མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒོར་ཁྲི་ ༧ ལྷག་གི་དངུལ་དངོས་རྙེད་དེ་ཕྱིར་སྤྲད།

བོད་ཀྱི་དུས་བབ།
༢༠༡༣/༠༧/༠༣
Share on FacebookShare on TwitterShare on EmailShare on Whatsapp

ངྷ་སའི་ཆང་ཁང་ཞིག་ཏུ་ལས་ཀ་བྱེད་མཁན་ཞིག་གིས་ཧིན་སྒོར་ཁྲི་ ༥ ལྷག་དང་སྒོར་ཁྲི་ ༢ ལྷག་གི་ཁ་པར་ཞིག དེ་མིན་གྱི་ཅ་དངོས་ཙག་ཙིག་བཅས་ཡོད་པའི་རྒྱབ་ཁུག་ཅིག་རྙེད་དེ་ཕྱིར་བདག་པོར་སྤྲད་འདུག

གཟའ་ཟླ་བའི་ཉིན་གྱི་མཚན་མོའི་ཆུ་ཚོད་ ༡ ཙམ་ལ་ངྷ་ས་མེག་གྷན་དབྱངས་སྒྲོན་ཆང་ཁང་དུ་ལས་ཀ་བྱེད་མཁན་ཕ་ཡུལ་མཚོ་སྔོན་ཞིང་ཆེན་ཆབ་ཆ་རྫོང་ནས་ཡིན་པ་ཡར་བྷོ་ཞུ་བ་ཁོ་རང་ལས་ཀ་གྲོལ་ཏེ་ཕྱིར་ནང་དུ་ལོག་སྐབས། མེག་གྷན་སྲང་ལམ་གྱི་ཨ་མདོའི་ཟ་ཁང་སྒོ་འགྲམ་དུ་རྒྱབ་ཁུག་ཅིག་རྙེད་ཡོད་པ་དང་། རྒྱབ་ཁུག་དེའི་ནང་ཧིན་སྒོར་དངུལ་རྐྱང་ཁྲི་ ༥ ལྷག་དང་། ཧིན་སྒོར་ཁྲི་ ༢ ལྷག་གི་ལག་ཁྱེར་ཁ་པར་གཅིག དེ་མིན་གྱི་ཅ་དངོས་ཙག་ཙིག་བཅས་ཡོད་འདུག ཁ་སང་ཚེས་ ༢ ཉིན་ཡར་བྷོ་ལགས་ཀྱིས་རྒྱབ་ཁུག་དེའི་བདག་པོར་འབྲེལ་བ་བྱས་ཏེ་ཕྱིར་རྩིས་སྤྲོད་བྱས་ཡོད་འདུག

གསར་འགོད་པས་གནས་ཚུལ་རྒྱུས་ལོན་བྱས་པར། རྒྱབ་ཁུག་དེའི་བདག་པོ་མེག་གྷན་ཨ་མདོའི་ཟ་ཁང་གི་སྦྱིན་བདག་ཕ་ཡུལ་སྡེ་དགེ་ནས་ཡིན་པའི་བསོད་ནམས་ལྷ་སྐྱིད་ཞུ་བ་ཁོ་མོ་ཡིན་འདུག ཁོ་མོས་སྒོར་མོ་དང་ཅ་དངོས་བཅུག་པའི་རྒྱབ་ཁུག་དེ་ཇི་ལྟར་བོར་བརླག་ཕྱིན་སྐོར་ངོ་སྤྲོད་བྱས་པ་ལྟར་ན། ཕྱི་ཚེས་ ༡ ཉིན་གྱི་ཕྱི་དྲོ་ཀཱང་རར་སྤྲོ་འཆམ་དུ་འགྲོ་རྩིས་ཀྱིས་གྲོགས་པོ་ཁ་ཤས་དང་མཉམ་དུ་བྲེལ་འཚུབ་ངང་ཟ་ཁང་གི་སྒོ་བརྒྱབ་པ་དང་། སྐབས་དེར་རྒྱབ་ཁུག་ཟ་ཁང་གི་སྒོ་ཁར་བཞག་ནས་དྲན་པ་བརྗེད་ཡོད་པ་རེད།

ཡར་བྷོ་ལགས་ཀྱིས་རྒྱབ་ཁུག་ཇི་ལྟར་རྙེད་སྐོར་བརྗོད་དོན། “ ངས་དབྱངས་སྒྲོན་ཆང་ཁང་དུ་ལས་ཀ་བྱས་ཏེ་མཚན་མོ་ཆུ་ཚོད་ ༡ ཙམ་ལ་ནང་དུ་ལོག་པ་དང་། ཨ་མདོ་ཟ་ཁང་གི་སྒོ་ཁར་བསླེབས་སྐབས་རྒྱ་གར་ཁ་ཤས་དེར་ཚོགས་ཏེ་ཅིག་ལ་བལྟས་ནས་བསྡད་འདུག ངས་ར་བཟི་ཞིག་དེར་འགྱེལ་བསྡད་ཡོད་ས་རེད་བསམ་ནས་ཕར་བལྟས་དུས་རྒྱབ་ཁུག་ཁྲ་ཁྲ་ཞིག་ལྷག་འདུག དེ་ནས་ངས་བདག་པོ་ཞིག་ཡོད་རྒྱུ་རེད་བསམ་ནས་རྒྱབ་ཁུག་དེ་སྲུང་ནས་ཡུན་རིང་བསྒུགས་ཀྱང་མི་སུ་གཅིག་ཀྱང་འབྱོར་མ་སོང་སྟབས་ངས་རྒྱབ་ཁུག་དེ་ནང་ལ་ཁྱེར་བ་ཡིན” ཟེར།

ཧིན་སྒོར་ཁྲི་ ༥ ལྷག་དང་ཅ་དངོས་དེ་དག་ཕྱིར་བདག་པོར་སྤྲོད་འདོད་ཇི་ལྟར་བྱུང་མིན་དྲིས་པར་ཁོང་གིས། “ ང་རང་ཉིད་ཀྱིས་ཀྱང་སྔོན་ཆད་ཅ་ལག་མང་པོ་བརླགས་མྱོང་ཡོད་ལ། སྐབས་དེ་དག་ལ་སེམས་ཁྲལ་ཡང་མང་པོ་བྱས་པ་ཡིན། རང་གཞན་སུ་ཡིན་ནའང་ཅ་དངོས་བོར་བརླག་ཕྱིན་ཚེ་སེམས་ཁྲལ་ཡོད་སྟབས། ཅ་དངོས་ག་རེ་རྙེད་ཀྱང་ཕྱིར་བདག་པོར་སྤྲོད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་རྒྱུན་དུ་༸ གོང་ས་མཆོག་གི་བཀའ་སློབ་ལ་ཉན་པ་དང་། ང་ཚོ་ནང་པ་ཡིན། བྱམས་སྙིང་རྗེ་སྒོམ་དགོས་ཟེར་གྱི་ཡོད་སྟབས། ང་རང་གི་ངོས་ནས་སོ་སོའི་འཚོ་བའི་གནས་སྟངས་ལ་མ་བལྟས་པར་དངུལ་དངོས་འདི་ཕྱིར་བདག་པོར་སྤྲོད་རྒྱུའི་སེམས་ཐག་བཅད་པ་ཡིན ” ཞེས་བརྗོད་སོང་།

མཇུག་ཏུ། བུ་མོ་བསོད་ནམས་ལྷ་སྐྱིད་ལགས་ཀྱིས་བརྗོད་དོན། “མི་སུ་ཞིག་ཡིན་ཡང་འདི་འདྲའི་སྒོར་མོ་ཕོན་ཆེན་པོ་ཞིག་རག་སྐབས་ཕྱིར་སྤྲོད་རྒྱུ་ཁག་པོ་རེད། སོ་སོས་བེད་སྤྱོད་གཏོང་གི་རེད། ཡིན་ནའང་། ཡར་བྷོ་ལགས་ཀྱིས་ང་རང་གི་སྒོར་མོ་དང་ཅ་དངོས་ཚང་མ་ཕྱིར་སྤྲད་པར་ཧ་ཅང་དགའ་བོ་བྱུང་སོང་། ང་རང་ལ་ཞེ་དྲག་མེད་ཀྱང་ཐུགས་རྗེ་ཆེ་ཞུ་ཆེད་ཁོང་ལ་ཞལ་ལག་ཅིག་ཕུལ་རྒྱུ་དང་། དེ་དང་མཉམ་དུ་ཧིན་སྒོར་ ༡༥༠༠ ཞིག་སྤྲོད་དགོས་བསམ་ཡོད། ” ཅེས་བརྗོད་སོང་།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

ཆུ་ཚོད་ ༡༠ སྔོན་ལ།
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣

མཆན། 17

  1. གཡག says:
    ལོ་ 13 སྔོན།

    བུ་ཁྱོད་རང་ཚེ་རིང་ནད་མེད །བྱ་བ་ལམ་འགྲོ་ཡོང་བར་ཤོག །
    བཀྲ་ཤིས་ཤོག

    Reply
  2. ཧོར་བུ་ཡེ་ཤེས says:
    ལོ་ 13 སྔོན།

    བུ་ཁྱོད་རང་ཚེ་རིང་ནད་མེད །བྱ་བ་ལམ་འགྲོ་ཡོང་བར་ཤོག །

    Reply
  3. ཉེར་གཅིག་པའི་ཅོང་བརྡ། says:
    ལོ་ 13 སྔོན།

    དངོས་གནས་ཡག་པོ་རེད་འདུག
    གོང་ས་མཆོག་གི་བཀའ་དྲིན་རེད་བསམ་གི་འདུག
    བདག་པོ་དང་ཡར་བྷོ་གཉིས་ཀ་མི་དྲང་པོ་སེམས་བཟང་ཅན་རེད།
    བདག་པོ་འགའ་ཤས་ཀྱིས་ཁ་ནས་ཐུགས་རྗེ་ཆེ་ཞུ་བ་མ་གཏོགས་གཞན་གང་ཡང་སྤྲོད་གི་མ་རེད།

    Reply
  4. འཇམ་གཅེས ། says:
    ལོ་ 13 སྔོན།

    ཡག་པོ་རེད་ན་གཞོན་ཡར་བྷོའི་སེམས་པ་རྣམ་དག་དེས་བོད་མ་སྤྱིའི་རིན་ཐང་ཕན་ངེས་ཡིན་་་་་་་་

    Reply
  5. མིག་གསུམ་པ། says:
    ལོ་ 13 སྔོན།

    ན་གཞོན་ཡར་བྷོའི་སེམས་པ་རྣམ་དག་དེས་བསོད་ནམས་ལྷ་སྐྱིད་སྐྱབས་པ་རེད། སྤྱིར་ང་ཚོ་སྤྱི་ཚོགས་ཁྲོད་དུ་༧གོང་ས་མཆོག་གི་བཀའ་གསུང་བརྕི་དགོས་ཟེར་བའི་སྐད་ཆ་དུས་རྒྱུན་དུ་གོ་ཐོས་ཡོད་པ་རེད། ཡིན་ནའང་། གནད་འགག་དང་ཕྲ་ས་ལ་སླེབས་དུས་ཡར་བྷོ་ལྟ་བུའི་ལག་ལེན་བསྟར་མཁན་ཧ་་ཅང་གི་དཀོན་པོ་རེད། རང་ཉིད་ཀྱི་ནུས་ཚོད་ཀྱིས་༧གོང་ས་མཆོག་གི་བཀའ་གསུང་བརྩིས་ཏེ་ལག་ལེན་བསྟར་རྒྱུ་ནི་སེམས་ཁོང་ནས་སྐྱབས་མགོན་ལ་དད་གུས་དང་བོད་ཀྱི་ཡ་རབས་བཟང་སྤྱོད་ལ་འབྲེལ་དམ་ཟབ་ཡོད་པ་ཞིག་ཏུ་འདོད་དོ།

    Reply
  6. ཟོལ་རྫུན་སྤོང་པ། says:
    ལོ་ 13 སྔོན།

    ཁྱེད་ལ་བྱ་བ་ལམ་འགྲོ་ཡོང་བ་ཤོག ༧གོང་ས་མཆོག་གི་བཀའ་སློབ་ཁ་ཙམ་མིན་པ་སྙིང་ལ་བཅངས་འདུག བུ་ཁྱེད་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ།

    Reply
  7. ཤར་མདའ། says:
    ལོ་ 13 སྔོན།

    ༧གོང་ས་མཆོག་གི་དུས་རྟག་ཏུ་བཀའ་སློབ་གནང་གི་ཡོད་པ་ལྟར་བོད་མི་རིགས་ཟེར་པ་དྲང་བདེན་དང་གནས་ལུགས་བརྩི་མཁན་ཡར་བྷོ་ལྟ་བུའི་སྐྱེ་བུ་གང་མང་ཞིག་བོད་གངས་ཅན་གྱི་ལྗོངས་སུ་འཁྲུངས་བའི་སྨོན་འདུན་ཞུ་རྒྱུ་དང་སླད་མར་འདི་ལྟར་རླབས་ཆེན་གྱི་བྱ་བ་སྒྲུབ་མཁན་རེ་བྱུང་ན་འདི་ལྟར་ངོ་སྤྲོད་གནང་ཐུབ་ན་དགེ་མཚན་ཆེ་རིགས་བཟང་གི་བུ་ཡར་བྷོ་ལྟ་བུ་སྐུ་ཚེ་བརྟན་པའི་སྨོན་ལམ་འདེབས།

    Reply
  8. གསལ་ལེ་རྒྱལ། says:
    ལོ་ 13 སྔོན།

    ཡར་བྷོས་ཅ་ལག་ཕྱིར་སྤྲད་པ་དེས་ཁོ་རང་གི་མི་གཤིས་དང་རིན་ཐང་བསྟན་པ་རེད། དེའི་ཆ་ནས་མི་ཚང་མས་ཁོ་ལ་རིན་ཐང་ཞིག་སྤྲོད་གི་རེད། དེ་ཁོའི་ཡོང་འབབ་རེད། དེ་ལས་ལྷག་ཅིག་ལ་རེ་བ་བྱས་ན་ནོར་བ་རེད། བདག་མོས་སྒོར་1500 སྤྲད་པ་དེས་མོའི་མི་གཤིས་དང་རིང་ཐང་བསྟན་པ་རེད། མི་རང་ཉིང་ལ་རིན་ཐང་ཅི་ཙམ་ཡོད་པ་དེ་ཙམ་ལས་ལྷག་ཅིག་ཇི་ལྟར་སྟོན་ནམ། མི་ལ་ལས་བདག་མོས་ཁོ་ལ་སྒོར་ཆིག་ཁྲི་སྟེར་དགོས་ཟེར། དེ་ཟེར་མཁན་དག་གིས་རང་རང་གི་རིང་ཐང་བསྟན་པ་རེད། ཡིན་ནའང་དོན་ཐོག་ལ་བབས་ན་སྟེར་ཐུབ་མིན་སུས་ཤེས། མདོར་དེར་ན་གསར་འགྱུར་ཐུང་ཐུང་འདིའི་སྟེང་ནས་མི་འགས་རང་ཉིད་ཀྱི་ལྗིད་ཚད་མ་བསམ་ས་ནས་མིའི་མིག་ལ་བསྟན་པ་ཙམ་རེད། ངས་ཡར་བྷོར་བཤད་འདོད་པ་ནི་གནད་འགག་གི་སྐབས་སུ་༧ གོང་ས་མཆོག་གི་བཀའ་སློབ་ཅིག་སེམས་ལ་དྲན་ནས་ལག་ལེན་དུ་བསྟར་བ་དེ་ཁྱོད་ཀྱི་ཡོན་ཏན་དང་༧གོང་ས་མཆོག་གི་ཡོང་སྒོའང་རེད། དེ་མིན་སྒོར་ཁྲི་ལྔ་ཁུར་ནས་སྤྲོ་འཆམ་ལ་འགྲོ་མཁན་ཞིག་ལ་སྒེར་མོ་དེ་དག་ཕྱིར་མ་སྤྲད་ནའང་སྤྲོ་འཆམ་བྱེད་མ་ཐུབ་པའི་གྱོང་ཙམ་རེད། དེ་ཙམ་ཡིན།

    Reply
  9. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 13 སྔོན།

    གསར་འགོད་པས་གསར་འགྱུར་འགོད་སྐབས་ཀླད་གོར་གཅིག་ཆད་སོང་ནི་མིན་ནམ། ཧུ་ཧུ། ཨ་ལེ། ཀུ་རེ་ཡིན།

    Reply
  10. Dawai Shonu says:
    ལོ་ 13 སྔོན།

    ཇོ་བོ་རིན་པོ་ཆེ། ཁྱེད་རང་གིས་དེ་ལྟར་བྱས་པ་དཔེ་ཡག་པོ་རེད། ཁྱེད་རང་མ་འོངས་པར་དེ་ནས་ལྷག་པའི་དངོས་གྲུབ་ཐོབ་པ་དོན་མི་ཟ།

    Reply
  11. བསོད་ནམས་རིན་ཆེན། says:
    ལོ་ 13 སྔོན།

    ང་རང་གི་བསམ་བློ་གཏོང་སྟངས་བྱས་ན། ད་རེས་ཨ་མདོའི་ཟ་ཁང་སྦྱིན་བདག་མ་བསོད་ནམས་ལྷ་སྐྱིད་ལགས་ཀྱིས། དབྱངས་སྒྲོན་ཆང་ཁང་གི་ལས་ཀ་བ་ཡར་བྷོ་ལགས་སུ་ཧིན་སྒོར་ ༡༥༠༠ སྤྲད་ན་ཅུང་ཉུང་དྲག་འདུག སྤྱིར་བཏང་རིན་ཐང་ཆེ་ཤོས་སྒོར་མོ་ལས་གཞོན་སྐྱེས་དེས་དངུལ་ཕྱིར་སྤྲད་པའི་དྲང་བདེན་གྱི་གཤིས་ཀ་དེ་ཡིན་ན་ཡང་། “བཟང་པོར་གཟེངས་རྟགས་དང་ངན་པར་ཉེས་ཆད” ཞེས་པའི་དཔེ་ལྟར། རྒྱུ་མཚན་གསུམ་གྱི་ཐད་ནས་ཕོ་གསར་དེ་ལ་ངས་ཧ་ཅང་གདེང་འཇོག་བྱེད་ཀྱིན་ཡོད། བསོད་ནམས་ལྷ་སྐྱིད་ཀྱི་དངུལ་དངོས་ཧིན་སྒོར་ཁྲི་ ༧ ལྷག་བོར་བརླག་ཕྱིན་པ་སླར་རྙེད་པ་དང་གཅིག བོད་རིགས་ན་གཞོན་གཞུང་རྒྱུད་དྲང་མོ་དང་ཁོའི་ཡ་རབས་སྤྱོད་བཟང་གཉིས། བསོད་ནམས་ལྷ་སྐྱིད་ཟ་ཁང་ཞིག་གི་བདག་མོ་ཡིན་པ་དང་ཡར་བྷོ་ཆང་ཁང་ཞིག་གི་ཉིན་གླ་བ་ཡིན་པ་དང་གསུམ། རྒྱུ་མཚན་འདི་གསུམ་གྱི་དབང་གིས་ཉུང་མཐར་ཧིན་སྒོར་ ༡༥༠༠༠ ཙམ་སྤྲོད་དགོས་ངེས་ཤིག་རེད་འདུག

    Reply
  12. ལུང་རྟོགས། says:
    ལོ་ 13 སྔོན།

    ཤིན་ཏུ་ལེགས། ཕ་བཟང་བུ། ཁྱོད་ཁ་དྲོ་། ཚེ་རིང་། བཀྲ་ཤིས། མི་ཁྱོད་འདྲ་བརྒྱ་ཡོད་ན་ཡང་ཉུང་སྐྱོན་ལས་མེད།

    Reply
  13. བོད་དགའ། says:
    ལོ་ 13 སྔོན།

    བོད་པའི་མར་དྲི་དང་རྩམ་དྲི་བྲོ་ཟེར་ན་འདི་འདྲ་ལ་ཟེར་བ་རེད། མྱི་ཁྱོད་ལ་བྱ་བ་ལམ་ལྷོངས་ཡོང་བར་ཤོག

    Reply
  14. ཚེ་རིང་རྡོ་རྗེ། says:
    ལོ་ 13 སྔོན།

    བོད་མིའི་ནང་དུའང་མི་བཟང་འདི་འདྲ་ཡོད་པ་ཡ་མཚན་ཆེ། མི་འདི་ལ་ཁ་བྲོ་བཀྲ་ཤིས་ཤོག

    Reply
  15. ཀླུ་ བློ་བསམ། says:
    ལོ་ 13 སྔོན།

    ད་ད་ཐེངས་ཡིན་ན་སྐད་གྲགས་བཞག་ཚར་འདུག

    Reply
  16. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་ རང་གཞན་སུ་ཡིན་ནའང་ཅ་དངོས་བོར་བརླག་ཕྱིན་ཚེ་སེམས་ཁྲལ་ཡོད་སྟབས། ཅ་དངོས་ག་རེ་རྙེད་ཀྱང་ཕྱིར་བདག་པོར་སྤྲོད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་རྒྱུན་དུ་༸ གོང་ས་མཆོག་གི་བཀའ་སློབ་ལ་ཉན་པ་དང་།
    ང་ཚོ་ནང་པ་ཡིན། བྱམས་སྙིང་རྗེ་སྒོམ་དགོས་ཟེར་གྱི་ཡོད་སྟབས། ང་རང་གི་ངོས་ནས་སོ་སོའི་འཚོ་བའི་གནས་སྟངས་ལ་མ་བལྟས་པར་དངུལ་དངོས་འདི་ཕྱིར་བདག་པོར་སྤྲོད་རྒྱུའི་སེམས་ཐག་བཅད་པ་ཡིན ” ཞེས་བརྗོད་སོང་། ་་་་་ཟེར།

    Reply
  17. ཤག་སྒང་པ། says:
    ལོ་ 13 སྔོན།

    འདི་རྩ་ཆེན་རེད། བོད་པའི་དྲི་མ་དང་མ་བྲལ་བས་ཤིན་ཏུ་ལེགས་ཟེར་འདོད་དོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese