མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་ས་དང་པེ་ཅིན་བར་ན་མ་གྲོས་བསམ་པ་གཅིག་མཐུན་གསུམ་ཡོད།

བོད་ཀྱི་དུས་བབ།
༢༠༡༣/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

ནམ་མཁའ།

དུས་རབས་ཕྱེད་ལྷག་རིང་བོད་རྒྱ་གཉིས་ཀྱིས་ཕན་ཚུན་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་རྒྱུན་ཆད་མྱོང་མེད་ཅེས་བཤད་ཆོག ༡༩༥༩ ལོར་བོད་ཆོལ་ཁ་གསུམ་ཡོངས་རྒྱ་འོག་ཏུ་ཚུད་པ་ནས་བཟུང་། བོད་ཀྱི་སྣོད་བཅུད་གཉིས་ཐོག་འཐབ་རྩོད་སྡུག་བསྔལ་རིམ་པར་སྤེལ་ཡོད། ལྷག་པར་དུ་རིག་གནས་གསར་བརྗེའི་སྐབས་སུ་རྒྱ་ནག་རྒྱལ་ཡོངས་སྨྱོ་མཆོངས་བརྒྱབ་སྟེ། བོད་ཀྱི་དགོན་སྡེ་དང་ལྷ་མི་གཉིས་ཐོག་ལྷ་འདྲེ་གདོན་འགེགས་ཀྱི་འཐབ་རྩོད་དང་། མི་ངན་རིགས་བཞིའི་འཐབ་རྩོད་སོགས་སྤེལ་ཡོད་ལ། བོད་མི་རིགས་ཀྱི་སྲོག་རྩ་སྐད་ཡིག་བརྡ་སྤྲོད་ཐོག་ལའང་གྲལ་རིམ་འཐབ་རྩོད་བྱས་ཡོད།

སྐབས་དེར་བོད་ཡིག་གི་ཕྲད་དང་རྣམ་དབྱེ་མང་པོ་ཞིག་མེད་པ་བཟོས་པ་ ༡༩༧༠ ལོའི་ནང་གི་ ‘མཚོ་སྔོན་བོད་ཡིག་གསར་འགྱུར’ སོགས་སུ་མཐོང་རྒྱུ་ཡོད། སྐབས་དེར་བོད་ཡིག་ཕྱག་དཔེ་སྣ་རིང་ཉར་བ་མཐོང་ཚད་འཐབ་རྩད་བྱེད་ཡུལ་དུ་གྱུར་ཡོད། འོན་ཀྱང་སྐབས་དེར་བོད་ཡིག་གི་སློབ་ཁྲིད་བྱེད་མི་ཆོག་པར་རྒྱ་ཡིག་ཁོ་ནས་སློབ་ཁྲིད་བྱེད་དགོས་བའི་བཙན་བཀའ་བཏང་མེད། དུས་རབས་ཉེར་གཅིག་གི་དུས་མགོར་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཧུའུ་ཆིན་ཐའོ་ཡིས་ཁ་ནས་མི་རིགས་འཆམ་མཐུན་གླེང་བཞིན་སྐད་ཡིག་གཅིག་གྱུར་དང་། མི་རིགས་གཅིག་གྱུར་གྱི་སྲིད་ཇུས་ཤིག་ལག་བསྟར་བྱེད་མགོ་བརྩམས་ཡོད།

༧གོང་ས་མཆོག་གིས་ཕྱི་དགྲ་ནང་རྙོག་གཉིས་ཀར་གདོང་ལེན་བྱེད་བཞིན་བོད་མིའི་རང་དབང་དང་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཆེད་འཛམ་གླིང་ཡུལ་གྲུ་མང་པོར་ཕེབས་ཏེ། བོད་མི་རིགས་རང་སྐད་ཐོག་རིག་གཞུང་རྩ་ཆེན་ཞིག་ཡོད་པ་དེ་རྒྱུད་འཛིན་དང་དར་སྤེལ་གྱི་གོ་སྐབས་མེད་པར། རྒྱ་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་ཉམས་ཉེས་སུ་གཏོང་བཞིན་ཡོད་པའི་གནས་ཚུལ་ཞུ་གཏུགས་གནང་བའི་ཉེར་ལེན་གྱིས། འཛམ་གླིང་མི་མང་གིས་ཀྱང་བོད་ཅེས་པ་འདི་རྣ་ལམ་ལ་གོམས་ལོབས་སུ་སོང་ཡོད་ལ། བོད་མི་ཚོར་ཆོས་དང་རིག་གཞུང་རང་དབང་གིས་ལོངས་སུ་སྤྱོད་དབང་མེད་པར་རྒྱ་གཞུང་གིས་འཆི་ལམ་ལ་འདེད་ཀྱིན་ཡོད་པར་ངོས་འཛིན་གསལ་བོ་བྱུང་ཡོད།

འདི་ལྟར་ངལ་ཚད་མེད་བསྐྱོན་ཏེ་དུས་རབས་ཕྱེད་ལྷག་འདས་མ་ཐག བཙན་བྱོལ་སྤྱི་ཚོགས་ནང་དམངས་གཙོའི་ལམ་ནས་འོས་འདེམས་བྱས་པའི་བཀའ་ཤག་སྐབས་བཅུ་བཞི་བའི་མགོ་བྱེད་དབྱིན་ཡིག་གི་འབུམ་རམས་པ་བློ་བཟང་སེང་གེ་མཆོག་ཕེབས་ཡོད་ལ། ༧གོང་ས་མཆོག་གིས་བོད་ཀྱི་ཆོས་སྲིད་ཐུགས་འགན་བཞེས་ཏེ་ལོ་ངོ་དྲུག་ཅུ་འཁོར་བའི་དུས་དྲན་ཡང་བསླེབས་ཡོད། ༧གོང་ས་མཆོག་གིས་དུས་རྒྱུན་དམངས་གཙོ་ཡང་དག་པའི་ལམ་དུ་འགྲོ་དགོས་གསུངས་པའི་དགོངས་བཞེད་ལྟར། ཁོང་གི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་སྲིད་སྐྱོང་བློ་བཟང་སེང་གེ་ལ་རྩིས་སྤྲོད་གནང་པ་ཡིན་ཞེས་ཞལ་དྲོན་མོ་ནས་གསུངས་ཡོད། འདི་ནི་ལོ་ངོ་བཞི་བརྒྱའི་ལོ་རྒྱུས་ཡོད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་དཀྱོག་མཚམས་ཆེན་པོ་ཞིག་ཡིན་ལ། བོད་ཀྱི་ལོ་རྒྱུས་ཐོག་ཧ་ཅང་གལ་འགངས་ཆེ་བའི་ཉིན་མོ་ཞིག་ཀྱང་ཆགས་ཡོད།

ཉིན་དེ་ནས་བཟུང་བོད་མི་རིགས་ཀྱི་བདེ་སྡུག་དང་མི་རིགས་ཀྱི་སྲོག་རྩར་གྱུར་བའི་སྐད་ཡིག་གི་དར་རྒུད་སྲིད་སྐྱོང་བློ་སེང་གེ་ཡི་ཆབ་སྲིད་ཐབས་ལམ་ལ་ཐུག་ཡོད། བོད་པའི་ཆབ་སྲིད་ཀྱི་དཀའ་རྙོག་སེལ་རྒྱུར་འདས་པའི་ལོ་ངོ་ལྔ་བཅུའི་རིང་༧གོང་ས་མཆོག་དང་བཀའ་ཤག་རིམ་བྱོན་གྱིས་རྒྱ་གཞུང་དང་གྲོས་མོལ་ཐེངས་མང་བྱས་ཀྱང་གྲོས་མཐུན་གཅིག་ཀྱང་བྱུང་མེད་མོད། པེ་ཅིན་འཐབ་ཕྱོགས་གཅིག་གྱུར་དང་ངྷ་ས་སེང་གེ་བཀའ་ཤག་གཉིས་བར་མ་གྲོས་བསམ་པ་གཅིག་མཐུན་གྱི་གནས་ཚུལ་གསུམ་བྱུང་ཡོད།

སྲིད་སྐྱོང་བློ་བཟང་སེང་གེ་ཡིས་འགན་བླངས་ཏེ་ལོ་གཉིས་ལས་མ་ཕྱིན་པར། ཤེས་རིག་ལས་ཁུངས་ཀྱིས་སམ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་འཛིན་རིམ་ ༦ ནས་ ༨ བར་གྱི་སློབ་དེབ་ཚང་མ་དབྱིན་ཡིག་ཐོག་ཁྲིད་དགོས་ཞེས་བཀའ་རྒྱ་བཏང་སོང་། རྒྱ་གཞུང་གིས་ ༢༠༡༠ ལོ་ཙམ་ནས་བོད་ཀྱི་སྐད་ཡིག་གི་རང་དབང་ཕྲོགས་ཏེ། སློབ་ཚན་ཡོངས་རྫོགས་རྒྱ་ཡིག་ནང་ཁྲིད་དགོས་ཞེས་བཙན་བཀའ་བཏང་བར་བློ་བཟང་སེང་གེ་ཡིས་མ་སྐུལ་དང་བླངས་ཀྱིས་རྒྱབ་སྐྱོར་བྱས་སོང་། རང་དབང་ལུང་པར་བོད་སྐད་ཡིག་རྒྱུན་འཛིན་དར་སྤེལ་ལས་ལྡོག་སྟེ་བོད་སྐད་ཡིག་གི་རང་དབང་བཀག་སོང་། འདི་ནི་པེ་ཅིན་འཐབ་ཕྱོགས་གཅིག་གྱུར་དང་ངྷ་སའི་སེང་གེ་བཀའ་ཤག་བར་གྱི་མ་གྲོས་བསམ་པ་གཅིག་མཐུན་གྱི་གནས་ཚུལ་དང་པོ་དེ་རེད།

རྒྱ་གཞུང་གིས་འཛམ་གླིང་གང་སར་བོད་ནང་གི་བོད་མི་ཚོར་ཆོས་ལུགས་དད་མོས་རང་དབང་དང་། མི་རིགས་རང་ཉིད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་རང་དབང་ཡོད་ཚད་འུར་སྒྲོག་བྱེད་ཀྱིན་ཡོད། མ་ཟད་ཏྰ་ལའི་བླ་མས་ཁོ་རང་སྒེར་དང་མི་ཉུང་ཤས་ཤིག་གི་ཐོབ་ཐང་རྩོད་ཀྱི་ཡོད་ཅེས་འཛམ་གླིང་གང་སར་ཁྱབ་བསྒྲགས་བྱེད་ཀྱིན་ཡོད་པ་ཚང་མས་མཁྱེན་གསལ་རེད། འདས་པའི་མི་ལོ་ལྔ་བཅུའི་རིང་༧གོང་ས་མཆོག་དང་བཀའ་ཤག་རིམ་བྱུང་གཙོས་པའི་བཙན་བྱོལ་གཞུང་དམངས་གཉིས་ཀྱིས་བོད་ནང་གི་བོད་མི་ཚོར་རང་དབང་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་མེད་ཚུལ་འཛམ་གླིང་ཐོག་སྐད་སྒྲ་བརྒྱབ་ཡོད་ལ། དེ་ནི་དངོས་ཡོད་གནས་ཚུལ་ཤིག་ཀྱང་ཆགས་ཡོད།

ཉེ་ཆར་ཨ་རིའི་ནེའུ་ཡོག་ནས་བློ་བཟང་སེང་གེ་ཡིས་བོད་ནང་གི་བོད་མི་ཚོའི་ཆེད་དུ་དམངས་གཙོ་རྩོད་ཀྱི་མེད་ཅེས་ཕྱི་རྒྱལ་གསར་འགོད་པའི་མདུན་ནས་བཤད་ཡོད། གནས་ཚུལ་དེར་བོད་པ་ཙམ་མ་ཟད་ཕྱི་རྒྱལ་མགོ་སེར་ཚོ་ཡང་ཧ་ལས་ཏེ་ཧོན་འཐོར་ཡོད་ལ། སྐད་ཆ་དེར་འདོད་མོས་མེད་པའི་རྩོམ་ཡིག་གཅིག་རྗེས་གཉིས་མཐུད་དུ་སྤེལ་ཡོད། ༼ བོད་ནང་གི་བོད་མི་ཚོའི་ཆེད་དུ་དམངས་གཙོ་རྩོད་ཀྱི་མེད ༽ཅེས་བའི་ཚིག་འདིའི་ཤུགས་སུ་བོད་ནང་གི་བོད་མི་ཚོར་རང་དབང་ཞིག་ཡོད་པའི་རྣམ་པ་བསྟན་ཡོད་པ་མ་ཟད། རྒྱ་གཞུང་གིས་ཁྱབ་བསྒྲགས་བྱས་བའི་ཏྰ་ལའི་རུ་ཚོགས་ཀྱི་མི་སྣ་ཉུང་ཤས་ཤིག་གིས་ཁོང་ཚོའི་ཐོབ་ཐང་རྩོད་ཀྱི་ཡོད་པ་རེད་ཅེས་པ་དང་། བོད་ནང་གི་བོད་མིར་རང་དབང་ཡོད་ཅེས་པ་དེ་ལ་མགོ་བོ་ལྡེམ་ལྡེམ་གྱིས་བདེན་ཁ་སྤྲད་ཡོད། འདི་ནི་པེ་ཅིན་འཐབ་ཕྱོགས་གཅིག་གྱུར་དང་ངྷ་སའི་སེང་གེ་བཀའ་ཤག་གཉིས་བར་གྱི་མ་གྲོས་བསམ་པ་གཅིག་མཐུན་གྱི་གནས་ཚུལ་གཉིས་པ་དེ་རེད།

ཉེ་ཆར་བློ་བཟང་སེང་གེ་ཡིས་རང་དབང་རང་བཙན་འཐབ་རྩོད་བྱེད་མཁན་གྱི་བཙན་བྱོལ་སྒྲིག་འཛུགས་ཤིག་ཡིན་ན་དམངས་གཙོ་ཡོང་ཐབས་མེད་ཅེས་བཙན་བྱོལ་སྒྲིག་འཛུགས་དང་དམངས་གཙོ་གཉིས་འགལ་བ་ཡིན་སྐོར་བརྗོད་ཡོད། ༧གོང་ས་མཆོག་གིས་དུས་རྒྱུན་ང་ཚོ་དམངས་གཙོའི་ལམ་དུ་སྐྱོད་བཞིན་ཡོད། རྒྱ་ནག་གཞུང་དང་བསྡུར་ན་ང་ཚོའི་བཙན་བྱོལ་གཞུང་འདི་སྤར་མོ་གང་ལས་མེད་ཀྱང་། དམངས་གཙོའི་ལམ་སྲོལ་ཐོག་འགྲོ་བཞིན་ཡོད་ཅེས་གསུངས་པ་དེ་འཛམ་གླིང་མི་མང་ལ་སྐྱག་རྫུན་བཤད་པ་རེད་དམ། རང་རིགས་བོད་མི་མང་ལ་མགོ་སྐོར་བཏང་བ་རེད་དམ། བློ་བཟང་སེང་གེ་རང་ཉིད་ཀྱང་དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བ་མིན་པར། འཚོ་ཁག་ཅིག་དང་ལུང་ཚན་བྱེ་བྲག་པ་ཞིག་གིས་དཔུང་བསྒྲིལ་དབང་ཤུགས་སྤྱད་དེ་བསླེབས་པར་ཁས་ལེན་རྒྱུ་ཡིན་ནམ།

བློ་བཟང་སེང་གེ་ཡིས་བཤད་སྤྱོད་འདི་ནི་དུས་རྒྱུན་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་དང་ཕྱི་གྱར་བོད་མི་ཚོས་སྤྱི་ཚོགས་རྙིང་པའི་བཀས་བཀོད་བརྒྱུད་འཛིན་རོ་ལངས་རྒྱག་རྒྱུའི་འཆར་གཞི་ཡོད་པ་རེད་ཟེར་བ་དང་། ཡུལ་གྱུར་སྲིད་གཞུང་དེ་ཏཱ་ལའི་བླ་མ་དང་སྐུ་དྲག་སྐོར་ཞིག་གི་སྒེར་སྤྱོད་འོག་ལམ་ལུགས་རྙིང་པ་ལག་བསྟར་བྱེད་ཀྱིན་ཡོད་པ་རེད་ཟེར་བ་དེར་ཁུངས་སྐྱེལ་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། འདི་ནི་པེ་ཅིན་འཐབ་ཕྱོགས་གཅིག་གྱུར་དང་ངྷ་སའི་སེང་གེ་བཀའ་ཤག་བར་གྱི་མ་གྲོས་བསམ་པ་གཅིག་མཐུན་གྱི་གནས་ཚུལ་གསུམ་པ་དེ་རེད།

མཐའ་དོན་བློ་བཟང་སེང་གེ་ལ་བསྐྱར་ནན་གྱིས་གསལ་བཤད་ཞུ་འདོད་པ་ཞིག་ལ། སེང་གེ་བཀའ་ཤག་དང་གུང་ཁྲན་ཏང་གཉིས་ལ་བོད་མི་རིགས་ཀྱི་བླ་སྲོག་ལྟ་བུའི་བོད་ཡིག་བོད་སྐད་འདི་དགོས་མཁོ་ཆུང་ན་ཡང་། ང་ཚོ་བོད་མི་ས་ཡ་དྲུག་ལ་ཕ་སྐད་བོད་སྐད་བོད་ཡིག་འདི་གལ་ཆེན་ནང་གི་འགངས་ཆེན་ཡིན། སེང་གེ་བཀའ་ཤག་དང་གུང་ཁྲན་ཏང་གི་སྣང་ངོར་བོད་ནང་གི་བོད་མི་ཚོའི་ཆེད་དུ་དམངས་གཙོ་རྩོད་དགོས་ཀྱི་མེད་ན་ཡང་། ང་ཚོ་བོད་གཞིས་བྱེས་གཉིས་ཀྱི་མི་དམངས་ཚོས་འདས་པའི་མི་ལོ་ལྔ་བཅུར་རང་དབང་དམངས་གཙོ་བརྩད་དེ་ཡོང་བ་རེད་ལ་ད་དུང་ཡང་རྩོད་དགོས་ཀྱི་ཡོད། སེང་གེ་བཀའ་ཤག་དང་གུང་ཁྲན་ཏང་གི་སེམས་ནང་༧གོང་ས་མཆོག་གིས་གསོལ་བསྩལ་གནང་བའི་ཡང་དག་པའི་དམངས་གཙོའི་ལམ་སྲོལ་ལག་བསྟར་བྱེད་མཁན་ངྷ་རམ་ས་ལའི་སྒྲིག་འཛུགས་འདིར་དམངས་གཙོ་མེད་ཀྱང་། ང་ཚོ་བོད་གཞིས་བྱེས་གཉིས་ཀྱི་སེམས་ནང་ངྷ་རམ་ས་ལའི་སྒྲིག་འཛུགས་འདི་དམངས་གཙོ་ཚད་དང་ལྡན་པ་ཞིག་ཡིན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 6

  1. བསྟན་ཆོས། says:
    ལོ་ 13 སྔོན།

    དང་བོ་དེ་ལ་འདི་ལྟར་བཤད་ན་འགྲིག་སྙམ། ༦-༨བོད་ཡིག་ལམ་ནས་འཁྲིད་འཆར་བཀག་སོང་ལབ་དགོས་པ་འདྲ།
    ༢) སྐྱབས་བཅོལ་བས་སྒྲུབ་བྱ་གཙོ་བོ་བཤད་པ་རེད་སྙམ།
    ༣) ཏག་ཏག་ཡིན་ས་རེད་འདོད།

    Reply
  2. ཉེར་གཅིག་པའི་ཅོང་བརྡ། says:
    ལོ་ 13 སྔོན།

    བཙན་བྱོལ་བའི་འགོ་ཁྲིད་རྣམས་བོད་ཡིག་གི་དགྲ་བོར་འགྱུར་བཞིན་འདུག

    Reply
  3. བསྟན་འཛིན། says:
    ལོ་ 13 སྔོན།

    རྩོམ་ཡིག་འདིར་སྙིང་ནས་རྒྱབ་སྐྱོར་ཞུ།   བོད་ནང་ནས་བོད་ཀྱི་སློབ་མ་རྣམས་ཀྱིས་འདས་པའི་ལོ་ཁ་ཤས་རིང་།    རང་སྲོག་བློས་བཏང་གིས་རྒྱ་ནག་གཞུང་ལ་བོད་ཡིག་སློབ་ཆོག་པའི་རེ་སྐུལ་དང་།   རྒྱ་ཡིག་སློབ་ཚན་བོད་ཡིག་ཐོག་སླབ་ཆོག་ཆེད་ངོ་རྒོལ་རབ་དང་རིམ་པར་བྱས་པ་རེད།   དེས་རྐྱེན་གྱིས་སློབ་ཕྲུག་མང་པོ་ཞིག་ད་ལྟ་རྒྱའི་བཙོན་ཁང་དུ་མནར་གཅོད་མྱང་དང་མྱོང་བཞིན་ཡོད།
    དེ་བཞིན་༧གོང་ས་མཆོག་གིས་ཀྱང་།  ནམ་རྒྱུན་ཞལ་ན་ན་བར་དུ་བོད་ཀྱི་སྐད་ཡིག་ལ་བདག་གཅེས་བྱེད་དགོས་ཞེས་གསུང་གིན་ཡོད་རེད།
    ཡིན་ན་ཡན་སེང་གེའི་སྒྲིག་འཛུགས་ཀྱིས།   བོད་ཕྲུག་རྣམས་ཀྱིས་བོད་ཡིག་བསླབ་མི་ཆོག་པར་བཟོས་པ་ནི།    བློ་ཡུལ་དུ་ཤོངས་དཀའ་བ་ཞིག་རེད།   ངོ་མ་བཤད་ན་བློ་སེང་གི་སྒྲིག་འཛུགས་དང་རྒྱ་ནག་སྲིད་གཞུང་བར་ལ་ལྐོག་འབྲེལ་ཞིག་ཡོད་པ་བརྒྱ་ཆ་བརྒྱ་ཐམ་པ་རེད།   དེ་མེན་ན་བོད་ཀྱི་མ་འོངས་པའི་སོན་རྩ།   ད་ལྟའི་སྲོག་སྙིང་།   འདས་པའི་བརྗེད་ཐོ་བོད་ཡིག་ཁོ་ན་ཡིན་པས།   དེ་བོད་ཕྲུག་རྣམས་ཀྱིས་བསླབ་མ་ཆོག་ན།   འདི་ནས་ལྷག་པའི་བོད་མིར་བརྙས་བཅོས་དང་།   འདི་ལས་ལྷག་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ཞིག་གང་དུ་ཡོད་དམ།

    Reply
  4. གནས་ཚང་། says:
    ལོ་ 13 སྔོན།

    བློ་མཐུན་སེང་གེ་འདི་སྔར་པེ་ཅིན་དུ་ཇི་ལྟར་ཕྱིན་པ་དང་ཕྱིར་ལོག་སྐབས་དངན་པ་རེག་ཡོད་མེད་ལ་ཉམས་ཞིབ་གནང་རོགས། དེ་ནས་ཆ་ཚང་གསལ་ཡོང་གི་རེད།

    Reply
  5. བསམ་འགྲུབ་ཕོ་བྲང་། says:
    ལོ་ 13 སྔོན།

    མཐའ་དོན་སེང་གེ་བཀའ་ཤག་ལ་བསྐྱར་ནན་གྱིས་གསལ་བཤད་ཞུ་འདོད་ཞིག་ལ། སེང་གེ་བཀའ་ཤག་དང་གུང་ཁྲན་ཏང་གཉིས་ལ་བོད་མི་རིགས་བླ་སྲོག་ལྟ་བུའི་བོད་ཡིག་བོད་སྐད་འདི་དགོས་མཁོ་ཆུང་ན་ཡང་། ང་ཚོ་བོད་མི་ས་ཡ་དྲུག་ལ་ཕ་སྐད་བོད་སྐད་བོད་ཡིག་འདི་གལ་ཆེན་འགངས་ཆེན་ཡིན། སེང་གེ་བཀའ་ཤག་དང་གུང་ཁྲན་ཏང་གི་སྣང་ངོར་བོད་ནང་གི་བོད་མི་ཚོའི་ཆེད་དུ་དམངས་གཙོ་རྩོད་དགོས་ཀྱི་མེད་ན་ཡང་། ང་ཚོ་བོད་གཞིས་བྱེས་གཉིས་ཀྱི་མི་དམངས་ཚོས་འདས་པའི་མི་ལོ་ལྔ་བཅུར་རང་དབང་དམངས་གཙོ་བརྩད་དེ་ཡོང་བ་རེད་ལ་ད་དུང་ཡང་རྩོད་དགོས་ཀྱི་ཡོད། སེང་གེ་བཀའ་ཤག་དང་གུང་ཁྲན་ཏང་གི་སེམས་ནང་༧གོང་ས་མཆོག་གིས་གསོལ་བསྩལ་གནང་བའི་ཡང་དག་པའི་དམངས་གཙོའི་ལམ་སྲོལ་ལག་བསྟར་བྱེད་མཁན་ངྷ་རམ་ས་ལའི་སྒྲིག་འཛུགས་འདིར་དམངས་གཙོ་མེད་ཀྱང་། ང་ཚོ་བོད་གཞིས་བྱེས་གཉིས་ཀྱི་སེམས་ནང་ངྷ་རམ་ས་ལའི་སྒྲིག་འཛུགས་འདི་དམངས་གཙོ་ཚད་དང་ལྡན་པ་ཞིག་ཡིན།

    Reply
  6. ཨ་འདུས་མིག་ཆུ། says:
    ལོ་ 13 སྔོན།

    སྐད་ཡིག་གི་ཚེ་སྲོག་ཡུན་གནས་ཐུབ་མིན་ནི། སྐད་ཡིག་གི་བཀོལ་སྤྱོད་ཁོར་ཡུག་དང་། འདུ་ཤེས་བསམ་བློ་གཉིས་ཀྱི་ཆ་ལ་རག་ལས་འདུག་སྙམ། སྐད་ཡིག་བཀོལ་སྤྱོད་བྱེད་པའི་ཁོར་ཡུག་གང་འདྲ་ཞིག་ཡིན་རུང་དེ་ཉིད་གནས་ཐུབ་པའི་འགག་རྩ་ཕྱོགས་གཅིག་ནི། དེ་ཉིད་བཀོལ་སྤྱོད་བྱེད་པའི་ཁྱབ་རྒྱ་ཡིན་ལ། དེ་ལས་ལྡོག་ཏེ་ཕྱིན་ན་མི་རིགས་གང་ཞིག་གི་ངོ་བོ་མཚོན་བྱེད་དང་། རིག་གཞུང་གི་གཞི་རྟེན་དུ་གྱུར་བའི་སྐད་ཡིག་ཡོངས་སུ་ཉམས་ངེས་པ་རེད་འདོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese