མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངས་ལྷ་འཁྲུག་བརྗེད་ཀྱང་ང་ལྷ་འཁྲུག་གིས་བརྗེད་མེད།

བོད་ཀྱི་དུས་བབ།
༢༠༡༣/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཨ་ཚོགས་ཀླུ་མཁར་བྱམས།

   “བློ་གནད་ལ་མ་ཕབས་པའི་དགའ་དད་སྤྲོ་གསུམ་ཀྱི་སེམས་ཁམས་དེ་ཡིན་ན།   བཟང་དང་ངན་གང་རུང་ཞིག་གི་ལེགས་ཉེས་འབྱེད་བྱེད་ཀྱི་དཔང་པོར་རྩ་ནས་མི་འགྲོ  དེ་ནི་ལས་སླ་བོའི་ངང་ནས་བཟང་སྤྱོད་ཁྱད་འཕགས་ཅན་ཀྱི་རྒྱུ་རུ་འགྱུར་སྲིད་ལ། ཕྱོགས་མཚུངས་ཨུ་ཐུག་དུས་རང་བློ་འཚིམ་ཐབས་ཙམ་དོན་གཉེར་བྱེད་པའི་ཐ་ཤལ་བྱ་སྤྱོད་ཀྱི་ངོ་བོར་འཕེལ་སྲིད”

    ་་་་་་་བཱ་ཁལ་ཧ་བེལ (Vaclav Havel) ལགས་ཀྱིས།  

ཚོམས་ཆེན་དབུས་ནས་ཁ་མར་སློག་མཁན་དེས་་“ཐམས་ཅད་མཁྱེན་པ་མིའི་ཤ་ཚུགས་སུ་བྱོན་ཡོད་དུས། ཐུགས་ཕམ་ཡོང་སྲིད་དེ་ཁྱོད་རང་ཚོས་ཤེས་དགོས་པ་རེད་ད་་”ཟེར་ནས་གཡུལ་སྐུལ་གྱི་སྐད་འབོད་རེ་གནང་དུས། འོག་གི་གསན་མཁན་ཚོ་འུར་ཆིལ་ལེར་བྱེད་ལ། དེ་ནི་༼ཐུགས་ཕམ་༽གྱི་རྐྱེན་པས་ངྷ་སའི་ལྷ་འཁྲུག་གི་ཡོལ་རས་ཡོངས་སུ་ཕྱེ་བའི་རྟགས་མཚན་རེད། ལྷ་འཁྲུག་ཁྲོད་ཀྱི་ལྟད་མོ་དངོས་ནི་ལྟད་མོ་བའི་རྣམ་འགྱུར་དེ་ཡིན། ཁོ་ཚོའི་བྱེད་སྟངས་ལས་སྟངས་ཡིན་ན། སྔོན་རོམ་གྱི་རྒྱལ་བོ་དག་གི་སྤྲོ་རའི་ནང་གཅན་གཟན་དང་མི་འཛིང་བཅུག་པ་དང་། ཡང་ན་མི་དང་མི་དམར་འཛིང་བྱེད་སར་ལྟད་མོར་འཛོམས་པའི་མང་ཚོགས་ནང་བཞིན། རི་ངོགས་ཚང་གི་ལྟད་མོ་བ་ཚོའང་ཅིག་ལ་འུར་ལངས་ནས་རྒྱལ་རྔ་རྡུང་རྒྱུར་ཐེ་མི་ཚོམ་ལ། སྐད་ཅོར་དེར་ཞིབ་མོར་ཉན་ཚེ་སུ་ཕམ་སོང་ན་དེ་རྩ་མེད་བཟོ་རོགས་ཟེར་གྱིན་ཡོད། ལྷ་འཁྲུག་ཁྲོད་བོད་རང་བཙན་དང་བོད་གཞུང་དགོས་སྐོར་ཚོར་བ་བཤད་མཁན་ཚོ་ཕམ་ཁ་ཉོ་མཁན་ཡིན་ཤག་བྱས། ད་ཐེངས་ཕམ་སོང་བའི་མངོན་རྟགས་སུ་གཞོན་ལྷན་གྱི་ཚོགས་ཆེན་སྔ་སྣུར་དང་། མཐར་ཚོགས་པ་དུམ་བུ་གཉིས་སུ་གྱེས་ཤིང་། རང་བཙན་ཚོགས་འདུ་འཚོགས་མ་ཐུབ་པ་སོགས་རེད། ང་ཐའེ་ཝན་ནས་ནང་ལ་འབྱོར་མཚམས་ཨ་ཁུ་བློ་བཟང་གི་ཁ་པར་ཡོང་སྟེ། ཡང་ཁྱོད་གཞོན་ལྷན་གྱི་ཚོགས་ཐོག་ལ་སོང་ནས་འདྲ་མི་འདྲ་བཤད་མ་ཡོང་ཞེས་སེམས་ཁྲལ་གནང་གི་འདུག  དེ་དུས་ཨ་ནེ་བྷེང་བྷེ་ནས་ངྷ་སར་འབྱོར་རུང་རེད། ང་ཁོང་མོར་ཐུག་སར་ཕྱིན་དུས་༼ཐུགས་ཕམ་༽གྱི་གོ་ནོར་དབང་གིས་ཁ་གྲགས་ཀྱིན་མི་འདུག  གནས་ཚུལ་དེ་དག་ལས་ངས་ལྷ་འཁྲུག་ཁྲོད་ཕར་མ་བཙལ་རུང་། ལྷ་འཁྲུག་གིས་ང་ཚུར་བཙལ་བཞིན་པ་གསལ་བོ་རེད་ལ། ཡང་དེ་ནི་ཕམ་ཁ་ཅི་ལྟར་འཁུར་སྟངས་ཐད་ཀྱི་ཟབ་སྦྱོང་ཞིག་ཀྱང་རེད་ཟེར་ཆོག

རྒྱབ་ལྗོངས་ཀྱི་དབང་དུ་བྱས་ན་ཕམ་ཁ་དེར་ངོས་ལེན་དགོས་དོན་མེད་ཁར།  ལྷ་འཁྲུག་དེ་མ་གཞི་ལྷ་འཁྲུག་ཞིག་ཆགས་དགོས་དོན་མེད། ཐོག་མའི་སྐད་ཆ་ནི་བོད་རང་བཙན་དང་ལམ་དབུ་མ་ཟེར་བའི་རྒྱལ་དོན་རྩོད་གཞི་ཡིན་ཁུལ་རེད། མཐར་བརྗོད་གཞི་ཁ་བསྒྱུར་གྱིས་དད་པ་དམ་ཚིག་གཙང་མིན། དྲིན་ལན་བསམ་ཤེས་ཐུབ་མིན། བྱས་རབས་ངོ་སོ་འཁྱེར་རེས། ཡུས་བཤད་རེས། མཐར་ལྷ་དགོངས་དཀྲུགས་པའམ་ཐུགས་ཕམ་བྱུང་མིན་གྱི་སྒེར་དོན་ཁོ་ནའི་ཐོག་ཟགས་སོང་།  དེ་ནས་ཐུགས་ཕམ་གྱི་ཞྭ་མོ་འདི་རང་བཙན་པ་ཚོའི་ནང་གི་མགོ་ཅིག་འབུར་མཁན་མི་རེར་ཅང་རེ་གཡོག་སྟེ་འདྲེ་འདྲེ་རྐྱང་བཟོས་ཤིང་། ཞོར་ནས་རང་བཙན་འཐབ་རྩོད་ནག་པོ་བཟོ་བརྩིས་དང་། རང་བཙན་གྱི་ཚོགས་སྡེ་ཁག་གི་བར་དཀྲུགས་ཤིང་བརྒྱབ་སྟེ་ཁ་གཏོར་ཡ་བྲལ་ལ་བཏང་ཞིང་། མཐར་ཕམ་ཁ་ཉོ་མཁན་ཚོས་དགོངས་དག་ལབ་ནས་མགོ་འབུལ་བུས་བཙུགས་ཞུས་ཀྱང་བཟང་སྤྱོད་ཀྱི་བརྡ་ལན་ཙམ་ཡང་མེད། རིམ་པ་དེར་སླེབས་དུས་ལྷ་འཁྲུག་གི་རྒྱལ་ཕམ་ལ་གཏིང་ཐག་ཆོད་སོང་ལ། ཚོམས་ཆེན་དབུས་ནས་ཁ་མར་སློག་མཁན་དེས། སླར་ཡང་སྤྲོ་ཉམས་དང་བཅས། “རྒྱལ་བ་རིན་པོ་ཆེས་བཀའ་གནང་བ་དེ་གསལ་བཤད་ཙམ་ལས་རང་བཙན་གྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་པའི་གནོན་ཤུགས་མིན་པ་ཤེས་དགོས་པ་རེད་ད་” གསུངས་ཞོར་འཁྲབ་ཚན་དང་པོ་རྒྱལ་ཁའི་ངང་མཇུག་སྒྲིལ། སྐབས་དེར་རྒྱ་ནག་གི་བྱེད་སྟངས་ལ་རྒྱུས་ཡོད་ཅིག་ནས་པེ་ཅིན་གཞུང་གིས་ཀྱང་དམངས་གཙོར་ངོ་རྒོལ་མེད་ཟེར་ཞོར། དམངས་གཙོ་དོན་གཉེར་བ་རྣམས་དགྲ་འཛིན་སྟོབས་ཤུགས་ཀྱི་ལག་ཆ་རེད་ཟེར་ནས་རྩ་མེད་བཟོ་བཞིན་ཡོད་པ་རེད་ཅེས་ཁ་ནས་ཐོན་གྲབས་བྱས་ཀྱང་། བཟང་སྤྱོད་ཀྱི་བག་ཆགས་དབང་གིས་ཁོས་ཀྱང་ཁ་སངས་མ་ཐུབ།

རི་ངོགས་ཚང་གི་རླུང་གཡབ་རླབས་དཀྲུགས་ཀྱི་ལྷ་འཁྲུག་རེ་ཞིག་མཇུག་སྒྲིལ་རྗེས། ཉིན་ཤས་རྗེས་སུ་རྒྱལ་བ་རིན་པོ་ཆེས་ཨོ་སི་ཀྲོ་ལི་ཡར་ཕེབས་ཏེ། ཁོང་གིས་མང་ཚོགས་ལ་འདི་ལྟར་ “བོད་རང་བཙན་དང་བཙན་བྱོལ་བོད་གཞུང་ཟེར་བ་ཚོར་བའི་སྐད་ཆ་བཤད་མཁན་ཚོས། བོད་གཞུང་བསྡུ་གསོག་བརྒྱབ་སོང་ཞེས་སྐྱོན་བརྗོད་ཞེ་དྲག་བྱུང་། ངས་ཀྱང་དེར་གསལ་བཤད་མང་པོ་བྱས་པ་ཡིན། མཇུག་མཐར་ང་རང་ལ་རྒྱལ་ཁ་ཐོབ་པའི་བཟོ་འདྲ་བོ་ཐོན་སོང་” ཞེས་བཀའ་སློབ་བཀའ་དྲིན་བསྐྱངས། སོང་ཙང་ད་ནི་ལྷ་འཁྲུག་གི་བརྒྱུད་རིམ་དང་རྒྱབ་ལྗོངས་ཅི་ལྟར་ཡང་། གཙོ་བོ་ཁོང་གི་རྒྱལ་ཁ་འདིས༼ཡང་ན་ང་ཚོའི་ཕམ་ཁ་འདིས༽མགོན་པོ་གང་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་།  ལམ་དབུ་མ་ཐུགས་ལ་བསྣམས་ཏེ་རང་གི་སྐྱོང་ཡུལ་གངས་ཅན་ལྗོངས་སུ་ཞབས་སོར་འཁོད་རྒྱུའི་སྒོ་འཕེར་འབྱེད་ཐུབ་པ་ཡིན་ན། ངས་ནི་ཕམ་ཁ་འདི་དགའ་དད་སྤྲོ་གསུམ་ངང་དང་ལེན་བྱེད་བཞིན་ཡོད། རེད་དེ། རྒྱལ་བ་རིན་པོ་ཆེ་ཡོད་ཚད་ཀྱི་གོང་ལ་ཕུད་ཆོག་པ་ལས། ང་རང་ཚོ་འདྲ་བོས་ཁོང་ནང་བཞིན་དབུ་མའི་ལམ་མམ། མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱུང་ན་འགྲིག་ཡོད་ཟེར་ནས་ཕར་ཕྱིན་ན། རྒྱ་མིས་སྣེ་ལེན་བྱེད་སྲིད་ན་ལས། ཉི་མ་དེར་གཞིས་ལུས་མི་མང་གིས་རྡོ་རུབ་བརྒྱགས་ནས་ཕྱིར་ཕུད་པ་ཡིན་ན་ག་རེ་བྱེད་རྩིས་ཡོད། འདི་ནས་རྒྱ་མི་བཟང་རབས་བརྒྱན་རབས་བཤད་དེ་ཕར་ལོག་མཁན་ཚོའི་སྡོད་གནས་ལ་ལྕགས་ར་བསྐོར་ཏེ་དམག་གིས་སྲུང་བསྡད་ཡོད་པ་གོ་ལོས་ཡོད། དེ་དུས་ངས་བོད་སྐད་བཤད་ཤེས་ཀྱིན་ཡོད། བོད་ཆས་གོན་བསྡད་ཡོད། ང་ནང་པ་ཡིན་ཅེས་པ་ཙམ་ལ་མི་མང་གིས་ངོ་སོ་སྤྲོད་མི་ཡོང་བསམ་གི ཡིན་ན་ཡང་། རི་བོང་གནམ་བརྡིབས་ཀྱི་སེམས་ཁྲལ་དེ་ཚོ་སྔ་དྲག་སོང་། མ་གཞི་ལྷ་ཚོགས་དེ་དངོས་ནས་ཕར་ལོག་རྒྱུའི་ཐུགས་འདུན་ཡོད་མེད་ཀྱང་ཐེ་ཚོམ་ཡིན།

མཐའ་དོན། འཐབ་ན་མི་ཐུབ་པའི་བདེན་པ་ངོ་འཕྲོད་ཀྱང་། བྲོས་ན་མི་འདོད་བའི་ངན་གཤིས་འདི་བསྒྱུར་ཐབས་མེད་པར་སྣང་། སོང་ཙང་ང་ལ་མཁོ་བ་ནི་ཡོད་ཚད་ཅིག་ཅར་དུ་བརྗེད་ཐུབ་པའི་དངོས་གྲུབ་ཅིག་ཁོ་ཡིན། དེ་ནི་གླིང་སེང་ཆེན་བདུད་ལ་བྱོན་དུས་མེས་བཟའ་འབུམ་སྐྱིད་ཀྱིས་བརྗེད་ཟས་བརྗེད་ཆུ་དྲངས་ཏེ། ཁོང་གིས་གླིང་ལྷ་སྡེ་དཀར་པོའི་ཆག་འཇིག་དང་ལྕམ་ཆུང་འབྲུག་མོ་ཧོར་གྱིས་འཕྲོག་པའང་བརྗེད་སོང་བ་བཞིན། ངས་ཀྱང་བོད་རང་བཙན་དང་། བཙན་བྱོལ་བོད་གཞུང་། ཐ་ན་ལྷ་འཁྲུག་གི་གོ་རིམ་བཅས་པ་བརྗེད་ཐུབ་ཚེ་སྐྱིད་པ་ལ།  ཡིན་ནའང་། ངྷ་སའི་ལྷ་འཁྲུག་གིས་དད་པ་མེད་མཁན་ཚོར་སྒོ་བརྡུང་ཡོད་སྟབས། ཕར་ཙམ་རིང་ངས་ལྷ་འཁྲུག་བརྗེད་ཀྱང་ང་ལྷ་འཁྲུག་གིས་བརྗེད་མེད་པ་འདྲ།

            རྩོམ་པ་པོས་མཆན:   [ ཁ་སྔོན་ཕྱི་ཟླ་ལྔ་བར་ཐའེ་ཝན་བོད་ཀྱི་མཛའ་གྲོགས་ཚོགས་པ་གཙོས། ཚོགས་པ་ཁག་མཉམ་འབྲེལ་འོག རྒྱལ་ས་ཐའེ་པེ་རུ་<< ཐའེ་ཝན་ཡང་རྩ་སྟོང་དུ་འགྲོ་བའི་རྒྱལ་ཁབ་ཅིག་ལ་མི་འགྱུར་བའི་ཆེད་དུ། ལྷོ་སོག་དང་། ཡུ་གུར། བོད་བཅས་ཀྱི་ཐོག་ན་བློ་སྐྱེད་གང་ཡོིད། >>ཅེས་པའི་བརྗོད་གཞིའི་ཐོག རྒྱལ་སྤྱི་རང་བཞིན་གྱི་ཚོགས་འདུ་ཞིག་འཚོགས་པ་དང་།  ཚོགས་ཐོག་དེར་ལྷོ་སོག་དང་།  ཡུ་གུར་གྱི་འབྲེལ་ཡོད་མི་སྣ་གདན་ཞུས་གནང་འདུག་ལ། ཕྲན་བོད་ཀྱི་མིང་ཐོག་ནས་ཕྱིན།  སྐབས་དེའི་མཐོང་ཐོས་དང་། བརྒྱུད་ལམ་ཁག་གིས་ཡིག་དག་གཉིས་ཐོག་ནས་བཅར་འདྲི་བྱས་པ་བཅས་གཞིར་བཞགས་ཏེ། སྙན་ཞུའི་རྩོམ་ཡིག་གི་འབྲི་ཐབས་སྤྱད་ནས་རྩོམ་འདི་བྲིས་ཤིང་། རྩོམ་ཡིག་འདི་ནི་དེའི་ནང་གི་ལས་ཚན་དྲུག་པ་དེ་ཡིན། ]

 

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་མཆོག་གིས་ཨོ་གླིང་སིཌ་ཎི་བོད་རིགས་མི་མང་ལ་གསུང་བཤད་གནང་། ༢༠༢༥།༠༧།༡༡ པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་དང་མཉམ་དུ་སྒོ་རྒྱབ་ཀྱི་འབྲེལ་བ་ཡོད་ཀྱང་འབྲེལ་བ་སླར་གསོ་བྱེད་པར་ཕན་ཐོགས་གང་ཡང་བྱུང་མེད་ཅེས་གསུངས།

ཆུ་ཚོད་ ༣ སྔོན་ལ།
Arunachal Pradesh CM Pema Khandu (Photo/DNA)
Mobile App

རྒྱ་གར་དང་བོད་ས་འབྲེལ་ཡིན་པ་ལས་རྒྱ་ནག་ལ་འབྲེལ་བ་མེད་ཅེས་གསུངས།

ཆུ་ཚོད་ ༣ སྔོན་ལ།
པར་འགྲེལ། བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

བོད་སྐྱིད་གྲོང་ཁུལ་དུ་ཆུ་ལོག་བྱུང་རྐྱེན་རྒྱ་གར་གྱི་གནས་མཇལ་བ་ཕྱིར་ལོག་བཏང་།

ཆུ་ཚོད་ ༦ སྔོན་ལ།
མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་པར། ༢༠༢༥།༦།༣༠
Mobile App

༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་དེ་དབུལ་དགོས་པའི་འབོད་སྐུལ་ཞུས།

༢༠༢༥/༠༧/༠༩
རྒྱ་གར་ཡུལ་མི་རྣམས་ཀྱིས་བོད་རིགས་བྱིས་པའི་བྲིས་པའི་རི་མོར་གཟིགས་ཞིབ་གནང་བཞིན་པ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༥།༧།༧
Mobile App

བརྩེ་བའི་སྐུ་མདུན་ཞེས་པའི་རི་མོའི་འགྲེམས་སྟོན་བྱེད་བཞིན་འདུག 

༢༠༢༥/༠༧/༠༩
བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཝང་ཡུང་།
གསར་འགྱུར།

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཞིག་ལ་སྲོག་ཁྲིམས་གཅད་རྒྱུ་ཡིན་འདུག

༢༠༢༥/༠༧/༠༩

མཆན། 15

  1. ཤར་མདའ། says:
    ལོ་ 12 སྔོན།

    གོང་རྩོམ་ཡིག་དེ་བསམ་ཚུལ་ཞིག་བྲིས་པ་ཡིན་འོན་ཀྱང་དྲ་ཐོག་དུ་འགོད་མ་ཐུབ་པ་ཅི་ཡིན།

    Reply
  2. གནས་ཚང་། says:
    ལོ་ 12 སྔོན།

    བློ་མཐུན་བློ་དབང་ལགས། གུས་པས་གོ་ཐོས་ལྟར་ན། ར་རྒྱ་ནས་བོད་རངབཙན་སླད་སྐུ་སྲོག་ཕུལ་ཟིན་པའི་དཔའ་བོ་མང་པོ་ཞིག་བྱུང་ཡོད་ཚོད་འདུག དེ་དག་ཀྱང་མ་རིག་པའི་དབང་དུ་ཚུད་ཟིན་པ་རེད་དམ། མ་འོངས་པར་ར་རྒྱས་བློ་མཐུན་ཁྱོད་ལ་འཁོར་གསུམ་བསྐོར་གྱི་མ་རེད་པས། སྐད་ཆ་བཤད་དུས་ཅུང་ཙམ་བསམ་བློ་བཏང་ནས་བཤད་རོགས་ཞེས་ཞུ་རྒྱུ་ཡིན།

    Reply
  3. རྭ་རྒྱ་བློ་དབང་། says:
    ལོ་ 12 སྔོན།

    གནས་ཚང་། དོན་ཚན་བཅུ་བདུན་གྱིས་བོད་རང་བཙན་ཡིན་ཚུལ་གྱི་རྟགས་གསལ་དེས་འཁོར་གསུམ་སུ་ལ་སྐོར་འདོད་ཡོད།

    Reply
  4. རྭ་རྒྱ་བློ་དབང་། says:
    ལོ་ 12 སྔོན།

    གནས་ཚང་། དོན་ཚན་བཅུ་བདུན་གྱིས་བོད་རང་བཙན་ཡིན་ཚུལ་གྱི་རྟགས་གསལ་དེས་འཁོར་གསུམ་ལ་སྐོར་འདོད་ཡོད། རྒྱ་ནག་སྲིད་གཞུང་ངམ་ཡང་ན། གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་རེད། གོང་ས་མཆོག་གཙོས་པའི་བྱ་བ་དེའི་བརྒྱུད་རིམ་ཉམས་སུ་མྱོང་མཁན་དག་གིས་མ་མཐོང་བའི་གནད་འགག་ཅིག་ཁྱེད་ཀྱིས་ཀྱང་མཐོང་མེད་པར་འགན་ཁུར་ཐུབ་པ་ཞིག་མ་ཟད། རྒྱལ་རབས་ལོ་རྒྱུས་ཀྱི་རྒྱུན་ཤེས་དང་། ཆབ་སྲིད་ཐད་ཀྱི་བློ་རྒྱ་ཡང་ཁྱོད་ལ་ཡོད་པ་གང་དེས་མི་རིགས་ལ་སྲིད་གཏམ་གླེང་ངོ་སྐད་པ་དེ་ཡང་ཅི་འདྲའི་ངོ་ཚ་རྒྱུ་མེད་པ་ཞིག་རེད།

    Reply
  5. ཕུན་ཚོགས ། says:
    ལོ་ 12 སྔོན།

    ངས་ཨ་ཚོགས་ལ་བལྟས་ཀྱིན་བལྟས་ཀྱིན་ཡིད་ཆད་ཀྱི་སྣང་བ་ཞིག་གིས་ཁེངས་ཡོང་གི ཡིད་ཆད་ཀྱི་སྣང་བ་ཡོང་སྟངས་གསལ་བོར་བརྗོད་དགོས་བའི་དབང་དུ་བཏང་ན། དེ་ནི་ལྷ་དགོངས་དཀྲུག་མཁན་ཡིན་མིན་དང་། རང་བཙན་འཐབ་རྩོད་པ་ཡིན་ཚུལ་གྱི་ཐོག་ནས་བྱུང་བ་ཞིག་ཡེ་ནས་མིན།
    དེ་ནི་ཁོང་གི་ཨུ་ཚུགས་ཀྱི་གཤིས་ཀ་དང་། གྱོང་བོའི་ལས་ཀ དཔྱོད་ཤེས་བློ་མིག་གི་གཤོང་སྒང་བཅས་ནས་ཡོང་བའི་གཏམ་བརྗོད་དང་རྩོམ་ཡིག་གི་སྔ་ཕྱིའི་མིག་བསྐྱེད་དག་གི་བྱས་པ་ཡིན། ངས་ཁྱོད་ཉིད་རྒྱ་ནག་གི་ཆབ་སྲིད་ཉམས་ཞིབ་པ་ཞིག་ཡིན་པར་ཁས་འཆེ་མྱངས་ལ། ངས་ཁྱོད་ཉིད་ཆབ་སྲིད་དཔྱད་བརྗོད་པ་ཞིག་ཡིན་པའི་སྨོན་ལམ་བརྒྱབ་མྱངས། འོན་ཏེ། ཁྱོད་ལ་ཆབ་སྲིད་དཔྱད་བརྗོད་པའི་མིག་རྒྱ་ཡེ་ནས་མི་འདུག་ལ། དེ་ལས་ཀྱང་འདོད་བློ་ཁེངས་པའི་རྒྱ་ནག་ཉམས་ཞིག་མ་ཡོང་ཐག་གིས་ཆོད།
    ཆབ་སྲིད་དཔྱད་བརྗོད་པ་ཞིག་དང་། ལྷག་དོན་ཉམས་ཞིབ་པ་ཞིག་ཡིན་པ་ཡིན་ན་སྤྱི་ཚོགས་ཀྱི་གནས་བབ་དངོས་ཁས་ལེན་ཞུ་ཐུབ་དགོས་ལ། སྤྱི་ཚོགས་འགན་ལེན་གྱི་བློ་ཁོག་དགོས་པ་ནི་ཉམས་ཞིབ་པའི་རྒྱུན་ཤེས་ལྟ་བུ་ཡིན། འོན་ཏེ་རྩོམ་ཡིག་རེ་རེ་དང་། སྐད་ཆ་རེ་རེ་བཞིན་དེ་ལྟའི་འགན་འཁུར་དང་དཔྱོད་ཚུགས་ཀྱི་གཤིས་ཀ་ཡོངས་སུ་བོར་ཏེ། ཨུ་ཚུགས་དང་གྱོང་བོ། ཚོར་བཤད། མཐོང་ཐོས། ཟེར་སྒྲོས་ཙམ་ལ་གཞི་བཅོལ་བའི་སྔ་ཕྱིའི་རྩོམ་ཡིག་དང་དཔྱད་གཏམ་དག་གིས་ང་ལ་ཡིད་ཆད་ཀྱི་སྣང་བ་མཐུག་པོ་སྤྲོད་ཀྱིན་འདུག
    འདི་ལྟར་བརྗོད་དགོས་པའང་ཡུན་རིང་རེ་བཅོལ་དང་ཡིད་ཆེས། བརྩེ་འདང་བཅས་བཞག་པའི་རྒྱུ་མཚན་ལ་བརྟེན་ནས་མི་བརྗོད་ཐུ་མེད་ཀྱི་སྐད་ཆ་ཙམ་དུ་ཟད། མང་པོ་བརྗོད་དགོས་མི་འདུག་པ་ཁྱོད་ཀྱིས་ཀྱང་ཤེས་ངེས་དང་མཐོང་ཆོས་སུ་གྱུར་ཚར་འདུག་པ་དེའོ།

    Reply
  6. གནས་ཚང་། says:
    ལོ་ 12 སྔོན།

    བློ་མཐུན་བློ་དབང་ལགས། གལ་སྲིད་རང་བཙན་རྒྱལ་ཁབ་ཅིག་མིན་ན། གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་༼བོད་དེ་བཞིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མེས་རྒྱལ་ཁྭིམ་ཚང་ཆེན་པོསི་ནང་ལོག༽ཅེས་ཟེར་སྲིད་ཀྱི་མ་རེད། མ་ལོག་གོང་དུ་ཅི་ཞིག་རེད་དམ། རྒ་རྒས་ཆགས་སོང་ན་མ་གཏོགས་འདི་དག་ཤེས་འོད་པ་ཞིག་མ་རེད་དམ།

    Reply
  7. གོང་ཐུབ། says:
    ལོ་ 12 སྔོན།

    ཁྱོད་ཀྱི་མདོག་དང་ཁོང་གི་མདོག་མ་རེད། དངོས་ཐོག་ཏུ་མ་འོངས་བོད་མིའི་བདེ་སྡུག་དང་བོད་ལོང་པའི་སྲ་བརྟན། ཆག་འཇིག་བཅས་ལ་ཐབས་དབུ་ལམ་དང་། ལྟ་བ་རང་བཙན་གཉིས་གང་མཁོ་ཡི་འདུག བདེན་པ་གང་ལ་འདུག དཔེར་ན་མི་ལོ་བརྒྱ་ཕྲག་རྗེས་ཀྱི་རྩམ་ཕྲུག་ཅིག་ལ་ལྗགས་བྲོ་དང་གདེངས་སྤོབས་བསྐྲུན་དུ། གང་གལ་ཆེ་བ་དང་གང་གཙོ་འདོན་མཛད་ན་ལེགས་པ་འདུག འདི་ནས་དབུ་འཛུག་དང་བགྲོ་གླེང་གནང་ན་ཇི་འདྲ་རེད། གནད་དོན་ཕྱོགས་སྡོམ་པའང་དགོ་གི། མཁྱེན་རྒྱ་ཆེ་བ་དང་ཉམས་མྱོང་ཡོད་མཁན་ཚོས་ཅིག་གསུངས་དང་།

    Reply
  8. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    རཱ་བློ། འོ་ན་མན་ཇུ་མགོ་རྟིང་ལོག་ནས་གུང་ཁྲན་གྱི་དབང་བསྒྱུར་མ་སླེབས་བར་འབྲི་ཆུ་ཕར་ངོས་ཀྱི་ས་ཆ་དེ་ཚོ་སུས་དབང་བསྒྱུར་བྱས་ཡོད་པ་རེད། སུ་ལ་ཁྲལ་འཇལ་གྱི་ཡོད་པ་རེད། མན་ཇུས་ཡང་ན་གུང་ཁྲན་གྱིས། བྱས་ཙང་བོད་འདི་ཀྲུང་གོའི་བདག་དབང་ཆ་ཚང་ཡོད་རབས་ཀྱིས་རྫུན་བརྒྱ་བསྒྲགས་ནས་བདེན་པ་གཅིག་རག་ཐབས་བྱེད་པའི་ལམ་ལུགས་ཀྱི་རྫུན་བརྒྱབ་ཏུ་ལངས་དགོས་པའི་རྒྱུ་མཚན་ཅི་རེད། ཡང་ན་ཀྲུང་གོས་གང་འགྱོགས་གཞིས་འགུགས་གནང་རྒྱུར་རེ་བ་རེད་པས། བྱས་ན་འགན་འཁུར་ཡོད་པའི་དཔའ་སྐད་འདིས་མི་རིགས་དུར་ཁུང་དུ་མི་འདེད་པར་ཞིང་སར་འདེད་གྱི་ཡོད་པ་ཨེ་རེད།

    Reply
  9. རྭ་རྒྱ་བློ་དབང་། says:
    ལོ་ 12 སྔོན།

    གནས་ཚང་། ངས་ཁྱེད་རང་ཤེས། གང་ལྟར་མི་སྐྱོན་གི། དོན་དངོས་བཤད་དགོས་ན། བཙན་པོའི་རྒྱལ་རབས་རྗེས་ནས་བཟུང་ནམ་ཞིག་ལ་རང་བཙན་ཆགས་མྱོང་བ་རེད་དམ། མན་ཇུ་མགོ་རྟིང་ལོགས་པ་ནས་གུང་ཁྲན་ཏང་གིས་དབང་སྒྱུར་མ་སླེབས་བར་དུ་རང་བཙན་འདྲ་ཡིན་སྲིད་མོད། ས་རྒྱ་དེ་ཧ་ཅང་ཆུང་ཆུང་རེད་ཡ། གནས་ཚང་ཁྱོས་ལོ་རྒྱུས་ཀྱི་ཤེས་རྒྱ་དང་རྒྱལ་བ་རིན་པོའི་ཆེའི་ལོ་རྒྱུས་ཀྱི་ཤེས་རྒྱ་བསྡུར་ཐུབ་མི་འདུག ད་དངོས་གནས་སྟོང་བཤད་མང་པོ་མ་རྒྱག འགན་ཁུར་མེད་པའི་སྟོང་སྐད་རྐྱང་བརྒྱབ་ན་དངོས་གནས་མི་རིགས་འདི་དུར་ཁུང་ལ་འདེད་པར་རམ་འདེགས་སུ་གྱུར་འགྲོ་གི་ཡོད་པ་ཨེ་ཤེས། ཁྱོད་ཚོས་རྒྱལ་བ་རིན་པོ་ཆེར་ནོར་འཁྲུལ་གང་ནས་འབྱུང་གི་བརྟགས་ཤེས་པ་ཙམ་ལས། རང་ལས་ནོར་འཁྲུལ་ཇི་ལྟར་འབྱུང་གི་ཡོད་པ་བསམ་པ་ཙམ་ཡང་བྱ་མི་ཐུབ་པ་འདི་སྐྱོ་ཨང་།

    Reply
  10. བློ་སྤེན། says:
    ལོ་ 12 སྔོན།

    ཀླུ་མཁར་རང་ཉིད་སྐབས་བབས་འོས་འགན་དགུ་བཅུ་གསུམ་ཚོགས་པའི་ཚོགས་གཞོན་གྱི་གོ་མིང་འོག་ཚོགས་པ་དེ་འགོ་འདོམས་འཚོ་སྐྱོང་ཚུལ་ལྡན་བྱེད་ཐུབ་ཀྱི་མེད་པ་ཛ་དྲག་གནས་སུ་ཡོད་པ་ཚོགས་མི་ཕལ་ཆེ་བ་སྨད་ངག་འདོན་བཞིན་འདུག་པས་གཞན་ལ་ཟུར་ཟ་དང་སྐྱོན་བརྗོད་བྱེད་རྒྱུའི་གནས་སྟངས་ག་འདྲ་ཆགས་ཀྱི་ཡོད་མེད་རང་གི་རང་ལ་བསྐྱར་ཞིབ་བྱེད་དགོས་པ་དེ་ཕྱིར་མ་དྲག་ནང་སྔ་མི་འདུག
    གོ་ཐོས་ལ་ཁྱེད་རང་ལ་རང་བཙན་གྱི་ལྟ་བ་ཡོད་མདོགས་སྟོན་པ་ཙམ་ལས་དོན་དངོས་སུ་ག་ཚོད་ཙམ་ཡོད་མེད་བློ་དོགས་རེད། རྒྱུ་མཚན་ཁ་སྔོན་སུམ་བཅུ་དྲན་གྱི་གྲ་སྒྲིག་སྐབས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འགའ་ཚོགས་འདུ་ཐེངས་འགའ་ཤས་འཚོགས་སྐབས་གླིང་ཚའི་རྒྱ་དམར་གྱི་རྒྱལ་དར་འཕྱར་བ་རྒྱབ་སྐྱོར་བྱས་པ་མ་ཟད་དགུ་བཅུ་གསུམ་ཚོགས་པས་རྒྱབ་སྐྱོར་ཡོད་པ་གསལ་སྟོན་བྱས་ཡོད། དེ་ནས་ཁྱེད་རང་གི་ལངས་ཕྱོགས་དང་ལྟ་བ་ག་འདྲ་ཡོད་མེད་གསལ་པོ་རྟོགས་ཐུབ།
    ལྷག་དོན་ཁྱེད་རང་གིས་ཟུར་ཟ་དང་སྐྱོན་བརྗོད་བྱེད་ཡུལ་ནི་འཛམ་གླིང་ཞི་བདེའི་དེད་དཔོན་གཞིས་བྱེས་བོད་མི་ས་ཡ་དྲུག་ཀྱི་ཆེས་གོང་དུ་བཀུར་བའི་བཀའ་དྲིན་མཚུངས་ཟླ་མེད་པ་༸གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་དང་དེ་བཞིན་བོད་རྒྱལ་ཁབ་དང་མི་རིགས་ཀྱི་འཕྲལ་ཕུགས་རྒྱང་གསུམ་ལ་མེད་དུ་མི་རུང་བའི་རྩ་ཆེན་ཆོས་དང་རིག་གཞུང་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་གྱི་དོན་དུ་རླབས་ཆེན་གྱི་བྱས་རྗེས་ཡོད་པའི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་རེད་འདུག་པས། ཁྱེད་རང་ལྟ་བུ་སྤྱི་ཚོགས་ཀྱི་གནས་བབ་དང་རང་ཉིད་ཀྱི་འགན་ཁྲི་ངོ་མ་ཤེས་མཁན་ཞིག་འདི་ལྟར་འབྲི་ཡོང་དུས་མི་ཙམ་མ་ཡིན་པ་ཀླུ་དང་འདྲེ་། གདོན། འབྱུང་པོ་ལྷ་མ་ཡིན་པ་སོགས་ཧ་རྒོད་ཤོར་བ་ཐེ་ཚོམ་མེད།
    ཕ་རོལ་དགྲ་བོའི་སྨྱོན་འཛུགས་ལ་ད་བར་ཚིག་རྐང་གཅིག་འབྲི་རྒྱུ་མེད་པ་བློ་ཕྱིར་བསྟད་དང་གྲོད་པ་ནང་བསྟད་ཀྱི་བྱབ་ཆུང་བྱེས་པའི་བྱེད་སྟངས་མགོ་མཇུག་གང་ཡིན་མ་ཤེས་པའི་འཕྲིན་ཐུང་ལ་དུས་ནམ་ཡང་ངོས་ལེན་མེད།

    Reply
  11. གནས་ཚང་། says:
    ལོ་ 12 སྔོན།

    གལ་སྲིད་ཀླུ་མཁར་བྱམས་དང་འཇམ་དབྱངས་ནོར་བུ་གཉིས་གོང་སའི་ལྷ་དགོངས་དཀྲུགས་མཁན་དེ་ཡིན་ན། ལྷ་དགོངས་རྦད་དེ་རྨེག་མེད་གཏོང་མཁན་ཞིག་ད་ལྟ་གཞི་ནས་སླེབས་འདུག དེ་ནི་རྒྱ་མི་ཞིས་ཅིན་ཕེན་རེད། རྒྱུ་མཚན་ནི་ཏཱ་ལའི་བླ་མ་རང་ཉིད་ཀྱིས་རང་ཉིད་བསྙོན་འབྱིན་བྱེད་པའི་ལམ་ཁ་ཞིག་ནང་འཇུག་གིན་འདུག་གཱ དཔེར་ན། དུས་རབས་བརྒྱད་པ་དགུ་བ་ལས་གཞན་དུ་བོད་འདི་རང་བཙན་མ་ཡིན་པ་ཞིག་བཤད་ཀྱིན་པའང་ལམ་ཁ་འདིའི་སྔོན་འགྲོ་ལྟ་བུ་རེད།

    Reply
  12. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    རྡ་སའི་ལྷ་འཁྲུག་གིས་ཁྱེད་བརྗེད་མེད་པ་རེད་ལ་ད་དུང་བཙན་དང་ཀླུ་འབྱུང་པོ་རོ་ལངས་དྲི་ཟ་དང་བཅས་པ་འཁྲུག་ཡོད་པས་ཁྱེད་ནམ་ཡང་བརྗེད་མི་སྲིད་ལ། ད་ལྟ་ཁྱེད་ཀྱི་སྒོ་བརྡུང་བ་ཙམ་ལས་ནམ་ཞིག་ཁྱེད་གསོན་པོར་བསྲེག་ཉེན་ཆེ་བས་དོགས་ཟོན་བགྱིས་རོགས། གྲོགས་པོའི་སྙིང་གཏམ་ཡིན།

    Reply
  13. འཇམ་གཅེས ། says:
    ལོ་ 12 སྔོན།

    སྤྱིར་༧གོང་ས་མཆོག་ལྷ་དགོངས་དཀྲུགས་མཁན་རེ་ཟུང་ཡོད་པ་ལས་གཙོ་བོ་ནི་ཀླུ་བྱམས་དང་དང་འཇམ་ནོར་གཉིས་ཡིན་པར་སུ་ལ་ཡང་དོགས་པ་མེད།

    ༧གོང་ས་མཆོག་ལྷ་དགོངས་འཁྲུགས་དགོས་དོན་ཡང་དབུ་རང་ལྟ་གྲུབ་མི་མཐུན་པས་མ་ཡིན་པ། ལོ་མང་རིང་དུ་སྐུ་ངལ་འཛེམས་མེད་སྐྱོན་ནས་ལྷག་བསམ་རྣམ་དག་དང་ཞལ་ཞེ་གཉིས་མེད་ངང་ནས་ཡང་དག་པའི་ལམ་སྟོན་དང་། བཀའ་སློབ་དག་ལ་ཚད་མཚོམས་མེད་པར་གཞི་མེད་སྐྱོན་བརྗོད་དང་སྒྲོ་སྐུར་སྣ་ཚོགས་བྱས་པ་ལས་བྱུང་བར་བཙན་བྱོལ་བོད་མི་བསམ་ཡོད་ཀུན་གྱིས་ཤེས་གསལ་རེད།

    ད་དུང་མགོན་པོ་གང་ཉིད་ཀྱི་དབུ་འོག་དཔུང་འདེབས་ངོ་ལྐོག་རྒྱབ་འདུན་མེད་པ་གནང་མཁན་མཁས་མཆོག་ཟམ་གདོང་རིན་པོ་ཆེ་གཙོས་པའི་བཙན་བྱོལ་བོད་མི་གནད་ཡོད་མི་སྣར་དག་ལ་ཟུར་ཟ་དང་ངན་སྨྲས་སྣ་ཚོགས་བྱས་དང་བྱེད་བཞིན་པ་དང་། མདོ་ན་བསྟན་སྲིད་སྤྱི་ལ་ཕན་པའི་བྱ་བ་སྒྲུབ་མཁན་དག་ལ་གཞི་མེད་སྐྱོན་འཛུགས་དང་། འགྲོ་བ་མིའི་གཞི་རྩའི་བཟང་སྤྱོད་ཙམ་ལ་ཡང་འགན་ཁུར་མི་འདོད་པས་བྱ་སྤྱོད་དག་ལས་ལྷ་དགོངས་འཁྲུགས་གཞིར་གྱུར་ཡོད་པ་ཤེས་དགོས་་་་་་་་་་་་་་

    Reply
  14. རྭ་རྒྱ་བློ་དབང་། says:
    ལོ་ 12 སྔོན།

    ཁྱོད་རྩོམ་ཡིག་མང་པོ་བྲིས་པ་དག་བཀླགས་མྱོང་ལ་བསམ་ཡང་མྱོང་། རང་ཉིད་ཁྱོད་ཀྱིས་བཤད་པའི་རོམ་གོང་མའི་སྐབས་ལྟར་ཆོས་སྲིད་བསྲེས་སྦྱོར་བ་ཞིག་ཡིན་པའི་ཆ་ནས་ཁྱོའི་སེམས་སུ་སྲིད་གླེང་གི་སྨྲ་ལྕེ་དང་བསམ་བློ་མེད་པར་བརྩི་ངེས་མོད། ཁྱོད་དང་ངེད་གཉིས་ལ་འདྲ་མཚུངས་ཀྱི་རིགས་རྒྱུད་ཅིག་ཡོད་སྟབས་འདི་ལྟར་བཤད་ན་འདོད།
    ཁྱེད་ཀྱིས་ཡང་དང་བསྐྱར་དུ་གལ་ཆེན་དང་དོན་སྙིང་ཅན་དུ་བརྩིས་ཤིང་གླེང་མྱོང་བའི་སིམ་ལའི་ཆིངས་ཡིག་དང་། ༸གོང་ས་བཅུ་གསུམ་པ་ཆེན་པོའི་རང་བཙན་བསྒྲགས་གཏམ་སོགས་ལ་དོན་དངོས་ལག་པ་འཆིང་ཆོག་པའི་སྤྱི་ཚོགས་ཀྱི་རིན་ཐང་ཇི་འདྲ་ཡོད་པ་བསམ་ཨེ་མྱོང་། ངས་བལྟས་ན་ཁྱོད་རང་དེའི་སྐབས་ཀྱི་སྲིད་དོན་དང་སྤྱི་ཚོགས་ཀྱི་གནས་བབ་ལ་ནག་ཁུང་རེད། གལ་ཏེ་ཁྱོད་ཀྱི་ལྟར་དེ་དག་ད་ལྟ་དེ་འདྲའི་གལ་ཆེན་ཞིག་ཡིན་ན། ལྷ་ལྡན་གཙུག་ལག་ཁང་མདུན་གྱི་དབོན་ཞིང་རྡོ་རིང་ད་དུང་ཡང་ཀྲོང་ངེར་འགྱིང་ཡོད་པས་དེ་ལ་ནུས་སྟོབས་ཇི་ཞིག་འདུག དེང་གི་སྤྱི་ཚོགས་ཐོག་ལོ་ངོ་བརྒྱ་ཕྲག་གོང་དང་ཡང་ན་སྟོང་ཕྲག་སྔོན་གྱི་བཤད་རྒྱུན་དང་། དངོས་པོ་དེ་ཚོའི་སྟོབས་ཤུགས་ཇི་ཞིག་འདོན་ནུས་སམ། འཇམ་ནོར་ཁྱོད་གཉིས་ལ་དུས་རྒྱུན་ལེགས་བཤད་ཅིག་ཡོད་པ་ནི་དེ་དག་གི་སྐོར་ལས་ཅི་ཡང་མེད་ལ། ལྷག་མ་དག་ནི་༸རྒྱལ་པ་རིན་པོ་ཆེ་དང་བོད་གཞུང་ལ་ཅི་ནུས་ཀྱིས་སྐྱོན་འདོགས་རེ་དང་ཟུར་ཟ་བྱ་རྒྱུ་དེ་རེད། བྱ་བ་དེ་གཉིས་ཀྱིས་དཔལ་འབྱོར་དང་། དམག་དོན། ཆབ་སྲིད་གསུམ་གྱི་ཕྱོགས་གང་འདྲ་ནས་ཇི་ལྟར་རྒྱ་ནག་ལ་ཕར་རྒོལ་བྱ་རྩིས་ཡོད། འདི་གླེང་བྱ་གཙོ་བོ་རེད། མ་གཏོགས། མེ་བཟའི་བརྗེད་ཆུ་དང་། ཧོར་གླིང་གཡུལ་འགྱེད་སོགས་ལ་ལྟོས་མེད་ཡིན་པ་མ་ཟད། མིའི་སྤྱི་ཚོགས་སྤྱི་དང་ལྷག་པར་དུ་རང་དབང་འཐབ་རྩོད་ལྟ་བུའི་གནས་སྐབས་ན་དབུ་ཁྲིད་བཀུར་དགོས་པ་དང་། གཅིག་སྒྲིལ་གལ་ཆེན་ཇི་ལྟར་ཡིན་མིན་ཨེ་ཤེས། མདོར་ན་དམག་ལ་བཀའ་ཉན་རྒྱུའི་འགན་འཁུར་ཁྱད་པར་བ་ཞིག་ཡོད་པ་དེ་ཅིའི་ཕྱིར་རེད།

    Reply
  15. འཇིགས་མེད་གེ་སར། says:
    ལོ་ 12 སྔོན།

    བོད་རང་བཙན་དང་བཙན་བྱོལ་བོད་གཞུང་། རྒྱ་ཆེའི་མང་ཚོགས་ཀྱིས་གུས་བཀུར་ཚད་མེད་བྱེད་པའི་དབུ་ཁྲིད་ཅིག་སེམས་གཏིང་ནས་བརྗེད་ན་སྙམ་པ་དང་། དེ་ལྟར་བརྗེད་པར་བྱ་བར་དངོས་ཤུགས་བརྒྱུད་གསུམ་ནས་སྩོལ་བ་བསྒྲུབ་མཁན་ཞིག་ལ་གནས་ལུགས་རྒྱུ་མཚན་གྱིས་དགག་ཞག་བྱས་ནས་ཅི་ཕན།

    ཨ་ཚོགས་དང་འཇམ་ནོར་སོགས་ཀྱིས་བོད་ཀྱི་ཆེད་དུ་སེམས་འཁུར་ཞེ་དྲགས་བྱེད་ཀྱི་ཡོད་མདོག་མདོག་བྱས་ཀྱང་། ཁྱོད་ཚོས་བོད་མི་རིགས་ལ་ཕན་པའི་ལས་ཀ་ཅི་ཙམ་བྱས་ཡོད་མེད་ནི་རྡ་སའི་སྲང་ལམ་གྱི་ཁྱི་རྒན་ཚོས་ཀྱང་ཤེས་ཚོད་རེད།

    ཁྱོད་ཀྱི་མི་གཤིས་ཐད་ནས་གླེང་ནའང་ད་ཆ་ཁྱོད་རང་ངོ་ཐག་རྦད་དེ་ཆོད་སོང་། “རྒྱལ་སྤྱི་རང་བཞིན་གྱི་ཚོགས་འདུ་ཞིག་འཚོགས་པ་དང་། ཚོགས་ཐོག་དེར་ལྷོ་སོག་དང་། ཡུ་གུར་གྱི་འབྲེལ་ཡོད་མི་སྣ་གདན་ཞུས་གནང་འདུག་ལ། ཕྲན་བོད་ཀྱི་མིང་ཐོག་ནས་ཕྱིན།”ཟེར་བ་ཙམ་ལ་བལྟས་ནའང་། ཁྱོད་གསལ་པོ་མཐོང་གི་འདུག

    འདི་ནི་ཁྱོད་ཀྱིས་”ངའི་མིང་ལ་ཀླུ་མཁར་བྱམས་ཟེར། ངའི་མདོག་འདི་འདྲ་ཞིག་ཡིན་”ཟེར་བ་ཙམ་ལས་མ་འདས་སོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese