མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནས་ཚུལ་ཁ་གསལ་པོ་བསྒྲཊ་རོགས།

བོད་ཀྱི་དུས་བབ།
༢༠༡༣/༠༦/༠༢
Share on FacebookShare on TwitterShare on EmailShare on Whatsapp

སྨན་པ་བློ་བཟང་ཡེ་ཤེས།

༼ བོད་མིའི་རང་དབང་གསར་ཤོག ༽ ནང་བདེ་སྲུང་ལས་ཁུངས་ནས་གལ་ཆེའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་ “རྒྱ་ནག་གཞུང་གི་གསང་བའི་ཚན་པས་སྤྱི་བདེ་ཉེན་རྟོག་པ་ཞིག་སོ་མྱུལ་དུ་བཏང་སྟེ་བཙན་བྱོལ་སྤྱི་ཚོགས་ནང་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པ་ར་འཕྲོད་བྱུང་བའི་ཡོངས་ཁྱབ་གསལ་བསྒྲགས།”  ཞེས་པའི་མགོ་བརྗོད་དང་གསང་མྱུལ་བ་དེའི་འདྲ་པར་བཅས་དུས་གཅིག་ཏུ་མཐོང་སྐབས། སྔོན་མ་གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ཀྱི་འཐབ་རྩོད་བྱས་པའི་བརྒྱུད་རིམ་ནང་ཕན་ཚུན་གསང་མྱུལ་བ་གཏོང་རེས་བྱས་པ་དང་། གུང་ཁྲན་ཏང་གི་གསང་མྱུལ་བ་དེ་ཚོ་གོ་མིན་ཏང་གིས་འཛིན་བཟུང་བྱས་ཏེ། སྡུག་གཅོད་ཇི་ལྟར་བཏང་ཡང་བློ་རྩ་གཏན་པོ་དང་ཀླད་པ་མཁྲེགས་པོས་ཐོག་ནས་ཐ་ན་ཚེ་སྲོག་ལ་ཐུག་ཀྱང་ངོས་ལེན་མི་བྱེད་པ་སོགས་ཀྱི་གློག་བརྙན་རྣམས་ལྷང་ངེར་དྲན་ཡོང་གི་འདུག་ལ། དེ་དང་མཉམ་དུ་ཁོང་ཁྲོ་དང་སེམས་འཚབ་ལྷན་དུ་སྐྱེས་ཏེ། གསང་མྱུལ་བ་དེ་ཤི་མིན་རོ་མིན་ཅིག་རྡུང་རྒྱུ་བྱུང་ན་ཅི་མ་རུང་སྙམ་པ་དང་། བདེ་སྲུང་ལས་ཁུངས་དངོས་གནས་གྲུང་པོ་བྱུང་འདུག་སྙམ་པའི་དགའ་ཚོར་ཅིག་ཅར་དུ་སྐྱེས་ཡོང་གི་འདུག

འོན་ཀྱང་གསལ་བསྒྲགས་དེ་ཡང་སྐོར་བསྐྱར་སྐོར་ཀྱིས་ཐེངས་གསུམ་ཙམ་ལ་བཀླགས་ཀྱང་། བློ་ཡིད་འཚིམ་རྒྱུ་ལས་བློ་དོགས་ཇེ་མང་དུ་འགྲོ་བ་དང་ཁ་གསལ་དུ་འགྲོ་རྒྱུ་ལས་མགོ་རྙོག་ཇེ་ཆེ་རུ་ཕྱིན་སོང་ལ། ལྷག་པར་དུ་ཕྱི་ཚེས་ ༢༣ ཉིན་དུས་བབ་གསར་འགོད་པས་བདེ་སྲུང་དྲུང་ཆེ་མཆོག་ལ་གནས་ཚུལ་དེའི་སྐོར་བཅར་འདྲི་ཞུས་པའི་སྐོར་དུས་བབ་འདྲ་རྒྱ་ལས་ཐེངས་གཉིས་གསུམ་བཀླགས་རྗེས། གནས་ཚུལ་དེ་མགོ་ཉོག་རྦད་དེ་ཇེ་ཆེ་དང་། ཁ་མི་གསལ་བའི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་སོང་།

གནས་ཚུལ་འདི་གཞིས་བྱེས་བོད་མི་ཚང་མས་ཁ་གསལ་པོ་ཞིག་མཁྱེན་རྟོགས་ཡོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། དེ་ནི་གཅིག་ནས་༧གོང་ས་མཆོག་གིས་གཙོས་པའི་བཙན་བྱོལ་བོད་མིའི་དབུ་ཁྲིད་རྣམས་ཀྱི་སྐུ་ཕྱྭ་དང་། གཉིས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་གཏོར་བཤིག་ཡོང་མིན། གསུམ་ནས་གསང་མྱུལ་བ་དེ་བོད་ནས་བསླེབས་པའི་བོད་མི་ཞིག་ཡིན་པ་སོགས་ཚོར་ཤུགས་སྐྱེན་པོས་དང་ལེན་བྱེད་དགོས་པའི་གནས་ཚུལ་ཞིག་ཆགས་ཡོད་སྟབས། འདི་ག་བདེ་སྲུང་ལས་ཁུངས་ཀྱི་འབྲེལ་ཡོད་མཆོག་ལ་གནས་ཚུལ་དེ་བདེ་སྲུང་ནས་སྤེལ་བའི་གསལ་བསྒྲགས་དང་དུས་བབ་ཀྱིས་བཀོད་པའི་བཅར་འདྲི་གཉིས་ནང་ཁ་མི་གསལ་བའི་དོགས་གནས་ཁག་དང་། གསལ་བསྒྲགས་དང་བཅར་འདྲི་གཉིས་བར་མི་མཐུན་པའི་འགལ་ཟླ་ཇི་སྙིད་ཅིག་མཆིས་པ་དེ་དག་འདི་གར་བཀོད་ནས་དོགས་འདྲི་ཞུ་འདོད་བྱུང་།

གསལ་བསྒྲགས་ནང་རྒྱ་དཔོན་ “ལིའི་གཡུས་ཆུན་ཟེར་བའི་གཅིག་གིས་འཆར་གཞི་དང་དམིགས་ཡུལ་ཡོད་པའི་ཐོག་ནས་རྒྱ་ནག་གི་དམག་མི་ལས་བསྒྱུར་དང་སྤྱི་བདེ་ཉེན་རྟོག་པ་ཡིན་པའི་མི་གཅིག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སོ་མྱུལ་དུ་བཏང་སྟེ་༧གོང་ས་མཆོག་གི་སྐུ་ཕྱ་དང་འབྲེལ་བའི་གནས་ཚུལ་མཁོ་སྒྲུབ་བྱས་པ་མ་ཟད། བཙན་བྱོལ་སྒྲིགས་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་གནས་ཚུལ་མཁོ་སྒྲུབ་བྱས་ཡོད་པ་རེད”  ཅེས་དང་། ད་དུང་སྤེན་པ་ཚེ་རིང་གི་རྒྱབ་ལྗོངས་ལོ་རྒྱུས་ནང་ཁོ་ཆེད་ལས་སློབ་སྦྱོང་དང་སྦྱོང་བརྡར་སྤྲད་ཡོད་པའི་སོ་མྱུལ་བ་ཞིག་ཡིན་སྐོར་འཁོད་འདུག

དུས་བབ་བཅར་འདྲིའི་ནང་ “ དེ་དག་ཕལ་ཆེ་བ་སྤེན་པ་ཚེ་རིང་ཁོ་རང་ལ་སྐད་ཆ་དྲིས་ཏེ་ཁོ་རང་གིས་ལབ་པ་རྐྱང་རེད། རྒྱ་གཞུང་གི་དེ་འདྲ་བྱས་ནས་ང་བཏང་སོང་། ལས་འགན་དེ་དག་སྤྲད་སོང་། ཞེས་ཁོ་རང་གི་ལབ་པ་རེད། ཁོ་རང་གི་བཤད་པ་ལྟར་བྱས་ན། ཁོ་རང་སྔོན་མ་བཙོན་ཁང་དུ་ཚུད་འདུག་སྐབས་དེར་རྫོང་དཔོན་དང་ཉེན་རྟོག་པ་ཚོར་ཁ་རྩོད་ཤོར་འདུག་དེ་ནས་ལིའི་གཡས་ཆུན་ཟེར་བ་དེས་ཁྱོད་རང་བཙོན་ཁང་དུ་སྡོད་འདོད་མེད་ན་རྒྱ་གར་ལ་སོང་སྟེ་ལས་འགན་དེ་དག་བསྒྲུབ་དགོས་ཞེས་ཆེད་མངགས་བཏང་བ་ཞིག་རེད། ༢༠༠༩ ལོར་ཁོ་རང་རྒྱ་གར་དུ་ཡོང་བ་ཞིག་ཆགས་འདུག” ཅེས་ཁོ་པ་ཉེས་གཡོལ་ཐོབ་ཆེད་སོ་མྱུལ་ཀྱི་ལས་འགན་བླངས་པ་ཞིག་ཡིན་པར་གསུངས་འདུག

དོགས་འདྲི་དང་པོ།  གསལ་བསྒྲགས་དང་བཅར་འདྲི་གཉིས་ནང་གི་སྤེན་པ་ཚེ་རིང་སོ་མྱུལ་བ་ཆགས་པའི་རྒྱབ་ལྗོངས་དེ་གཉིས་ལས་བདེན་པ་གང་ཞིག་རེད་དམ། རྒྱབ་ལྗོངས་དེ་གཉིས་ཀ་སྤེན་པ་ཚེ་རིང་ཁོ་རང་གིས་བརྗོད་ཡོད་ན་དེ་གཉིས་མི་མཐུན་སྟབས། དང་པོ་གནས་ཚུལ་དེ་རིགས་ཁ་གསལ་བཟོ་དགོས་པ་གལ་ཆེན་པོར་མི་དགོངས་སམ།

བསམ་ཚུལ་དང་པོ། གལ་སྲིད་གསལ་བསྒྲགས་ནང་འཁོད་པ་ལྟར་ཁོ་པ་གུང་ཁྲན་ཏང་གི་སྦྱོང་བརྡར་སྤྲད་པའི་ཆེད་མངགས་སོ་མྱུལ་བ་ཞིག་ཡིན་ན། བདེ་སྲུང་ལས་ཁུངས་ནས་མནར་གཅོད་སྡུག་སྦྱོང་གང་ཡང་མ་བཏང་བར་འདྲི་རྩད་བྱས་པ་ཙམ་གྱིས་ཁོ་པས་ཁོ་རང་རྒྱ་གཞུང་གི་སོ་མྱུལ་བ་ཡིན་པ་དང་། ལས་འགན་གང་དེ་སྤྲད་ཡོད་པ། སྒང་གི་མགོ་ཁྲིད་སུ་ཡིན་སོགས་ལས་བསླ་པོས་ངོས་ལེན་བྱས་པ་དེར། བསམ་གཞིག་གཏོང་དགོས་པ་ཞིག་མ་རེད་དམ།

གལ་སྲིད་བཅར་འདྲིའི་ནང་གསུངས་པ་བཞིན་ཁོ་བོ་བཙོན་གྲོལ་ཐོབ་ཆེད་གསང་མྱུལ་གྱི་ལས་འགན་ལྕི་མོ་དེ་འདྲ་ཞིག་དང་དུ་བླངས་བ་ཡིན་ན། རྒྱ་ནག་གཞུང་གིས་བཙོན་པ་ཞིག་ལ་ཡིད་ཆེས་བློས་འགེལ་དེ་ཙམ་བྱས་ཏེ། སོ་མྱུལ་དུ་བཏང་པར་ཡིད་ཆེས་བྱས་ན་འགྲིག་གམ། རྒྱ་ནག་གཞུང་རང་གི་ངོས་ནས་བྱས་ཀྱང་། ཁོ་པས་རང་ཉིད་རྒྱ་གཞུང་གི་གསང་མྱུལ་བ་ཞིག་ཡིན་པ་དང་ལས་འགན་སོགས་གང་ཡིན་པ་འདི་གར་ངོས་ལེན་བྱས་ཏེ་ངོ་ལོག་པ་ཞིག་ཆགས་སྟབས། ཕྱིས་སུ་བོད་ལ་ལོག་ན་དཀའ་ངལ་འཕྲད་སྲིད་པ་དང་ལྷག་པར་བོད་དུ་ཡོད་པའི་ཁོ་པའི་ནང་མི་ཡང་རྒྱ་གཞུང་གི་ཡན་པོར་འཇོག་མི་སྲིད་པ་ཁོ་པས་ཤེས་ངེས་ཡིན་ལ་ང་ཚོས་ཀྱང་ཤེས་གསལ་ཡིན། དེས་ན་ཁོས་སྡུག་སྦྱོང་དང་མནར་གཅོད་གང་ཡང་མ་བཏང་ཡང་། ཁོ་རང་རྒྱ་གཞུང་གི་སོ་མྱུལ་བ་ཡིན་པ་ངོས་ལེན་བྱས་པ་དེར་དགོངས་པ་བཞེས་རྒྱུ་ཏན་ཏན་ཡོད་པར་མི་མཐོང་ངམ།  

དོགས་འདྲི་གཉིས་པ། གསལ་བསྒྲགས་དང་བཅར་འདྲི་གཉིས་མཐུན་པའི་ཆ་ནི། རྒྱ་དཔོན་ལིའི་གཡུས་ཆུན་གྱིས་ཁོ་པ་བཀྲ་ཤིས་རྒྱལ་མཚན་དང་ཀརྨ་ཡེ་ཤེས་གཉིས་དུག་རྫས་བེད་སྤྱོད་ཀྱིས་ལྐོག་གསོད་གཏོང་དགོས་པའི་ལས་འགན་སྤྲད་པ་དང་རྒྱུ་མཚན་ནི་༼ཁོང་གཉིས་ཀྱིས་རྒྱ་ནག་ལ་དྲག་སྤྱོད་གཏོར་རྒོལ་གྱི་ལས་འགུལ་ཆེན་པོ་ཞིག་སྤེལ་རྒྱུའི་ཁས་ལེན་བྱས་ཏེ་བོད་གཞུང་ལ་ཡི་གེ་ཞིག་ཕུལ་ཡོད་པ་རེད་༽ཅེས་པའི་ནང་བཀྲ་ཤིས་རྒྱལ་མཚན་དང་ཀརྨ་ཡེ་ཤེས་གཉིས་ཀྱིས་རྒྱ་ནག་ལ་དྲག་སྤྱོད་གཏོར་རྒོལ་གྱི་ལས་འགུལ་ཆེན་པོ་ཞིག་སྤེལ་རྒྱུའི་ཁས་ལེན་གྱིས་བོད་གཞུང་ལ་ཡི་གེ་འཕུལ་བ་དེ་ཁོང་གཉིས་བོད་ལ་ཡོད་པའི་སྐབས་ཀྱི་གནས་ཚུལ་རེད་དམ་ཡང་ན་རྒྱ་གར་ལ་སླེབས་པའི་རྗེས་ལ་རེད་དམ། ཡང་སྙིང་གནས་ཚུལ་དེ་འདྲ་ཞིག་ངོ་ཐོག་ལ་ཡོད་དམ། ཁོ་པ་ ༢༠༠༩ ལོར་རྒྱ་གར་དུ་འབྱོར་ནས་ད་བར་ལོ་བཞི་ལྷག་ཙམ་ནང་ཁོ་གང་དུ་བསྡད་པ་དང་གང་དུ་ལས་ཀ་བྱས་པ་རེད་དམ། ཁོས་གསང་མྱུལ་གྱི་ལས་འགན་ག་རེ་སྒྲུབ་ཐུབ་ཡོད་དམ། 

མཁྱེན་ལྡན་གྱི་ཀློག་པ་པོ་རྣམ་པ་ལགས། ངས་དེ་གར་སྤེན་པ་ཚེ་རིང་ཟེར་བ་དེ་སོ་མྱུལ་ཆགས་པའི་རྒྱབ་ལྗོངས་ནས་ཐེར་འདོན་དང་དྲི་རྩད་བྱས་པ་སོགས་གནས་ཚུལ་གྱི་བརྒྱུད་རིམ་ཁ་གསལ་པོ་མེད་པ་དེ་ཁ་གསལ་པོ་བཟོ་དགོས་པའི་རེ་སྐུལ་ཞུས་པ་ཙམ་ལས་ཁོ་པ་སོ་མྱུལ་བ་མིན་པའི་ར་སྤྲོད་བྱེད་ཀྱི་མེད་ལ། བདེ་སྲུང་ལས་ཁུངས་ནས་ཁོ་པ་འཛིན་བཟུང་དྲི་རྩད་གནང་བར་དེ་བས་ཁངས་ར་བྱེད་ཀྱི་མེད།

སྤྱིར་ང་ཚོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་ཚོགས་པ་ཁག་གི་བརྩམས་དང་རྩོམ་བཞིན་པའི་ལས་འགུལ་ཁག་ནི་འཛམ་གླིང་ཡོངས་ལ་ཁ་གསལ་གཏིང་གསལ་ཡིན་པ་ལས་གསང་བ་བྱེད་དགོས་པ་ཞིག་གཏན་ནས་མེད་པ་ཟད། ང་ཚོའི་འཐབ་རྩོད་ནི་བདེན་པའི་འཐབ་རྩོད་དང་ང་ཚོའི་ལས་འགུལ་ནི་ཞི་བའི་ལས་འགུལ་ཡིན་སྟབས་རྒྱ་ནག་གཞུང་དང་མི་མང་ག་ཚོད་ཙམ་མང་བས་ཤེས་རྟོགས་བྱུང་ན། དེ་ཙམ་གྱིས་དགེ་ཕན་ཆེ་བ་ཡོང་བ་ལས་གནོད་སྐྱོན་གང་ཡང་མེད།

འོན་ཀྱང་རྒྱ་གཞུང་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཆེད་དུ་མི་སྣ་མངགས་ཏེ་༧གོང་ས་མཆོག་གཙོས་པའི་གནད་ཡོད་མི་སྣར་གནོད་འཚེ་དང་། གྱོད་ཁ་མཆུ་བཟོས་ནས་བོད་མིའི་སྒྲིག་འཛུགས་གཏོར་བཤིག་གཏོང་བའི་ལས་འགུལ་ཏན་ཏན་སྤེལ་སྲིད་སྟབས། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་བྱེད་རྒྱུ་ཤིན་ཏུ་འགལ་ཆེན་པོ་ཡིན་ལ། གལ་སྲིད་མི་སྣ་དེ་འདྲ་ངོ་འཕྲོད་ལག་ཟིན་བྱུང་ན་ཐག་གཅོད་ནན་པོ་བྱེད་དགོས་པ་ལས་ངན་པ་རྒྱ་ཡན་དུ་ནམ་ཡང་གཏོང་ཐབས་མེད།

༢༠༡༣ ཟླ་ ༥ ཚེས་ ༣༠ ལ།།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༨ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༨ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༣ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 2

  1. འབྲུག་གྲགས་རྒྱལ་པོ། says:
    ལོ་ 13 སྔོན།

    མང་གཙོ་ཡིན་ཡང་སོ་སོའི་ས་མཚམས་རེ་ངེས་པར་ཡོད་དགོས། དེ་ལས་བརྒལ་མི་ཉན། འཁྲུག་རྐྱེན་དུ་འགྲོ་གི་རེད། སྤྱི་ལ་ཕན་ཐོགས་པའི་དགོངས་པ་བཞེས་གལ། གནས་ཚུལ་མང་པོ་ཞིག་ལ་ཕྱི་ནང་བྱེད་དགོས་པའང་མང །

    Reply
  2. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    གནད་དོན་འདི་རིགས་ཟུར་ནས་བཞུགས་མཁན་ཚོས་ལབ་དེ་ཏག་ཏག་གནས་ཀྱི་མ་རེད། ལས་གནས་སྟེང་དངོས་སུ་ཞུགས་ཏེ་ལས་ཀ་བྱས་ཡོང་ན་ད་གཟོད་ཁ་གསལ་བོ་ཅི་ཙམ་བཟོ་དགོས་མིན་ཧ་གོ་ཡི་རེད། ངས་བལྟས་ནས་ད་ཐེངས་བདེ་སྲུང་གིས་བཤད་ལུགས་བྱེད་སྟངས་དེ་ཧ་ལས་པ་འདུག འདིའི་ལྷག་ཅིག་ཁ་གསལ་བཟོ་དགོས་ཀྱི་མི་འདུག མ་གཞི་ནས་གསང་པ་དང་སོ་པའི་གནས་ཚུལ་འདི་མི་རྣམས་ཀྱི་འདོད་བློ་ཚིམས་པ་ཞིག་འགྲེལ་བཤད་བྱས་ན། དེ་གསང་པ་ཉར་ཞོག་དང་གསང་བ་དང་འབྲེལ་བའི་གནས་ཚུལ་སྒྲུག་ཕྱོགས་གཞན་དང་གཞན་ལ་མཐུན་གྱི་ཡོད་མེད་མི་ཤེས་པས། ཁ་གསལ་ཚད་གསལ་བསྒྲགས་ཟིན་པ་འདི་ཙམ་ལས་དགོས་ཀྱི་མི་འདུག་པ་དེ་དོན་ཐུགས་མངའ་ཞུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese