙིང་གལ་ཆེ་བ་ཟེར་བའི་ཆབ་སྲིད་ཀྱི་མིང་ཚིག་སྙན་པོ་དེ་བགྲང་རྒྱུ་མཚམས་བཞག་ནས་དོན་དམ་གྱི་ལས་འཆར་ལམ་སྟོན་དང་དོན་ཕན་གསོན་པའི་ལས་དོན་གནང་དགོས་པ་ཡིན།

ཅི་སྟེ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འོས་བསྡུའི་རྒྱལ་ཁ་ཁོ་ནའི་དོན་དུ་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་གི་ཡོད་ཅེས་གསུངས་ཡོད་པའི་དབང་དུ་བཏང་ནའང་། འོས་བསྡུའི་དྲིལ་བསྒྲགས་ཀྱི་གཏམ་བཤད་དང་ཁས་ལེན་རྣམས་དོན་འཁྱོལ་གནང་དགོས་པ་དེ་ཛ་དྲག་གཉན་འཕྲང་ནང་ལྷུང་ཡོད་པའི་བོད་མི་མང་གི་རེ་འདུན་དུ་འགྱུར་ཐབས་ལ་འབད་དགོས་པ་མ་ཟད། ཨ་རི་སོགས་རང་དབང་ལྡན་པའི་དམངས་གཙོའི་ལམ་ལུགས་ནང་འོས་བསྡུར་ཁས་ལེན་གནང་བའི་ལས་དོན་རྣམས་གལ་ཆེའི་རྩ་དོན་ཞིག་ལ་ངོས་འཛིན་གནང་གི་ཡོད་པས། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱིའི་རྣམ་པ་ལས་ནང་གི་དོན་རྙིང་གལ་ཆེ་བ་ཞེས་པའི་ཚིག་སྐམ་ཙམ་མ་ཡིན་པར་བོད་རྒྱ་འབྲེལ་མོལ་གྱི་ལས་དོན་མདུན་བསྐྱོད་ཐུབ་ལ་འདས་པའི་ལོ་གཉིས་ལ་ཉེ་བའི་རིང་ཕྱག་ལས་གནང་ཕྱོགས་ལ་འགྱུར་བ་བཏང་ནས་དོན་དམ་གྱི་ཤུགས་གནོན་རྒྱག་རྒྱུའི་རེ་བ་དང་ཡིད་ཆེད་བྱེད་ཀྱི་ཡོད།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་མཆོག་གིས་ཨོ་གླིང་སིཌ་ཎི་བོད་རིགས་མི་མང་ལ་གསུང་བཤད་གནང་། ༢༠༢༥།༠༧།༡༡ པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་དང་མཉམ་དུ་སྒོ་རྒྱབ་ཀྱི་འབྲེལ་བ་ཡོད་ཀྱང་འབྲེལ་བ་སླར་གསོ་བྱེད་པར་ཕན་ཐོགས་གང་ཡང་བྱུང་མེད་ཅེས་གསུངས།

ཆུ་ཚོད་ ༣ སྔོན་ལ།
Arunachal Pradesh CM Pema Khandu (Photo/DNA)
Mobile App

རྒྱ་གར་དང་བོད་ས་འབྲེལ་ཡིན་པ་ལས་རྒྱ་ནག་ལ་འབྲེལ་བ་མེད་ཅེས་གསུངས།

ཆུ་ཚོད་ ༤ སྔོན་ལ།
པར་འགྲེལ། བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

བོད་སྐྱིད་གྲོང་ཁུལ་དུ་ཆུ་ལོག་བྱུང་རྐྱེན་རྒྱ་གར་གྱི་གནས་མཇལ་བ་ཕྱིར་ལོག་བཏང་།

ཆུ་ཚོད་ ༦ སྔོན་ལ།
མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་པར། ༢༠༢༥།༦།༣༠
Mobile App

༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་དེ་དབུལ་དགོས་པའི་འབོད་སྐུལ་ཞུས།

༢༠༢༥/༠༧/༠༩
རྒྱ་གར་ཡུལ་མི་རྣམས་ཀྱིས་བོད་རིགས་བྱིས་པའི་བྲིས་པའི་རི་མོར་གཟིགས་ཞིབ་གནང་བཞིན་པ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༥།༧།༧
Mobile App

བརྩེ་བའི་སྐུ་མདུན་ཞེས་པའི་རི་མོའི་འགྲེམས་སྟོན་བྱེད་བཞིན་འདུག 

༢༠༢༥/༠༧/༠༩
བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཝང་ཡུང་།
གསར་འགྱུར།

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཞིག་ལ་སྲོག་ཁྲིམས་གཅད་རྒྱུ་ཡིན་འདུག

༢༠༢༥/༠༧/༠༩

མཆན། 2

  1. འཇིགས་མེད་གེ་སར། says:
    ལོ་ 12 སྔོན།

    ནང་གི་དོན་སྙིང་ལས་ཕྱིའི་རྣམ་པ་གལ་ཆེ་བ་རེད།
    ཕྱིའི་རྣམ་པ་གལ་ཆེ་བའི་དཔེ་མཚོན་ཙམ་བཀོད་ན།
    ༡། ཕེབས་འཁོར་སྟེང་གློག་དམར་པོ་བཙུགས་པ།
    ༢། བོད་ཡིག་བོད་སྐད་ལ་ཁྱད་སོད་ཀྱིས་ཕྱུ་པ་བཙན་གྱིས་གྱོན་འཇུག་པ།
    ༣། ཨ་སྒོར་ས་ཡ་དང་ས་ཡ་འཁུར་ཡོད་ཅེས་དོན་དངོས་སུ་གཞུང་གི་བང་མཛོད་སྟོང་པ་བཟོས་པ།
    ༤། ནང་གི་སློབ་སྦྱོང་ལས་ཡིག་རྒྱུགས་ཀྱི་སྐར་གྲངས་ལ་གཙིགས་ཆེར་འཛིན་པ།
    ༥། གནས་སྡོད་ལག་ཁྱེར་(RC) ཡོད་མཁན་ལ་ལོ་ལྔ་ཕར་རྒྱངས་དང་མེད་མཁན་ལ་ཨ་ལན་ཙམ་ཡང་མེད་པ།
    ༦། བོད་སློབ་འཛིན་ཚོགས་རྩིས་ལེན་གྱི་ཁ་པོ་ཆེ་གྲགས་ཀྱང་ཤེས་ཡོན་སྲིད་བྱུས་རྩད་ནས་གཏོར་བ།
    ༧། དབུ་མའི་ལམ་མུ་མཐུད་ཡིན་ཞེས་གྲགས་ཀྱང་བོད་རྒྱ་ཞི་མོལ་གྱི་ཅོག་ཙེ་ཐལ་རྡུལ་གྱིས་ཁེངས་པ།
    ༩། བགྲེས་སོང་ཟམ་གདོང་བླ་མར་རྒྱ་གར་སྐུ་སྲུང་མི་དགོས་སར་དར་མ་བློ་སེང་ལ་སྐུ་སྲུང་དགོས་པ།
    ༡༠། ལས་ཐོན་བསྒྲུབ་རྒྱུ་མེད་པར་གཅིག་གཅིག་དང་གཉིས་གཉིས་ཀྱི་ཐོག་མ་མང་བ།
    ༡༡། ཤེས་རིག་བཀའ་བློན་ཤེས་རིག་ལས་ཕེབས་པ་ལས་ཨ་རིར་ཕེབས་པ་མང་བ།
    ༡༢། མང་ཚོགས་ལ་ཆབ་སྲིད་གོ་རྟོགས་སྤེལ་བ་ལས་རང་གི་ལོ་རྒྱུས་བཤད་པ་མང་བ།
    ༡༣། སྐུ་མདུན་གྱི་བཀའ་དགོངས་བསྒྲུབས་པ་ལས་སྐུ་མདུན་དང་ལྷན་བཞུགས་སྐུ་པར་བསྒྲོན་པ་མང་བ།
    ༡༤། མཇལ་འཕྲད་ཉིན་མོ་མི་གནང་བར་མཚན་མོར་གནང་བ།
    ༡༥། སྐུ་ཚབ་གསར་པ་མི་བསྐོ་བར་གྲོགས་པོ་དོན་གཅོད་དུ་བསྐོས་པ།
    ༡༦། ས་ལ་ཕེབས་པ་ལས་གནམ་ལ་འཕུར་བ་མང་བ།
    ད་དུང་བོད་ནས་བསྐུར་བའི་སྐྱབས་རྟེན་དང་དངོས་རྟེན་་་་་་་་་་་་་་སྒེར་གྱི་ཁང་པ་་་་་་་་་་་་ལྡི་ལིའི་བསྐུ་མཉེ་་་་་་་ཧ་ཅང་མང།

    གལ་ཏེ་ནང་གི་དོན་སྙིང་ལས་ཕྱིའི་རྣམ་པ་གལ་མི་ཆེ་ན་གནད་དོན་འདི་དག་ཡོང་དོན་མེད། ཡང་ན་ནང་གི་དོན་སྙིང་ཟེར་བ་”སྒེར་གྱི་དོན་སྙིང་”ལ་གོ་དགོས་པ་ཡིན་ནམ།

    Reply
  2. རྔ་བ་བརྒྱད་གསུམ་གཅིག་དྲུག says:
    ལོ་ 12 སྔོན།

    སྐུ་ཞབས་ཐུབ་བསྟན་དབྱིག་གཉེན་ལགས་ཀྱིས་རྩོམ་ཡིག་འདི་གནད་ལ་ཁེལ་བའི་དྲན་སྐུལ་ཅིག་ཡིན་སྟབས་སྐུ་ངོ་རྣམ་པའི་ཅུང་བསམ་དགོས་པ་སྣང་། ལྷག་པར་དུ་ཉེ་སྔོན་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་རྫུན་གཏམ་ལ་ཡང་མི་མང་གིས་འདོད་བློ་གང་བའི་གསལ་བཤད་ཅིག་བཀའ་ཤག་གི་ངོ་ནས་བྱེད་ཐུབ་མེད་པར་འདི་དག་ཀུན་རྩོམ་ཡིག་འདིའི་བརྗོད་གཞི་དང་ཧ་ཅང་འབྲེལ། ད་དུང་ལམ་དབུ་མའི་སྲིད་བྱུས་ལ་འགྱུར་བ་མེད་གསུངས་པ་ཙམ་གྱིས་འུ་ཅག་གི་མི་མང་ལ་ར་མི་འཕྲོད་པའི་ཁ་བཤད་ཙམ་མིན་པ་ལམ་དབུ་མ་ལ་ཡིད་ཆེས་ཡོད་ན་མང་ཚོགས་ལ་ཅི་ལྟར་བཤད་དགོས་མིན་ངས་གསལ་བཤད་གནང་དགོས་པ་མ་སྣང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese