མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཏེར་སྒར་དགོན་དུ་འགད་རྫས་གཏོར།

བོད་ཀྱི་དུས་བབ།
༢༠༡༣/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྡོ་རྗེ་གདན་གྱི་འགད་རྫས་གཏོར་རྒོལ་ཁྲོད་གཏེར་སྒར་དགོན་གྱི་འཛིན་ཁང་ལ་འགད་རྫས་གཏོར་འདུག་ལ། གསར་འགོད་པས་དགོན་པའི་འགན་འཛིན་ལགས་སུ་ཁ་ཕར་བརྒྱུད་གནས་ཚུལ་རྒྱུས་ལོན་བྱས་ཡོད།

དེ་རིང་གསར་འགོད་པས་ཁ་པར་བརྒྱུད་གཏེར་སྒར་དགོན་པའི་འགན་འཁུར་བ་བསོད་སྟོབས་ལགས་སུ་ཁ་སང་གི་འགད་རྫས་དེས། དགོན་པར་གནོད་སྐྱོན་གང་འདྲ་བྱུང་ཡོད་མེད་དྲིས་པར་ཁོང་གིས། “དགོན་པ་འདི་ནི་མི་འགྱུར་རིན་པོ་ཆེས་ཕྱག་བཏབས་པ་ཞིག་དང་། ད་ཆར་གྲྭ་མང་ལས་སྣེ་བ་བཅས་ཁྱོན་ ༢༢༠ ལྷག་ཙམ་ཡོད་པ་དང་། ཁ་སང་འགད་རྫས་གསུམ་དགོན་པའི་རྒྱབ་ལོགས་སུ་ཡོད་པའི་འཛིན་གྲྭ་ཡོད་སར་ཞོགས་པའི་ཆུ་ཚོད་ ༥།༤༠ ཡས་མས་སུ་འཐོར་ཡོད་པ་དེས། འཛིན་ཁང་གི་སྒོ་དང་སྒེའུ་ཁུང་ལ་གཏོར་སྐྱོན་བཟོས་ཡོད་པ་ལས་མི་ལ་གནོད་འཚེ་གང་ཡང་ཕོག་མེད། གཞན་ཉེན་རྟོག་པས་འགད་རྫས་གཅིག་རྙེད་སོན་བྱུང་ཡོད་པ་ནི་དགོང་མོའི་ཆུ་ཚོད་ ༦ ཙམ་འགད་རྒྱུའི་ཆུ་ཚོད་བསྒྲིགས་འདུག་ཟེར་” ཞེས་བརྗོད་བྱུང་།

 ཡང་ཁོང་ལ་རྒྱ་གར་གྱི་གསར་ལམ་ཁག་ཏུ་ཀརྨ་པའི་དགོན་པ་ཟེར་གྱི་ཡོད་པའི་རྒྱུ་མཚན་དྲིས་པར་ཁོང་གིས། “དུས་རྒྱུན་ཀརྨ་པ་མཆོག་རྡོ་རྗེ་གདན་དུ་ཕེབས་སྐབས་དགོན་པ་འདིར་བཞུགས་ཀྱི་ཡོད་སྟབས། ཉེ་འཁོར་གྱི་རྒྱ་གར་བ་དང་རླངས་འཁོར་ཁ་ལོ་བ་ཚོས་ཀརྨ་པའི་དགོན་པ་ཟེར་གྱི་ཡོད་པ་རེད། དེ་ཀརྨ་པའི་མཚན་སྙན་ལ་བརྟེན་ནས་ཐོགས་པ་ཞིག་ལས་དགོན་པ་གཏེར་སྒར་དགོན་རེད།”ཅེས་བརྗོད་བྱུང་ལ། ཉིན་དེའི་འགད་གཏོར་དོན་རྐྱེན་ཁྲོད་མི་གཉིས་ལ་རྨས་སྐྱོན་ཕོག་པའི་གཅིག་བོད་པ་ཞིག་ཡིན་འདུག་པའི་སྐོར་དྲིས་པར་ཁོང་གིས། དེ་རྙིང་མའི་དགོན་གྱི་ལས་ཀར་ལྟ་རྟོག་བྱེད་མཁན་སྤོ་བོ་ཞིག་ཡིན་པར་བརྗོད་བྱུང་།

ཡང་ཁོང་གིས་ “སྤྱིར་རྡོ་རྗེ་གདན་དུ་ནང་པའི་དགོན་པ་ ༥༥ ཙམ་ཡོད་པ་ལས། ཐེངས་འདིར་རྩ་ཆེ་ཤོས་མཆོད་རྟེན་ཆེན་མོ་དང་ཉི་ཧོང་སྟོན་པའི་སྐུ་བརྙན་ཆེ་མོ། གཏེར་སྒར་དགོན་གསུམ་ལ་གཏོར་རྒོལ་བཏང་པ་ཞིག་ཆགས་ཡོད་རེད། ཡིན་ནའང་གཏོར་རྒོལ་དོན་རྐྱེན་འདིའི་ཐད་ཚང་མས་ཞེ་སྡང་ཁོང་ཁྲོ་མི་གནང་པར་ཐུགས་སྣང་དང་བྱང་ཆུབ་ཀྱི་སེམས་སྒོམ་གནང་རྒྱུའི་འབོད་སྐུལ་ཞུ་ཡི་ཡོད་”ཅེས་འབོད་སྐུལ་གནང་སོང་།

གཞན་ཐེངས་འདིར་ནང་པའི་གནས་མཆོག་རྡོ་རྗེ་གདན་དུ་དྲག་སྤྱོད་པས་འགད་རྫས་གཏོར་པའི་དོན་རྐྱེན་ཐད། ༧གོང་ས་མཆོག་གིས་གཏོར་རྒོལ་དེར་བློ་ཕམ་ཆེན་པོ་ཡོད་ཚུལ་དང་། དེ་ནི་གང་ཟག་རེ་འགའི་བྱ་སྤྱོད་ཅིག་ཡིན་པས་གནས་ཚུལ་ཚབས་ཆེན་ཞིག་ཏུ་གཙི་དགོས་དོན་མེད་སྐོར་དང་། དེ་བཞིན་རྒྱལ་བ་ཀརྨ་པ་མཆོག་གིས་དྲག་གཏོར་གྱི་གནས་ཚུལ་དེ་ཐོས་བར་བློ་ཕམ་ཆེན་པོ་བྱུང་ཡང་། བྱ་སྤྱོད་དེའི་ལན་དུ་སྟོན་པའི་བསླབ་བྱ་བརྩེ་བ་དང་ཞི་བ་ལག་ལེན་བྱ་དགོས་སྐོར་གསུངས་འདུག་ལ། སྲིད་སྐྱོང་མཆོག་གིས་ཀྱང་སེམས་འཚབ་དང་རྨས་སྐྱོན་ཕོག་མཁན་དང་ཁོང་ཚོའི་ནང་མིར་གདུང་སེམས་མཉམ་སྐྱེད་ཡོད་པའི་གསལ་བསྒྲགས་སྤེལ་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

མཆན། 2

  1. ཁ་བཏགས་དཀར་པོ། says:
    ལོ་ 13 སྔོན།

    ༄༅། །རྩ་བའི་གནས་ཚུའ་འདི་འབྱུང་རྐྱེན་འབའ་མའི་ནང་གི་རྩོད་རྙོག་དེར་དོགས་གཞི་བྱེད་ཀྱི་ཡོད། འབའ་མའི་ནང་གི་གནད་དོན་དེ་ནི་ཆོས་ལུགས་ཤོག་ཁའི་དབར་འཐབ་རྩོད་ཞིག་ཡིན་པར་སྣང་ཀྱང་། ཞིབ་ཏུ་དཔྱད་ན་མི་རིགས་གཉིས་ཀྱི་གནད་དོན་ཞིག་ཡིན་པ་མ་ཟད། རྡོ་རྗེ་གདན་དོན་རྐྱེན་དེས་འཛམ་གླིང་ནང་པའི་ཆོས་ལུགས་ལ་དགའ་དད་ཡོད་པའི་ནང་པ་ཚང་མ་ལན་བརྡ་ཞིག་སྤྲོད་ཀྱི་ཡོད་པ་ལས་རང་རིགས་བོད་པ་གཅིག་པུར་བྱེད་ཀྱི་མེད་པས། དེར་བརྟེན་རང་རེའི་གཞུང་འཛིན་དང་ཚོགས་སྒེར་ཅི་རིགས་ནས་འདིའི་ཐོག་ལྷོད་པོར་བཞག་ནས་ཡག་ཤོས་རེད། ཡར་མར་འགྲེལ་བཅོས་མང་ན་འཁྲུག་སྐྱོན་ལས་མེད་སྙམ།།

    Reply
  2. ཤག་སྒང་པ། says:
    ལོ་ 13 སྔོན།

    ཁ་སང་ནས་གནས་ཚུལ་འདི་སྐོར་ཚང་མས་དོ་སྣང་དང་གླེང་སློང་སྣ་ཚོགས་ཤིག་བྱེད་ཀྱིན་འདུག

    ལ་དྭགས་ནི་༧གོང་ས་མཆོག་གི་འཁྲུངས་སྐར་ཞུ་ཡུལ་འདུ་འཛོམས་མང་ཤོས་ཞིག་ཡིན་ཞིང་། ཉིན་གྲངས་མང་པོར་སྤྲོ་སྐྱིད་གཏོང་སྲོལ་ཡོད་ཀྱང་། དོན་རྐྱེན་དེ་བྱུང་བའི་ཉིན་གཉིས་པའི་སྔ་དྲོ་ནས་བསྡུ་གསོག་བྱ་དགོས་པའི་བཀོད་ཁྱབ་བཏང་འདུག

    དེ་ནི་ལ་དྭགས་ནང་པའི་ཚོགས་འདུ་ནས་ནང་པའི་གནས་ཆེན་འདི་འདྲར་གཏོར་རྒོལ་བྱས་པར་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེར་བསྟན་པ་ཞིག་རེད།

    མི་མང་དཀྱུས་མའི་ནང་གནས་ཚུལ་འདི་ནི་ཧ་ཅང་གི་མ་རབས་ཐ་ཤལ་གྱི་བྱ་སྤྱོད་དང་། དེར་ནང་ཆོས་ཀྱི་བསླབ་བྱ་ལས་ལྡོག་ཏེ་ཡ་ལེན་སློག་དགོས་སྐོར་ཡང་གླེང་གིན་འདུག

    དགེ་བཤེས་བླ་མ་ཚོའི་ཁྲོད་དུའང་སྣ་ཚོགས་ཀྱི་དགོངས་འཆར་གླེང་གིན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese