རྒྱ་ནག་གཞུང་གིས་བོད་མདོ་སྨད་རྔ་པ་ཁུལ་མཛོད་དགེ་རྫོང་ཐང་སྐོར་ཞང་གི་བོད་མི་གསུམ་འཇུ་བཟུང་བཙན་འཁྲིད་བྱས་ཏེ། ད་ཆར་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་འདུག
རྒྱ་ནག་གཞུང་གིས་ཟླ་འདིའི་ཕྱི་ཚེས་ ༧ ཉིན་སི་ཁྲོན་རྔ་པ་ཁུལ་མཛོད་དགེ་ཐང་སྐོར་སོག་ཚང་དགོན་པའི་གྲྭ་དགེ་ལེགས་ཆོས་འཕེལ་དང་། གྲྭ་བློ་བཟང་ཆོས་འབྱོར། ཐང་སྐོར་རུ་ཁག་གཉིས་པའི་མི་སྐྱ་སྐལ་བཟང་དབྱིག་གཉེན་བཅས་མི་གསུམ་གནས་ཚུལ་ཅི་ཡིན་གསལ་བཤད་ཅི་ཡང་མེད་པར་གློ་བུར་འཇུ་བཟུང་བཙན་འཁྲིད་བྱས་ཏེ། ད་ཆར་ཁོང་གསུམ་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག
གྲྭ་བསོད་ནམས་ལགས་སུ་བོད་ནས་འབྲེལ་ཡོད་མི་སྣ་ཞིག་གིས་བརྗོད་པ་ལྟར་ན། ཉེ་ཆར་རྒྱ་ནག་གཞུང་གིས་གནས་ཚུལ་ཅི་ཡིན་གསལ་བཤད་ཅི་ཡང་མེད་པར་མཛོད་དགེ་ཐང་སྐོར་གྱི་སྐྱ་སེར་བོད་མི་ཁོང་གསུམ་འཛིན་བཟུང་བྱས་པར་རྐྱེན་བྱས་ཏེ། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཐང་སྐོར་སོག་ཚང་དགོན་པའི་རང་ལོ་ ༡༨ ཡིན་པའི་གྲྭ་དཀོན་མཆོག་བསོད་ནམས་ལཊ་ཀྱིས། རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་གནང་བ་ཞིག་ཡིན་འདུག་ལ། ཉེ་ཆར་རྒྱལ་གཅེས་དཔའ་བོ་གྲྭ་དཀོན་མཆོག་བསོད་ནམས་ལགས་ཀྱི་རང་ལུས་མེར་བསྲེཊ་མ་གནང་གོང་ཁོང་གི་བློས་ཐུབ་གྲོགས་པོ་ཞིག་ལ་སྐྱོ་སྣང་དང་བཅས། “ རྒྱ་འདིས་བཙན་གནོན་འོག་མི་ཚེ་སྐྱེལ་དགོས་པ་འདི་སྡུག་བསྔལ་གྱི་གཞི་རེད ” ཅེས་སེམས་གཏམ་བཤད་ཡོད་འདུག
ཉེ་ལམ་ས་གནས་སུ་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་བྱུང་རྗེས་རྒྱ་ནག་གཞུང་གིས་མཛོད་དགེ་ཐང་སྐོར་ཞང་དུ་དམག་མི་དང་ཉེན་རྟོག་པ་སྟོང་ཕྲག་མང་པོ་འགྲེམས་འཇོག་བྱས་ཏེ། ད་ཆར་ས་གནས་དགོན་གྲོང་གཉིས་དམ་དྲག་ཁྲོད་ལྷག་ཡོད་འདུག
གསར་འགོད་པ། དོན་གོ