མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིན་པོ་ཆེ་མཆོག་གི་ཁྲིམས་ཆད་ལ་བསྐྱར་ཞིབ་བྱོས།

བོད་ཀྱི་དུས་བབ།
༢༠༡༣/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་སློབ་འབངས་ཚོས་རྒྱ་གཞུང་ལ་སྙན་ཞུ་ཕུལ་ཏེ་རིན་པོ་ཆེ་མཆོག་གི་ཁྲིམས་ཆད་ལ་བསྐྱར་ཞིབ་དང་ཁོང་ཕྱི་ལོཊ་སུ་སྨན་བཅོས་ཆེད་གཏོང་དགོས་པའི་རེ་འདུན་བཏོན་འདུག

ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༧ ཉིན་གྱི་མཚན་མོར་རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གཟིམ་ཤག་ནས་འཛིན་བཟུང་བྱས་ཏེ། ཉེས་མེད་བསྙོན་འཛུགས་ཀྱིས་ཁོང་བཙོན་དུ་བཅུག་སྟེ་ལོ་ངོ་ ༡༡ ལྷག་ཕྱིན་ཡོད་པ་དང་། ཉེ་ལམ་རིན་པོ་ཆེ་མཆོག་གི་ཉེ་འབྲེལ་དང་སློབ་འབངས་ཚོ་རྒྱའི་བཙོན་ཁང་དུ་ཁོང་ལ་ཐུག་འཕྲད་དུ་སྐྱོད་སྐབས། ཁོང་གི་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་སྟབས། རྒྱ་གར་གཙོས་རང་དབང་ལུང་པ་ཁག་ནང་ཡོད་པའི་རིན་པོ་ཆེ་མཆོག་གི་སློབ་འབངས་མཐུན་ཚོགས་ནས་རྒྱ་ནག་གི་ཆེས་མཐོའི་ཁྲིམས་ཁང་ཡོངས་རྫོགས་དང་། སི་ཁྲོན་ཞིང་ཆེན་གྱི་དབུས་ལས་ཁུངས་ཁག་ཅིག དཀར་མཛེས་བོད་རིགས་རང་ལྗོངས་ཁུལ་གྱི་ལས་ཁུངས་གཙོ་བོ་དག་དང་ཉག་ཆུ་རྫོང་གི་ལས་ཁུངས་གཙོ་བོ་ཁག་ཅིག ཉག་ཆུ་རྫོང་འོག་གི་ཞཱང་གཉིས་བཅས་ཀྱི་མགོ་ཁྲིད་ཚོར། རིན་པོ་ཆེ་མཆོག་གིས་རྒྱ་གཞུང་གི་ཁྲིམས་དང་མཐུན་པའི་ཐོག་ནས་ཤེས་ཡོན་སློབ་གསོ་དང་སྤྱི་དམངས་འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ་སོགས་གོང་འཕེལ་དུ་གཏོང་བར་མཛད་རྗེས་བླ་མེད་བཞག་ཡོད་པ་ལས།  ཁྲིམས་འགལ་གྱི་བྱ་སྤྱོད་གང་ཡང་གནང་མེད་ཀྱང་རྒྱ་གཞུང་གིས་ཁོང་ལ་མ་ཉེས་ཁག་གཡོགས་ཀྱིས་ཁྲིམས་ཆད་ལྕི་མོ་བཅད་ཡོད་པ་དེར་ངེས་པར་དུ་བསྐྱར་ཞིབ་བྱེད་དགོས་པ་དང་། ཁོང་ད་ལྟ་དགུང་ལོ་ཆེན་པོར་ཕེབས་ཡོད་པ་མ་ཟད། སྙིང་གི་ནད་ཚ་དང་ཞབས་གཉིས་ཐང་པོ་མེད་པ་ཆགས་ཡོད་པས་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པ་དང་།  མ་མཐའ་ཡང་ཁོང་ལ་སྨན་བཅོས་བྱེད་པའི་གོ་སྐབས་སྤྲད་དགོས་པའི་སྐོར་གྱི་སྙན་ཞུ་ཞིག་ཕུལ་ཡོད་འདུག

དེ་རིང་ཁ་པར་བརྒྱུད་རིན་པོ་ཆེ་མཆོག་གི་སློབ་འབངས་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་ཡོན་ཏན་ལགས་སུ་གོང་གསལ་གནས་ཚུལ་སྐོར་ལ་བཅར་འདྲི་ཞུས་པར། ཁོང་གིས། “ འདས་པའི་ལོ་ངོ་ ༡༡ རིང་རིན་པོ་ཆེ་མཆོག་ལ་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་རྐྱེན། ད་ལྟ་ཁོང་གི་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པ་མ་ཟད། སྙིང་གི་སྙུང་གཞི་ཞིག་བཞེས་ཡོད་པ་དང་། ཞབས་གཉིས་ཀྱང་ཐང་པོ་མེད་པ། དགུང་ལོ་ ༦༣ ལ་ཕེབས་ཡོད་པ་སོགས་གནས་སྟངས་མང་པོ་ཞིག་གི་སྒང་ནས་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པ་དང་། དེ་མ་བྱུང་ཡང་སྨན་བཅོས་ཀྱི་ཆེད་དུ་ཕྱི་ལོགས་སུ་གཏོང་རྒྱུར་ང་ཚོས་རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་རེ་སྐུལ་བྱེད་ཀྱི་ཡོད། ” ཅེས་བརྗོད་སོང་།

ཡང་ཁོང་གིས་རྒྱ་གཞུང་གིས་རིན་པོ་ཆེ་མཆོག་གི་སློབ་འབངས་ཚོའི་མངོན་འདོད་ལ་བསམ་ཤེས་མ་བྱས་ཚེ་གནས་ཚུལ་ཅི་ཆགས་ཚོད་དཔག་བྱེད་དཀའ་བའི་སྐོར་བརྗོད་དོན། “ རིན་པོ་ཆེ་མཆོག་ལ་སློབ་འབངས་ཧ་ཅང་མང་པོ་ཡོད་པ་རེད། ད་ལྟའི་ཆར་བླ་མ་དགེ་བཤེས་མང་པོའི་ལམ་སྟོན་འོག་ཞི་བའི་ཐོག་ནས་རྒྱ་ནག་གཞུང་ལ་སྐད་ཆ་བཤད་ཀྱི་ཡོད་ཀྱང་། གལ་སྲིད་རྒྱ་གཞུང་གིས་བསམ་ཤེས་མ་བྱས་ཚེ། ཉིན་ཞིག་མཇུག་འབྲས་ཅི་བྱུང་བཤད་ཤེས་ཀྱི་མ་རེད། གང་ཡིན་ཟེར་ན། རིན་པོ་ཆེ་མཆོག་ལ་མ་ཉེས་ཁག་གཡོགས་བྱས་པའི་གནད་དོན་དེ་མི་སུ་གང་གིས་ཀྱང་དྲང་བདེན་ཞིག་ལ་མཐོང་གི་མེད་པ་མ་ཟད། ཁྲིམས་ཆད་དེར་བདེན་པ་ཏིལ་འབྲུ་ཙམ་ཡང་མེད་པ་ཉིན་ཞིག་ར་འཕྲོད་ཡོང་གི་རེད། དེ་དུས་མི་མང་གིས་ག་རེ་བྱེད་དང་ཁ་ཕྱོགས་ག་འདྲ་ཞིག་ཏུ་འགྱུར་མིན་བཤད་ཚོད་ཐུག་གི་མ་རེད། ” ཅེས་སོགས་བརྗོད་སོང་།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

ཆུ་ཚོད་ ༥ སྔོན་ལ།
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༧ སྔོན་ལ།
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

ཆུ་ཚོད་ ༧ སྔོན་ལ།
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

མཆན། 2

  1. ཀརྨ་བསྟན་འཕེན། says:
    ལོ་ 13 སྔོན།

    གོང་གི་གནས་ཚུལ་ནང་འགོད་སྤེལ་བྱས་ཡོད་པའི་པར་དེའི་སྐོར་ལ་གསལ་བཤད་གནང་ཐུབ་མཁན་ཞིག་ཡོད་དམ། ང་རང་གིས་ནམ་རྒྱུན་སྤྲུལ་སྐུ་བདེན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐོར་ལ་དོ་སྣང་བྱས་བསྡད་མཁན་ཞིག་ཡིན་ཡང་ད་སྔ་རིན་པོ་ཆེ་མཆོག་གི་སྐུ་པར་འདི་འདྲ་ཞིག་མཐོང་མ་སོང་བས་སྐུ་པར་དེའི་སྐོར་ལ་གནས་ཚུལ་གསལ་བོར་བཤད་ཐུབ་མཁན་ཞིག་ཡོད་ན་གསུངས་རོགས་གནང་།

    Reply
  2. སྐལ་བཟང་རྡོ་རྗེ། says:
    ལོ་ 13 སྔོན།

    སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་དམར་གྱི་བཙོན་འོག་ནས་བཞུགས་ཏེ་ལོ་ངོ་ ༡༡ ཙམ་འགྲོ་བཞིན་ཡོད་པ་རེད། བོད་ཕྱི་ནང་གཉིས་མཉམ་འབྲེལ་ཐོག་ཁོང་ཨ་རི་དང་ཡོ་རོབ་སོགས་རང་དབང་ལུང་པ་ཞིག་ལ་སྨན་བཅོས་ཀྱི་མིང་ཐོག་ནས་ལེན་ཐབས་ལ་འབད་བརྩོན་གནང་དགོས་ཀྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese