མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱའི་བར་འཁྲུག་འཛིང་ཤོར།

བོད་ཀྱི་དུས་བབ།
༢༠༡༣/༠༧/༢༠
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ལྷག་པའི་ཉིན་བོད་རིགས་མདོ་ལ་རྫོང་གི་ཨ་རིག་བྲག་དཀར་སྡེ་བ་དང་། རྒྱ་རིགས་མེན་ལི་རྫོང་གི་ཚོ་མེན་སྡེ་བ་གཉིས་བར་འཁྲུག་འཛིང་ཤོར་ཏེ་བོད་མི་ ༡༧ ཙམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག

དེ་རིང་དྷ་སར་གནས་སྡོད་ཨ་རིག་འགྱུར་མེད་ལགས་ཀྱིས་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང་(བོད་རིགས)ཨ་རིག་བྲག་དཀར་སྡེ་བ་དང་། ཀན་སུའུ་ཞིང་ཆེན་མེན་ལི་རྫོང་(རྒྱ་རིགས)ཚོ་མེན་གྲོང་རྡལ་གཉིས་བར། སྔོན་མ་ནས་ས་མཚམས་རྩོད་རྙོག་གི་འཁྲུག་འཛིང་ཡང་ཡང་ཤོར་བཞིན་ཡོད་པ་ལྟར། ཟླ་འདིའི་ཚེས་ ༡༧ ཉིན་མདོ་ལ་རྫོང་གི་བོད་རིགས་ས་སྲུང་བའི་སྡོད་གུར་རྒྱག་ཡུལ་འཁྱག་ལུང་དུ། རྒྱ་སྡེའི་ཚོ་མེན་གྱི་རྒྱ་རིགས་ཚོས་ཀན་སུའུ་ཀྲང་ཡེ་ས་ཁུལ་གྱི་རྒྱ་མི་ ༡༠༠ ལྷག་ལ་རྒྱ་སྒོར་ ༡༠༠༠ རེ་སྤྲད་དེ་གླས་ཡོང་སྟེ་བོད་མི་ས་སྲུང་བ་ཚོར་རུབ་རྡུང་བྱེད་དུ་བཅུག་ཡོད་འདུག

ཐེངས་འདིའི་འཁྲུག་འཛིང་ཁྲོད་ཡུལ་དེར་ས་སྲུང་བ་ ༣༠ ཡོད་པའི་ནང་གི་བྲག་དཀར་སྡེ་བའི་སྡེ་དཔོན་རབ་བརྟན་ལགས་ཀྱི་རྐང་ལག་བཞི་བོ་བཅག་ཡོད་འདུག་ལ། བོད་མི་བསམ་འགྲུབ་དང་ཞོའོ་ཀྲང་གཉིས་ཀྱི་མགོ་དང་རྐང་པར་རྨས་སྐྱོན་ཚབས་ཆེན་བཟོས་ཏེ། ཁོང་གསུམ་ད་ལྟ་ཀན་སུའུ་ཀྲང་ཡེའི་སྨན་ཁང་ཆེན་པོ་ཞིག་ཏུ་མྱུར་སྐྱོབ་བྱེད་ཀྱིན་ཡོད་ཀྱང་ཚེ་སྲོག་གི་ཉེན་ཁར་ཐུག་ཡོད་འདུག གཞན་རྨས་སྐྱོན་ཕོག་མཁན་ ༡༤ ཙམ་མེན་ལི་རྫོང་གི་སྨན་ཁང་ཞིག་ཏུ་ཁྲིད་ཡོད་པ་དང་། ས་སྲུང་བ་ ༡༠ ཙམ་སྐབས་དེར་རི་འགོར་འབྲོ་ཐུབ་པ་བྱུང་ཡོད་འདུག  

གནས་ཚུལ་མཁོ་སྤྲོད་པས་བརྗོད་ན། འདས་པའི་ལོ་མང་སྔོན་ནས་མདོ་ལ་རྫོང་འོག་གི་ཨ་རིག་དང་། མེན་ལི་རྫོང་འོག་གི་ཚོ་མེན་གྲོང་རྡལ་གཉིས་བར་ས་མཚམས་རྩོད་ཉོག་གི་འཁྲུག་འཛིང་ཡང་ཡང་ཤོར་བཞིན་ཡོད་ཀྱང་། བོད་མི་ཚོར་ད་རེབ་ལྟ་བུའི་ཚབས་ཆེའི་ཉེས་རྡུང་དང་གྱོང་གུད་དེ་སྔོན་ཕོག་མྱོང་མེད་ཟེར།

ཐེངས་འདིར་རྒྱ་མི་ཚོས་དབྱུག་པའི་སྣེ་མོར་ལྕགས་འཛེར་མང་པོ་བཙུགས་པའི་མཚོན་ཆ་ཞིག་བཟོས་ཡོད་པ་དེས། བོད་མི་ཚོར་གཞུས་ཏེ་ཤ་གསེང་དུ་ཟུག་རྗེས་ཕྱིར་འཐེན་སྐབས་ཤ་གཙབ་རལ་བཏང་ཡོད་འདུག་ལ། གཞན་རྡོ་དང་དབྱུག་པ་སོགས་ལག་ཏུ་གང་ཡོང་གིས་ཉེས་རྡུང་བཏང་ཡོད་འདུག གནས་ཚུལ་དེ་བྱུང་རྗེས་ཨ་རིག་བྲག་དཀར་སྡེ་བར་ཡོད་པའི་ཉེན་རྟོག་པ་དང་མེན་ལི་རྫོང་གི་ཉེན་རྟོག་པ། རྫོང་ཁག་གཉིས་ཀྱི་མགོ་ཁྲིད་ཁག་ཅིག་བཅས་ས་གནས་སུ་འབྱོར་སྐབས། རྒྱ་མི་ཚོས་ཚུར་ཕྱོགས་ཀྱི་ཉེན་རྟོག་པར་ཉེས་རྡུང་གཏོང་རྩིས་བྱས་སྐབས། རྫོང་གཉིས་ཀའི་མགོ་ཁྲིད་ཚོས་ཐབས་མཁས་བསྟུན་ཤེས་ཀྱིས་གསལ་བཤད་བྱས་མཐར་འཁྲུག་འཛིང་ཤོར་བཅུག་མི་འདུག

སྤྱིར་མདོ་ལ་རྫོང་ཨ་རིག་བྲག་དཀར་སྡེ་བ་དང་མེན་ལི་རྫོང་ཚོ་མེན་གྲོང་རྡལ་གཉིས་བོད་རྒྱའི་ས་མཚམས་ལ་ཁེལ་ཡོད་སྟབས། ལོ་ལྟར་དབྱར་ཀར་བསླེབས་ཐེངས་རེར་བོད་རིགས་དང་རྒྱ་རིགས་བར་ས་མཚམས་རྩོད་ཉོག་གི་འཁྲུག་འཛིང་ལན་མང་ཤོར་བཞིན་ཡོད་ཀྱང་། ཞིང་ཆེན་དང་ཁུལ་རིམ་པས་ད་བར་གནས་ཚུལ་ཐག་གཅོད་མ་བྱས་པར་བཞག་ཡོད་འདུག  

མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང་དུ་བོད་རིགས་ཞང་ ༧ དང་། རྒྱ་རིགས་ཞང་ ༡ ཡོད་པ་དང་། ཐེངས་འདིར་ཨ་རིག་བྲག་དཀར་སྡེ་བའི་མང་ཚོགས་ཀྱིས་ཡུལ་དམག་བསྡུས་ཏེ། ཕར་རྒོལ་བྱེད་རྒྱུར་གྲ་སྒྲིག་བྱས་ཡོད་ཀྱང་། མདོ་ལ་རྫོང་གི་མགོ་ཁྲིད་ཚོས་ཉིན་ ༥ རིང་ནང་གང་མགྱོགས་གནད་དོན་ཐག་གཅོད་ཐུབ་པ་བྱ་རྒྱུའི་ཁས་ལེན་བྱས་ཏེ་མང་ཚོགས་བཀག་འགོག་བྱས་ཡོད་འདུག

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 5

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཁ་བརྡར།
    ༥༽ ཀརྡོ་གཉེར་ཕྱག་པ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༠ གི་ཆུ་ཚོད་ ༡༤ སྐར་མ་ ༠༠
    རྒྱ་རིགས་བརྒྱ་པོ་ཆ་ཚང་ནང་ལ་ལོག་རྒྱུ་མེད་པར་དམར་གསོད་གཏོང་དགོས་རེད། དེ་མིན་རྙོག་ཁྲ་མ་བཟོས་ན་ཡག་བགྱིད། ས་འཚམས་ཆུང་ཆུང་གཅིག་གི་རྙོག་ཁྲས་བོད་རྒྱ་མི་རིགས་སྤྱི་ཡི་མཐུན་ལམ་ཡང་གནོད་བགྱིད་འདུག

    Reply
  2. ཧོར་བུ་ཡེ་ཤེས says:
    ལོ་ 13 སྔོན།

    བཟོད་པའི་གོ་ཆ་ལུས་ལ་མེད་ཀྱང་ཡོད་མདོག་བྱེད་པའི་བོད་པ་ཚོ །།
    རང་སེམས་རླན་པའི་སྙིང་རྗེ་མེད་པར་གཞན་ལ་སྙིང་རྗེ་བྱམས་སེམས་བཤད །།
    ས་གྲགས་གནམས་གྲགས་བཙན་པོའི་རྒྱུད་ཅེས་ཁ་ཕོ་རི་ལས་མཐོ་བ་སྨྲ །།
    འདྲ་པར་དེ་ཡི་ན་ཟུག་སྦྱིན་ཀྱང་ཁྱོད་དང་ང་གཉིས་ཝ་ཡི་རྒྱུད །།

    Reply
  3. ཉེར་གཅིག་པའི་ཅོང་བརྡ། says:
    ལོ་ 13 སྔོན།

    འཁྲུག་འཛིང་ཤོར་ཚར་འདུག ༼རྫོང་གཉིས་ཀའི་མགོ་ཁྲིད་ཚོས་ཐབས་མཁས་བསྟུན་ཤེས་ཀྱིས་གསལ་བཤད་བྱས་མཐར་འཁྲུག་འཛིང་ཤོར་བཅུག་མི་འདུག༽ ཟེར་ན་ག་རེ་ཟེར་གི་ཡོད་རེད།

    Reply
  4. གནས་ཚང་། says:
    ལོ་ 13 སྔོན།

    རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་གཅར་རྡུང་དང་གསོད་གཏུབ་ལས་མེད་པར་ར་གསལ་བོ་འཕྲོད་པ་རེད། གནས་སྟངས་འདི་མཐོང་སྐབས། སྟོན་པ་ཞལ་བཞུགས་དུས་ཡིན་ཡང་ཨ་ཁ་ཁ་གསུངས་ཤག་རེད།

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    བོད་བཙན་པོའི་སྐབས་སུ།
    བོད་བོད་ཡུལ་ན་སྐྱིད།
    རྒྱ་རྒྱ་ཡུལ་ན་སྐྱིད།
    ཅེས་བཀའས་བཅད། རྡོ་རིངས་ལའང་བྲིས། ཤར་ལྷོ་ནུབ་བྱང་ལ་སྟོབས་དཔུར་བསྐྱེད་དེ་བོད་ཅེས་སྟོབས་དང་འབྱོར་བ། མངའ་ཐང་ལོངས་སྤྱོད་གང་ཐད་ནས་གཞན་སུ་འདྲ་ཞིག་དང་ཡང་འདྲ་མཉམ་དུ་གནས་ནས་ཡོང་བ་རེད། ད་དུང་བོད་རྒྱ་གཉིས་ནི་གནའ་སྔ་མོ་ཤེད་ཤུགས་འདྲ་མཉམ་ཡིན། རྒྱུ་འབྱོར་འདྲ་མཉམ་ཡིན། དམག་ཐོབ་རེས་རེ་ལ་ཤོར་རེས་རེ། རྒྱལ་ས་ཡང་འཕྲོག་རེས་རེ་ལ་ཤོར་རེས་རེ་ཡང་བྱས་མྱོང་།
    འོན་ཀྱང་སྐབས་ཤིག་ནས་བོད་མི་རིགས་འདིས་བྱང་ཆུབ་སེམས་དཔའ་མ་ཆགས་རུང་རྒྱུད་ནས་བྱང་སེམས་འདོར་མི་ཉན་ཟེར་ནས་ད་བར་དུ་འདོད་པ་ཆུང་ཞིང་ཆོག་ཤེས་པར་བྱས་ནས་འོང་། ཞ་ཐ་ཤ་དར་རྒྱས་ཆེད་དུ་བཟའ་བཏུང་ཞིམ་མངར་ལྡན་དག་ཀྱང་ཆོག་ཤེས་པའི་སྒོ་ནས་སྙུང་ཅི་བཏུབ་ཀྱིས་ལུས་ཟུངས་མཛད་པར་བྱས།
    དེ་རིང་གི་དུས་འདིར་བོད་ཟེར་ན་འཛམ་གླིང་གི་རྒྱལ་ཁབ་ཡུལ་མང་པོས་མི་ཤེས། མི་རིགས་འདི་ཡང་མཐོང་མ་ཐག་ནས་ “ཅིན་ Cin “རེད་ཟེར།
    བོད་མི་ཚོས་ཀྱང་རང་ཉིད་
    “ཅིན་ Cin “མིན་ཡང་ཡིན་ཁུལ་བྱས་དང་བྱེད་བཞིན་ཡོད།

    ཨ་ཧོ། དེ་རིང་འདིར་གཟིགས་དང་། བོད་བོད་ཡུལ་སྐྱིད་མ་ཐུབ། རྒྱ་རྒྱ་ཡུལ་ནས་འདུག་མ་ཤེས། ད་བོད་འདིས་རང་གི་རང་ཉིད་ཀྱི་མེས་པོ་དག་ངོ་སེས་ཤིང་དྲན་པར་བྱས་ནས། བོད་བོད་ཡུལ་ནས་སྐྱིད་ཐུབ་ཅིང་། རྒྱ་རྒྱ་ཡུལ་འདུག་ཤེས་པའི་ལས་ཀ་རེ་ཅི་ལྟར་བྱ་ནུས་སམ། ཐབས་དང་ལམ་གང་ཡོད་ན་ད་འདོད་རན་རེད་སྙམ།
    རྒྱང་ནས་གླད་དེ་རྒྱང་ནས་འགོར་དྲག་ན་ཕྱི་ནང་གཉིས་ཀྱང་འགལ་བའི་འགལ་བར་མི་འགྱུར་བའི་ངེས་པ་སུའང་མི་འདུག་སྙམ། བོད་མིས་བོད་སྐྱོབས་བློ་རིག་རྩལ་དུ་སྤྲིགས་རོགས་ཀྱེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese