མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་དང་པོ་ཚོགས་ཡོད།

བོད་ཀྱི་དུས་བབ།
༢༠༡༣/༠༦/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ངྷ་རམ་ས་ལའི་སྨན་རྩིས་ཁང་དུ་ལུས་སེམས་སྲོག་གི་བགྲོ་གླེང་ཞིག་མགོ་འཛུགས་གནང་ཡོད་པ་དང་། གོ་སྒྲིག་པའི་ངོ་སྤྲོད་ལྟར་ན་ཐེངས་འདིར་ཕྱི་རྒྱལ་དང་རྒྱ་གར། བོད་མི་བཅས་ཀྱི་ཆེད་མཁས་པ་ ༢༠ ཙམ་གྱིས་ཉིན་གསུམ་རིང་གཏམ་བཤད་བགྲོ་གླེང་གནང་རྒྱུ་ཡིན་འདུག

དེ་རིང་ཞོགས་པའི་ཆུ་ཚོད་ ༩།༣༠ སྟེང་ངྷ་རམ་ས་ལའི་དབུས་སྨན་རྩིས་ཁང་གི་ཚོགས་ཁང་དུ། ༼ ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ ༽ ཞེས་པ་དབུ་འཛུགས་གནང་སོང་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱ་གར་འབུམ་རམས་པ་ཨ་རུན་ཀ་པུར་(Dr.Arun Kapur)མཆོག་དང་། གཞན། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་ལགས། སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས། དབུས་བོད་མིའི་སྒྲིག་འཛུགས་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་ཉེ་འཁོར་དགོན་སྡེ་ཁག་གི་འགན་འཛིན་དང་སྐུ་ཚབ། གདན་ཞུའི་བགྲོ་གླེང་བ་རྣམ་པ། སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཁག་གི་འགན་འཛིན་རྣམས།  གཞན་སྨན་རྩིས་ཁང་གི་དགེ་ལས་སློབ་ཕྲུག་བཅས་མི་གྲངས་ ༥༠༠ ལྷག་ལྷན་འཛོགས་ཐོག སྐུ་མགྲོན་གཙོ་བོ་མཆོག་གིས་མཛད་སྒོ་དབུ་འབྱེད་ཀྱི་མར་མེ་ཞལ་འབྱེད་གནང་བ་དང་། ཚང་མ་སྐུ་བཞེངས་ཐོག་སྐར་མ་གཅིག་རིང་བོད་རྒྱལ་ཁབ་དང་མི་རིགས་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་དག་གི་ཆེད་དུ་ངག་བཅད་མྱ་ངན་ཞུས་སོང་།

མཛད་སྒོའི་ཐོག་མར་ཐེངས་འདིའི་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་དགེ་བཤེས་བསྟན་པ་བཀྲ་ཤིས་ལགས་ཀྱིས་བགྲོ་གླེང་གི་དམིགས་ཡུལ་དང་། ཉིན་གསུམ་རིང་གི་ལས་རིམ་ངོ་སྤྲོད་གནང་པ་ལྟར་ན། དེ་རེབ་ཀྱི་བགྲོ་གླེང་དེ་ནི་༧གོང་ས་མཆོག་གིས་སེམས་དང་སྲོག་གི་བགྲོ་གླེང་ཐེངས་ ༢༠ ལྷག་ཚོགས་ཟིན་ཡོད་པ་དང་། སྨན་རྩིས་ཁང་གི་ངོས་ནས་ཁོང་གི་བཀའ་དགོངས་ཀྱི་ཆ་ཤས་ཤིག་བསྒྲུབ་ཐུབ་ན་བསམ་པའི་ཀུན་སློང་འོག ༢༠༡༢ ཟླ་ ༨ ཚེས་ ༡༠ ཉིན་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་བཙུགས་ཏེ་འདས་པའི་ཟླ་བཅུ་ལྷག་གི་རིང་གྲ་སྒྲིག་བྱས་པ་ཞིག་ཡིན་པ་དང་། ཐེངས་འདིའི་བགྲོ་གླེང་ཐོག་ཨ་རི་དང་རྒྱ་གར་གྱི་ཆེད་མཁས་པ་དང་། གདན་ས་ཁག་ནས་དགེ་བཤེས་ལྷ་རམ་འཐོན་པ། དེ་བཞིན་བོད་པའི་སྨན་རམས་པ་དང་རྩིས་རམས་པ་བཅས་ཆེད་མཁས་པ་ ༢༠ ཡིས་ཉིན་གསུམ་རིང་གཏམ་བཤད་དང་བགྲོ་གླེང་གནང་རྒྱུ་ཡིན་འདུག

ཁོང་གིས་ “ད་རེབ་ཆེད་མཁས་པ་རྣམ་པས་སོ་སོའི་ལྟ་གྲུབ་དང་གཞུང་ལུགས་ཐོག་ནས་ལུས་སེམས་སྲོག་གི་ངོས་འཛིན་དང་གནས་ལུགས་སྤྱིའི་སྐོར་དང་། ལུས་སེམས་སྲོག་གི་རྒྱུ་རྐྱེན་སྐོར། ལུས་སེམས་སྲོག་གི་འབྲེལ་བའི་སྐོར། ལུས་སེམས་སྲོག་གི་འཁྲུགས་རྐྱེན་སྐོར། ལུས་སེམས་ལ་ནད་བཅོས་བྱེད་སྟངས་སྐོར་བཅས་ཀྱི་ཐད་ནས་གཏམ་བཤད་བགྲོ་གླེང་གནང་རྒྱུ་དང་། རྩ་བའི་བརྗོད་གཞི་ ༥ བོ་རེ་རེའི་སྟེང་བོད་ཀྱི་ནང་དོན་རིག་པ་དང་གསོ་བ་རིག་པ། རྩིས་རིག་པ། དེང་གི་རིག་གསར་ཚན་རིག་བཅས་ཀྱི་ལྟ་ཚུལ་དཀྱིལ་སྙིང་དུ་བཟུང་སྟེ་བགྲོ་གླེང་གནང་རྒྱུ་མ་ཟད། མཁས་དབང་སོ་སོས་སྐར་མ་ ༣༠ རིང་གསུང་བཤད་གྲུབ་རྗེས་ཉིན་ལྟར་ཆུ་ཚོད་ ༡ རིང་ཚོགས་བཅར་པ་དང་གསུང་བཤད་གནང་མཁན་བར་དྲི་བ་དྲིས་ལན་སོགས་བགྲོ་གླེང་ལྷུག་པོ་གནང་རྒྱུ་ཡིན་”ཞེས་བརྗོད་བྱུང་། ཐེངས་འདིར་ཡུལ་ལུང་འདྲ་མིན་ནས་སྨན་པ་སོགས་ཆེད་ལས་པ་མི་གྲངས་ ༣༠༠ ཙམ་ཚོགས་བཅར་གནང་ཡོད་འདུག

དེའི་རྗེས་སྐུ་མགྲོན་གཙོ་བོ་ཨ་རུན་ཀ་པུར་མཆོག་གི་གསུང་བཤད་ནང་། དེ་རིང་གི་བགྲོ་གླེང་ཚོགས་ཆེན་སྟེང་ཕེབས་མཁན་ཚོ་འཛམ་གླིང་ས་ཕྱོགས་འདྲ་མིན་ནས་ཕེབས་ཡོད་ཀྱང་། སྨན་རྩིས་ཁང་གིས་ཚང་མར་ལུས་སེམས་སྲོག་གི་གནད་དོན་འདིའི་ཐོག་ཐུན་མོང་གི་གྲོས་བསྡུར་དང་བགྲོ་གླེང་བྱེད་སའི་སྡིངས་ཆ་ཞིག་སྐྲུན་ཡོད་པ་དེས། ཉིན་གཉིས་གསུམ་རིང་བགྲོ་གླེང་བ་དང་ཚོགས་བཅར་པ་ཡོངས་ལ་ངེས་ཤེས་ཟབ་མོ་རེ་ཡོང་ཐུབ་པའི་གདེང་ཚོད་ཡོད་སྐོར་དང་། ང་ཚོ་ནི་དངོས་ཡོད་དཀའ་སྡུག་འདྲ་མིན་འོག་གནས་པའི་དུས་སྐབས་གཉན་འཕྲང་ཅན་ཞིག་ཆགས་ཡོད་པ་དང་། བགྲོ་གླེང་འདི་ལྟ་བུ་སྐབས་འཕྲད་ཀྱི་གནད་དོན་ཤེས་རྟོགས་ཟབ་ཏུ་གཏོང་རྒྱུ་ཙམ་མ་ཡིན་པར། གང་ཟག་སྒེར་དང་འགྲོ་བ་མིའི་རིགས་ཀྱི་རང་གཤིས་ལ་ཤེས་རྟོགས་ཐུབ་པའི་ཐོག ཀུན་སྤྱོད་ཀྱི་ཕོངས་པའི་འཛམ་གླིང་དང་ད་ལྟའི་སྤྱི་ཚོགས་འདིའི་ནང་བརྩི་མཐོང་དང་གུས་ལུགས། དྲང་བདེན་སོགས་ཀྱི་ཚོར་ཤུགས་བསྐྱར་གསོ་བྱ་རྒྱུར་རྒྱུ་རྐྱེན་ངོས་ཟིན་དང་ཁ་ཕྱོགས་ཇི་ལྟར་འཛིན་དགོས་པ་སོགས་ཀྱི་ཐད་ནས་བགྲོ་གླེང་འདི་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་བརྗོད་སོང་།

ཁོང་གིས་ “ངའི་མི་ཚེ་ཕལ་ཆེ་བ་སློབ་གྲྭ་དང་སློབ་གསོའི་ཁྲོད་ནས་བསྐྱལ་ཡོད་སྟབས། དེ་རིང་འདི་ནས་བྱིས་པའི་སེམས་ཁམས་འཕྲོད་བསྟེན་དང་ཚོར་བ་ཡིད་མུག་དང་འབྲས་ཏེ་ཞི་རྒྱུ་ཡིན། ངས་འདི་རིགས་ལ་འཚོ་གནས་ནད་རིགས་(lifestyle diseases) ཞེས་ཐ་སྙད་བེད་སྤྱོད་གཏོང་གི་ཡོད། འདི་ནི་དཀའ་ངལ་གྱི་རྐྱེན་རྩ་ནས་མགོ་འཛུགས་མ་ཐུབ་བར་དུ་སེལ་ཐབས་མེད། དེའི་རྐྱེན་རྩ་ནས་མགོ་འཛུགས་དགོས་ན་བྱིས་པའི་ཐོག་མའི་དུས་ཀྱི་འཚར་ལོངས་ལ་བལྟ་དགོས། ཐོག་མའི་དུས་ཀྱི་འཚར་ལོངས་ལ་ལྟ་སྐབས་ལན་ཆ་ཚང་ཕལ་ཆེར་རྒྱག་མི་ཐུབ་ཀྱང་། ངས་ཤེས་པ་དེ་ཤེས་ཡོན་ཡིན། ཁ་ཕྱོགས་མ་ནོར་བའི་ཤེས་ཡོན་གྱིས་འཚོ་གནས་ནད་རིགས་བྱེ་བྲག་པ་འདི་རྩ་མེད་བཟོ་རྒྱུར་རྩ་བའི་ནུས་པ་འདོན་ཐུབ། བྱིས་པ་ལ་ཤེས་ཡོན་ཚད་ལྡན་ཞིག་འཇོག་རྒྱུ་དེ་མ་འོངས་པར་མི་ཚད་ལྡན་ཞིག་འབྱུང་བའི་རྨང་གཞི་རེད། དེ་དགེ་རྒན་དང་ཕ་མ། སྤྱི་ཚོགས་ཀྱི་འོས་འགན་ཙམ་མ་ཟད་ལས་འགན་ཆགས་ཡོད། ”ཅེས་བརྗོད་སོང་།

ཁོང་གིས་མུ་མཐུད་ “ངས་བགྲོ་གླེང་འདིའི་ཐོག་ནས་ལུས་སེམས་སྲོག་གི་གནད་དོན་ཐད་ཤེས་ཡོན་གྱིས་ནུས་པ་ཇི་ལྟར་འདོན་ཐུབ་པ་དང་མི་ཚེ་ལ་འགྱུར་བ་གཏོང་ཕྱོགས་སྐོར་ནས་ཏོག་ཙམ་ཞུ་རྒྱུ་ཡིན། ངས་ཤེས་ཡོན་(Education) ལ་གོ་བ་ལེན་སྟངས་ནི། ཤེས་ཡོན་གྱིས་ང་ཚོར་དུས་དང་གནས་བབ་ལ་བསྟུན་པའི་དགོས་པ་ངོ་འཕྲོད་དུ་འཇུག་པ། དེ་ཡང་སོ་སོ་ཙམ་མ་ཡིན་པར་ཁྱོན་ཡོངས་ནས་ངོ་འཕྲོད་ཐུབ་པ། ཁ་ཕྱོགས་མ་ནོར་པའི་ཤེས་ཡོན་ཟེར་ན་ང་ཚོ་སོ་སོའི་ཆེད་དུ་རང་རྐྱ་བར་འཚོ་གནས་མི་ཐུབ་པ་ཤེས་རྟོགས་དང་ངེས་པ་རྙེད་དུ་འཇུག་རྒྱུར་ཕན་ནུས་ཐོན་པ་དང་། དེས་ང་ཚོར་འཛམ་གླིང་ནི་མི་ཐེར་འབུམ་མང་པོ་ལས་གྲུབ་པ་ཞིག་དང་རང་ཉིད་དེའི་ནང་གི་རྐང་གཅིག་ཡིན་པའི་བློ་སྒོ་འབྱེད་ངེས། ངས་ཤེས་ཡོན་ལ་རྩ་བའི་གྲུབ་ཆ་ ༥ འཇོག་གི་ཡོད། དེ་དག་ནི། གང་ཟག་རེ་རེའི་འཇོན་ནུས་མངོན་འགྱུར་ཐུབ་རྒྱུ་དང་། མི་ཚེ་རིན་ཐང་ལྡན་པ་ཞིག་ཆགས་ཐབས། གདམ་ཀའི་རིན་ཐང་རྟོགས་པའི་རིག་སྟོབས་འཕེལ་བ། རང་བྱུང་ཁམས་དང་མཉམ་གནས་ཇི་ལྟར་བྱེད་དགོས་པ་ཤེས་སུ་འཇུག་པ། ང་ཚོ་འགྲོ་བ་མི་ཚད་ལྡན་ཞིག་ཇི་ལྟར་བྱ་དགོས་པ་དང་དེར་ནུས་པ་འདོན་པ་བཅས་བྱེད་ནུས་ནི་ཤེས་ཡོན་གྱི་གྲུབ་ཆ་ཟེར་ན་འདྲ་ནུས་པ་རེད།”ཟེར།

ཡང་ཁོང་གིས་ “མི་རེ་རེ་བཞིན་ང་ཚོའི་སྤྱི་ཚོགས་དང་རིག་གཞུང་གི་ཐོན་རྫས་རེད། ང་སུ་རེད། མི་ཚང་མ་ང་ཚོའི་ཁོར་ཡུག་གི་ཐོན་རྫས་རེད། ཐོན་རྫས་འདིའི་དབྱིབས་དང་ཁ་དོག་གང་འདྲ་ཞིག་ཆགས་མིན་ལ་རྩ་བའི་ཤུགས་རྐྱེན་སྤྲོད་མཁན་ ༥ རེད། ང་ཚོ་ཕ་མའི་རིགས་རྒྱུན་ལ་བརྟེན་ནས་ཆགས་པ་ཞིག་རེད། ཡུལ་བབ་སྲིད་བྱུས།  ཕོ་མོ་སོ་སོའི་ངོ་བོ། རིག་གཞུང་། ཡུལ་ལུང་ས་བབ་བཅས་ཀྱི་ཐད་ནས་ང་ཚོ་སུ་ཞིག་ཆགས་ཡོད་མེད་དང་དེ་ཇི་ལྟར་འཚར་ལོངས་བྱུང་མིན་ལ་ཤུགས་རྐྱེན་དང་། དེ་རིང་གི་ང་སུ་ཡིན་མིན་གྱི་ངོ་རྟགས་འདི་བྱུང་པ་རེད། དེར་བརྟེན་ང་ཚོ་མི་རེ་ངོ་རེ་ཐུན་མོང་མ་ཡིན་པའི་ཐོན་རྫས་རེ་ཆགས་ཡོད་པ་རེད་ལ། ཐུན་མོང་མ་ཡིན་པའི་བྱེད་པོ་རེ་ཡང་ཆགས་ཡོད་སྟབས། ང་ཚོ་མི་རེ་ངོ་རེ་མི་གཞན་ཞིག་གི་དབྱིབས་དང་ཁ་དོག་གང་འདྲ་ཞིག་ཆགས་མིན་ཐད་ང་ཚོས་ཤུགས་རྐྱེན་ངེས་ཅན་ཐེབས་ངེས་ཡིན་སྟབས། ཤུགས་རྐྱེན་དེ་ལེགས་ཕྱོགས་ནས་ཐོན་པ་བྱ་རྒྱུ་ཡིན་དང་ལྡོག་ཕྱོགས་ནས་ཐོན་པར་བྱ་རྒྱུ་ཡིན་ང་ཚོ་སོ་སོའི་ལག་ཏུ་ཡོད། ”ཅེས་བརྗོད་སོང་།

ཕྱི་ཚེས་ ༢༨ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥ དང་ཕྱེད་ཀའི་ཐོག་ཚོགས་ཆེན་མཇུག་སྡོམ་བྱ་རྒྱུ་ཡིན་པ་དང་། མཇུག་སྡོམ་མཛད་སྒོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕེབས་འཆར་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

བལ་ཡུལ་གཞུང་གསར་པས་རྒྱ་ནག་ཚུད་པའི་སུལའང་བལ་ཡུལ་གྱི་ས་ཁོངས་བེད་སྤྱོད་གཏོང་གི་འཇུག་གི་མིན་ཟེར། 

སྐར་མ ༧ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༩ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༢༠ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༤ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ མི་ཚང་མ་ང་ཚོའི་ཁོར་ཡུག་གི་ཐོན་རྫས་རེད། ཐོན་རྫས་འདིའི་དབྱིབས་དང་ཁ་དོག་གང་འདྲ་ཞིག་ཆགས་མིན་ལ་རྩ་བའི་ཤུགས་རྐྱེན་སྤྲོད་མཁན་ ༥ རེད།
    ང་ཚོ་ཕ་མའི་རིགས་རྒྱུན་ལ་བརྟེན་ནས་ཆགས་པ་ཞིག་རེད། ཡུལ་བབ་སྲིད་བྱུས། ཕོ་མོ་སོ་སོའི་ངོ་བོ། རིག་གཞུང་། ཡུལ་ལུང་ས་བབ་བཅས་ཀྱི་ཐད་ནས་ང་ཚོ་སུ་ཞིག་ཆགས་ཡོད་མེད་དང་དེ་ཇི་ལྟར་འཚར་ལོངས་བྱུང་མིན་ལ་ཤུགས་རྐྱེན་དང་། དེ་རིང་གི་ང་སུ་ཡིན་མིན་གྱི་ངོ་རྟགས་འདི་བྱུང་པ་རེད། ་་་་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese