མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསར་ཁང་(ERT)སྒོ་རྒྱག་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༣/༠༦/༡༤
Share on FacebookShare on TwitterShare on EmailShare on Whatsapp

གྷི་རི་སིའི་གཞུང་གིས་ཁྱབ་ཆེ་ཤོས་ཀྱི་གསར་ཁང་ཞིག་སྒོ་རྒྱག་རྒྱུ་གསལ་བསྒྲགས་བྱས་རྗེས་མང་ཚོགས་སྟོང་ཕྲག་མང་པོས་ངོ་རྒོལ་ཡར་ལངས་བྱས་འདུག

ཁ་སང་གྷི་རི་སིའི་རྒྱལ་ས་ཨེ་ཐན( Athen)ཞེས་པ་རུ། གྷི་རི་སའི་ངལ་རྩོལ་མཐུན་ཚོགས་ཀྱིས་སྣེ་འཁྲིད་པའི་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་བཅས་ཀྱི་མི་སྟོང་ཕྲག་མང་པོས་དུས་ཚོད་ ༢༤ རིང་གི་ལས་ཀ་མཚམས་འཇོག་གིས་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་འདུག དེ་ནི་ཕྱི་ཚེས་ ༡༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ པའི་ཐོག་གཞུང་གིས་གྷི་རེ་སེའི་ནང་ཁྱབ་རྒྱ་ཆེ་ཤོས་ཀྱི་གསར་འགྱུར་ལས་ཁུངས་ (ERT)སྒོ་རྒྱག་རྒྱུའི་བཀའ་ཁྱབ་བཏང་ཡོད་པ་དང་། གསར་ཁང་དེ་སྒོ་བརྒྱབ་པ་ཡིན་ན་ལས་བྱེད་ ༢༧༠༠ ལྷག་རང་བཞིན་གྱིས་ལས་མེད་ཆགས་ཀྱི་ཡོད་པ་རེད།

ཉིན་དེའི་ངོ་རྒོལ་རྗེས་གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་དང་མེ་འཁོར། སྨན་ཁང་། སློབ་གྲྭ་སོགས་སྒོ་རྒྱག་དགོས་བྱུང་ཡོད་པ་དང་། གཞུང་གིས་ཉེན་རྟོག་མང་པོ་བཏང་སྟེ་གཞུང་གི་ལས་ཁུངས་ཁག་ལ་སྲུང་སྐྱོབ་དམ་པོ་བྱས་ཡོད་འདུག

གསར་ཁང་དེ་སྒོ་རྒྱག་དོན་སྐོར་ལ་གྷི་རི་སིའི་སྲིད་བློན་ཨན་ཊོ་ནེ་སི་( Antonis Samaras) ལགས་ཀྱིས། གསར་ཁང་དེ་ནི་གཞུང་དངུལ་ཆུད་ཟོས་སུ་གཏོང་མཁན་གཙོ་གྲས་ཀྱི་མཚོན་རྟགས་ཤིག་ཡིན་པ་མ་ཟད། ལས་ཁུངས་དེའི་ནང་གི་ལས་དོན་མང་པོ་ཞིག་ཕྱི་གསལ་ནང་གསལ་མི་མེད་སྟབས། གཞུང་གི་ཐག་གཅོད་ལྟར་གསར་ཁང་དེ་སྒོ་རྒྱག་རྒྱུ་ཁབ་བསྒྲགས་བྱས་སྐོར་བརྗོད་འདུག

བྷི་བྷི་སིའི་ས་གནས་གསར་འགོད་པ་མཱ་ཁུ( Mark lowen)ལགས་ཀྱིས་རྒྱལ་ས་ཨེ་ཐན་ནས་བརྗོད་པ་ལྟར་ན། ད་རེབ་གྷི་རི་སིའི་གཞུང་གིས་གསར་ཁང་( ERT) སྒོ་རྒྱག་དོན་གཙོ་བོ། གསར་ཁང་དེར་ལྐོག་ཟ་རུལ་སུངས་ཤུགས་ཆེན་པོ་ཡིན་པ་མ་ཟད། གསར་ཁང་རང་གི་འཛིན་སྐྱོང་ལས་དོན་ཚགས་ཚུད་མེད་པ་བཅས་ལ་བརྟེན་ཏེ་སྒོ་རྒྱབ་ཡོད་པ་དང་།  དེ་ནི་གྷི་རི་སའི་བརྒྱུད་ལམ་སྟེང་གི་ནོར་འཁྲུལ་ཆེ་ཤོས་ཞིག་རེད་ཅེས་སོགས་བརྗོད་འདུག ཡིན་ནའང་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་གསར་འགོད་པ་ཁུ་རེ་སི་ཊོབ་ཧྥེ་ཡིས “དེ་ནི་གྷི་རི་སི་རྒྱལ་ཁབ་ཀྱིས་དམངས་གཙོ་རྩ་མེད་གཏོང་གི་ཡོད་པ་རེད་ ” ཅེས་ཧྥ་རན་སིའི་( AFP)གསར་ཁང་ལ་བརྗོད་འདུག

༢༠༠༩ ལོ་ནས་བཟུང་གྷི་རི་སི་རྒྱལ་ཁབ་ལ་དཔལ་འབྱོར་ཉམས་རྒུད་ཆེན་པོ་བྱུང་སྟེ། ཡུ་རོབ་མཐུན་ཚོགས་ཀྱིས་ཡུ་སྒོར་དུང་ཕྱུར་ ༡༣༠ ཡི་རོགས་རམ་གནང་ཡོད་འདུག་ལ། ༢༠༡༠ ལོར་ཡུ་རོབ་མཐུན་ཚོགས་དང་རྒྱལ་སྤྱིའི་དངུལ་ཁང་གཉིས་ཀྱིས་གྷི་རི་སི་ལ་ཡུ་སྒོར་དུང་ཕྱུར་ ༢༠༠ ཡི་བུ་ལོན་བཏང་ཡོད་འདུག དེང་སྐབས་གྷི་རི་སིའི་གྲོས་ཚོགས་ནང་གྲོས་ཆོད་བྱུང་དོན་ལྟར་ན། ད་ལོིའི་ལོ་མཇུག་བར་གཞུང་གི་ལས་བྱེད་ ༢༠༠༠ ལྷག་ལས་མེད་ཆགས་རྒྱུ་ཡིན་པ་དང་། ༢༠༡༤ ལོའི་ལོ་མཇུག་བར་གཞུང་གི་ལས་བྱེད་ ༡༡༠༠༠ ཙམ་ལས་མེད་ཆགས་རྒྱུ་ཡིན་པའི་ཚོད་དཔག་བྱས་འདུག  

 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༡༠ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese