མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསྟན་འཛིན་བརྩོན་འགྲུས་ཀྱིས་དགོངས་པ་ཞུས།

བོད་ཀྱི་དུས་བབ།
༢༠༡༣/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

གཞོན་ནུའི་དབུས་རྒྱུན་སྐབས་བཅོ་ལྔ་པའི་གསར་དུ་བདམས་ཐོན་བྱུང་པའི་རྒྱུན་ལས་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་དགོངས་པ་ཞུས་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐབས་བཅོ་ལྔ་བའི་ཚོགས་ཆེན་ཕྱི་ཟླ་ ༥ པའི་ཚེས་ ༢༧ ནས་ཟླ་འདིའི་ཚེས་ ༡ ཉིན་བར་ཚོགས་པའི་སྟེང་། གཞོན་ནུ་ལྷན་ཚོགས་ཀྱི་སྐབས་བཅོ་ལྔ་པའི་དབུས་རྒྱུན་ ༡༠ གསར་དུ་བདམས་ཐོན་བྱུང་ཡོད་པའི་ཁྲོད། ངྷ་ས་ས་གནས་གཞོན་ནུའི་ཤེས་ཡོན་འགན་འཛིན་བསྟན་འཛིན་བརྩོན་འགྲུས་ལགས་ཨང་དྲུག་པར་བསླེབས་ཏེ། སྐབས་བཅོ་ལྔ་པའི་དབུས་རྒྱུན་ཁྲོད་བདམས་ཐོན་བྱུང་ཡོད་ཀྱང་། ཕྱི་ཚེས་ ༣ ཉིན་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་སྒེར་གྱི་དཀའ་ངལ་ཞིག་གི་མིང་ཐོག་ནས་དབུས་རྒྱུན་ཁང་ལ་དགོངས་ཞུ་ཕུལ་བར། ཕྱི་ཚེས་ ༤ ཉིན་དབུས་རྒྱུན་གསར་པས་ཁོང་ལ་དགོངས་པ་འཁྲོལ་པའི་ཐག་གཅོད་བྱུང་ཡོད་འདུག

གསར་འགོད་པས་ཁ་པར་བརྒྱུད་དབུས་གཞོན་ནུའི་རྒྱུན་ལས་ཁང་ལ། བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་དགོངས་པ་ཞུས་པའི་སྐོར་ལ་བཅར་འདྲི་ཞུས་པར། གཞོན་ལྷན་དྲུང་ཆེ་བཀྲ་ཤིས་ལམ་བཟང་ལགས་ཀྱིས། བསྟན་འཛིན་བརྩོན་འགྲུས་ཀྱིས་སྒེར་གྱི་དཀའ་ངལ་ཐོག་ནས་དགོངས་པ་ཞུས་ཡོད་པ་དང་། འགྲོ་སྟངས་ལྟར་ན་དབུས་རྒྱུན་གསུམ་ཆ་གཉིས་ཀྱིས་དགོངས་ཞུར་མོས་མཐུན་བྱུང་ན་དགོངས་པ་འཁྲོལ་གྱི་ཡོད་པ་ལྟར་བསྟན་འཛིན་བརྩོན་འགྲུས་ལ་དགོངས་པ་འཁྲོལ་ཡོད་སྐོར་དང་། ངྷ་ས་ས་གནས་གཞོན་ནུ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་ལྟར་ཁོང་གིས་ས་གནས་གཞོན་ནུའི་ནང་ཕྱག་ལས་མུ་མཐུད་གནང་རྒྱུ་ཡིན་སྐོར་བརྗོད་བྱུང་།

ཡང་གསར་འགོད་པས་བསྟན་འཛིན་བརྩོན་འགྲུས་ལགས་སུ་དབུས་རྒྱུན་ནས་དགོངས་པ་ཞུ་དོན་སྐོར་དྲིས་པར་ཁོང་གིས་ད་ལྟའི་ཆར་དེའི་ཐད་གང་ཡང་བཤད་རྒྱུ་མེད་སྐོར་བརྗོད་བྱུང་།

གསར་འགོད་པ། བནྟེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༦ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༧ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༡ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 8

  1. ཡུལ་གྱར་བ། says:
    ལོ་ 13 སྔོན།

    ང་ཚོའི་སྤྱི་ཚོགས་ཐོར་ཤིག་ཏུ་གཏོང་འདོད་པ་ནི་རྒྱ་ནག་དམར་པོའི་གཞུང་གི་རེ་བ་ཉག་གཅིག་དང་།
    ལུག་སྤག་གྱོན་པའི་སྤྱང་ཁྱི་གྲོད་པ་ནང་བཏད་དང་བློ་ཁ་ཕྱི་ལ་ཕྱོགས་པའི་རྒྱ་ནག་དམར་པོའི་དངུལ་ལོར་གྱི་རྒྱུགས་ཁྱི་དེ་དག་རེད།
    ཁོ་ཚོའི་བསམ་དོན་དེ་དག་ལམ་དུ་མི་རྒྱུགས་པ་དེ་ཤེས་ལྡན་ལྷག་བསམ་ཅན་རྣམས་པས་འགན་འཁུར་མང་ཙམ་དང་མགོ་བོ་རྨོངས་བའི་ཁོ་བོ་ཅག་ལ་ལམ་བསྟོན་བྱེད་པའི་དུས་སུ་བབས།
    རྩམ་ཟན་བོད་པ་ཞིག་གི་ངོས་ནས་རེ་བ་བྱེད་རྒྱུ་ནི་ཚོགས་པ་ཐོར་ཤིག་དང་དུམ་བུ་དུམ་བུར་མི་འགྲོ་བའི་ཆེད་ཚོགས་མི་རྣམས་བསམ་ཤེས་དང་མ་འོང་གི་བྱ་བཞག་ཆེད་ནམ་ཡང་ཆིག་སྒྲིལ་ཡོང་བར་རེ་སྨོན་ཅི་ནས་བྱེད་བཞིན་ཡོད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་ བྱས་ཉེས་འདི་སྐབས་སྐབས་བཅུ་བཞི་བའི་རྒྱུན་རེ་གཉིས་ཤིག་གི་ཧམ་སེམས་ཧོལ་རྒྱུག་གིས་བཟོས་པ་རེད། འདས་པའི་ལོ་གསུམ་ནང་གང་དྲན་དྲན་དང་གང་འདོད་འདོད་ལས་པའི་ཉེར་ལེན་གྱི་དབང་གིས་སྤྱི་ཚོགས་ཀྱི་མིག་ནང་དུ་གཞོན་ནུ་དོལ་རྒྱལ་ཚོགས་པ་ལྟ་བུ་ཞིག་བཟོས་བཞག་པ་རེད། ཚོགས་གཞོན་གྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཏོར་བཤིག་བཏང་རྗེས་ཁོ་རང་ཁཱ་ན་ཊྲར་ལམ་ཁ་བཟོས་བཞག་ཡོད་པ་རེད། ་་་་་་ཟེར།

    Reply
  3. གནས་ཚང་། says:
    ལོ་ 13 སྔོན།

    མདོར་དེད་ན། རང་བཙན་ཞེས་པའི་ཡིག་འབྲུ་འདི་གཉིས་ཀྱིས་ལྷ་མི་འདྲེ་གསུམ་ཆ་ཚང་དཀྲིགས་སོང་བ་རེད། དེ་ལས་ལྡོག་ནས་ལྷ་དགོངས་དཀྲིགས་མེད་པ་ཡིན་ན། གཞོན་ལྷན་ཁག་གཉིས་སུ་གྱེས་ཀྱི་མ་རེད་ལ། ཆུ་སྒང་གསར་རྙིང་ལྟར་འགྱུར་སྲིད་ཀྱི་མ་རེད། དེ་མིན་དོན་གྲུབ་ལྷ་དར་དང་བསྟན་འཛིན་བརྩོན་འགྲུས་སོགས་དཔའ་བོ་རང་རེད་ལ། བོད་ལ་ཤ་ཚ་མཁན་གྱི་མིག་དཔེ་རང་རེད། ནོར་ས་ཞིག་ཡོད་ཚེ་སྤྲེལ་ལད་འཁྲབ་ཀྱི་མེད་པ་དེ་རེད། དེ་བས། ཟ་ཡ་འཐུང་ཡ་ཙམ་མ་གཏོགས་ཀླད་པའི་ནང་མེད་མཁན་ཚོས་གང་མང་བྱུང་མི་ལབ་རོགས་ཞུ་རྒྱུ་ཡིན།

    Reply
  4. ཀརྨ་ཚེ་རིང་། says:
    ལོ་ 13 སྔོན།

    སྐབས་བཅུ་བཞི་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་རྣམས་ཀྱིས་ནག་ཉེས་གནམ་མཁར་མི་ཤོང་པ་བསགས་སོང་། གཞོན་ནུ་ལྷན་ཚོགས་ཀྱི་འདས་པའི་མི་ལོ་ ༤༠ རིང་གི་ལོ་རྒྱུས་ནང་ནག་ཐིག་ཆེ་ཤོས་དེ་ཕབས་ཡོད། གནས་ཚུལ་འདི་དག་ཡོངས་རྫོགས་ཀྱི་རྒྱབ་ལོག་ནས་སྒྲུབ་མཁན་ཚོགས་གཞོན་གྱི་མིང་འཁུར་མཁན་དོན་གྲུབ་ལྷ་དར་རེད། ཡིན་ནའང་མིང་ཆལ་ངན་པ་དེ་རྒྱུན་ལས་ཚང་མ་དང་ལྷག་དོན་དུ་ཚོགས་གཙོ་ཚེ་དབང་རིག་འཛིན་གྱི་སྟེང་དུ་བབ་ཡོད་པ་རེད།
    བོད་ཀྱི་གཞོན་ནུ་ལྷན་ཚོགས་དུམ་བུ་གཉིས་སུ་གཏོང་བ་ལས། གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་གཏོང་པ་དང་། ཡང་ན་གཞོན་ལྷན་རྦད་དེ་སྒོ་བརྒྱབ་ཡོད་ན་དེ་ཡག་ཤོས་རེད། གཞོན་ནུ་དུམ་བུ་གཉིས་སུ་བཏང་བ་འདི་གཞོན་ནུ་ལྷན་ཚོགས་ལ་གྱོང་ཆེན་པོ་ཡིན་པ་མ་ཟད། བོད་སྤྱི་བའི་རྩ་དོན་དང་བོད་མིའི་ཆིག་བསྒྲིལ་ལ་དོ་ཕོག་ཆེན་པོ་བཟོས་ཡོད། བྱས་ཉེས་འདི་སྐབས་སྐབས་བཅུ་བཞི་བའི་རྒྱུན་རེ་གཉིས་ཤིག་གི་ཧམ་སེམས་ཧོལ་རྒྱུག་གིས་བཟོས་པ་རེད། འདས་པའི་ལོ་གསུམ་ནང་གང་དྲན་དྲན་དང་གང་འདོད་འདོད་ལས་པའི་ཉེར་ལེན་གྱི་དབང་གིས་སྤྱི་ཚོགས་ཀྱི་མིག་ནང་དུ་གཞོན་ནུ་དོལ་རྒྱལ་ཚོགས་པ་ལྟ་བུ་ཞིག་བཟོས་བཞག་པ་རེད། ཚོགས་གཞོན་གྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཏོར་བཤིག་བཏང་རྗེས་ཁོ་རང་ཁཱ་ན་ཊྲར་ལམ་ཁ་བཟོས་བཞག་ཡོད་པ་རེད།

    Reply
  5. བློ་བཟང་རིན་ཆེན། says:
    ལོ་ 13 སྔོན།

    ངས་གོ་བ་བྱས་ན། ད་རེས་གཞོན་ནུ་ལྷན་ཚོགས་དུམ་བུ་གཉིས་ཆགས་དགོས་པའི་རྐྱེན་རྩ་གཙོ་བོ་དོན་གྲུབ་ལྷ་དར་རེད་འདུག་ཀྱང་། དེའི་རྒྱབ་ལོགས་ན་སྤྱི་འཐུས་ཀརྨ་ཡེ་ཤེས་འདུག་ཟེར།

    Reply
  6. འདྲེ་མགོ་རྡོ། says:
    ལོ་ 13 སྔོན།

    ཨོམ་མ་ཎི་པདྨེ་ཧཱུམ། སྙིང་རྗེ།

    Reply
  7. རྨེའུ་དཀོན་རྒྱམ། says:
    ལོ་ 13 སྔོན།

    ཐེངས་ ༡༥ དབུས་གཞོན་ལྷན་གྱི་ཚོགས་ཆེན་ལ་ཟུར་ཉན་དུས་ཚོད་གང་ཡོད་ཀྱིས་སོང་བ་ཡིན། སྐབས་དེར་དབུས་རྒྱུན་གསར་བའི་སྔོན་འགྲོའི་འོས་འདེམས་བྱེད་དུས། བསྟན་བརྩོན་དབུས་རྒྱུན་ལ་འདེམས་པར་དགག་བྱ་སུམ་ཅུ་ལྷག་བྱུང་སོང་མོད། གང་ལྟར་དབུས་རྒྱུན་གྱི་སྔོན་འགྲོའི་འོས་གཞིའི་ཁུངས་སུ་ཚུད་སོང་།

    ཚོགས་ཆེན་མཐའ་མའི་ཉིན་དེར་དངོས་གཞིའི་འོས་གཞི་འོས་འདེམས་བྱེད་དུས། བསྟན་བརྩོན་གྱིས་གསལ་བཤད་ཅིག་བྱས་སོང་། ཁོས་ཟེར་ན། ཁོ་ལ་མི་གཅིག་གཉིས་ཤིག་མ་ཡིན་པར་གཞོན་ནུའི་ཚོགས་མི་སུམ་ཅུ་ལྷག་གིས་དགག་བྱ་བྱས་པ་དེ། གཞོན་ནུའི་ན་ཚ་རྙིང་བ་ཞིག་གིས་ཡིན་པའི་རྣམ་འགྱུར་བཟུང་སོང་།

    དེ་ཉིན་བསྟན་བརྩོན་ལ་སྐྱོན་བརྗོད་ཀྱི་ཡིག་ཆ་མང་པོར་མཚན་རྟགས་བརྒྱབས་ནས་བཀྲམས་འདུག ཡིན་རུང་། བསྟན་བརྩོན་ལ་རང་ཉིད་བསྐྱར་ཞིབ་ཀྱི་འདུ་ཤེས་མ་བཟུང་བར་གཞོན་ནུའི་ན་ཚ་རྙིང་བར་ཁ་གཡར་བ་ནི། འགན་འཁུར་མེད་པའི་བྱ་སྤྱོད་ཅིག་རེད།

    མ་གཞི་ནས། བསྟན་བརྩོན་དེང་སང་། ཟགས་བཞིན་པའི་སྐབས་ཤིག་རེད། འདིའི་རྒྱུ་རྐྱེན་ག་རེ་ཡིན་ནམ། བསྟན་བརྩོན་གྱི་ཁོར་ཡུག་ལ་འགྱུར་བ་ཐེབས་པ་རེད་དམ། བསྟན་བརྩོན་གྱི་བྱ་སྤྱོད་མ་འགྲིག་པ་རེད་དམ། བསྟན་བརྩོན་ནི། བོད་དོན་ལས་འགུལ་བའི་མིང་ཞིག་ཡོད་རུང་། བསྟན་བརྩོན་ལ་གྲུབ་འབྲས་ག་རེ་ཡོད་དམ།

    ལྷག་པར་དུ། བསྟན་བརྩོན་གྱི་རྒྱབ་ལྗོངས་ལ་སུ་ཞིག་ཡོད་དམ། བོད་རྒྱལ་ཡོངས་རང་བཙན་མཐུན་གྱི་རྐང་འཛིན་པ་སུ་སུ་ཡིན་ནམ། སྤྱིར་ན། བསྟན་བརྩོན་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་ན། ཉོབ་སྣང་མི་སྐྱེ་མཁན་དཀོན་པའི་ཚོད་ཅིག་རེད། འདིའི་རྒྱུ་རྐྱེན་ག་རེ་ཡིན་ནམ།

    Reply
  8. Ngawang Norbu says:
    ལོ་ 13 སྔོན།

    ༄༅། བསྟན་འཛིན་བརྩོན་འགྲུས་ལགས་དབུས་རྒྱུན་ལས་དགོངས་པ་ཞུ་དོན་གཙོ་བོ་འཕལ་ཆེར་ཚོགས་གཙོར་བདམས་ཐོན་མ་བྱུང་བའི་རྐྱེན་ཡིན་སྲིད། གང་ལ་ཞུ་ན། བསྟན་བརྩོན་ལགས་ནས་ད་བར་བོད་ཀྱི་རྩ་དོན་ཆེད་རྒྱ་གར་ནང་ལས་འགུལ་མང་དག་གཅིག་བརྩམས་ཏེ་རྒྱ་གར་གཞུང་ནས་ཀྱང་ཁོང་ལ་དོགས་ཟོན་བཀག་ཉར་བྱེད་དགོས་པའི་གནས་སྟངས་ཆགས་ཡོད་ལྟབས་ཁོང་རང་ནས་ཀྱང་ཚོགས་གཙོར་བདེམས་ཐོན་ཡོང་བའི་རེ་བ་ཏན་ཏན་རྒྱབ་ཡོད་རེད་བསམ་ཀྱི་འདུག་ལ་འོས་བབས་ཀྱང་མཐོང་གི་འདུག དེ་མིན་སྒེར་གྱི་དཀའ་ངལ་ཡོད་ན་ས་རྒྱུན་ནང་ལ་ཡང་འཕྲེད་སྲིད། གང་ལྟར་ས་རྒྱུན་ནས་དགོང་པ་མ་ཞུས་པ་ཡག་པོ་རེད། མ་རྟོགས་ཕང་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese