མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིས་རང་སྲེག་བྱས་པ་ནས་ཀྲོང་ནན་ཧེ་ཡི་ཆད་སྐྱོན་ལ་ལྟ་བ།

བོད་ཀྱི་དུས་བབ།
༢༠༡༣/༠༧/༢༣
Share on FacebookShare on TwitterShare on EmailShare on Whatsapp

                                                                                 ཁྲིན་པོ་ཀོང་གིས་བརྩམས། ལོ་མ་རྒྱལ་གྱིས་བསྒྱུར།

༢༠༠༩ ལོར་བོད་མིས་རང་སྲེག་བྱས་པ་ནས་བཟུང་ད་ལྟའི་བར་བོད་མི་ ༡༡༩ ཡིས་རང་ལུས་མེར་བསྲེགས་བྱས་འདུག  དེའི་ཁྲོད་ནས་ ༡༠༢ འདས་གྲོངས་སུ་ཕྱིན་ཡོད། འདི་ནི་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་དུ་ཧ་ཅང་སྐྱོ་གར་ཅན་གྱི་ངོ་རྒོལ་ཞིག་ཡིན་པ་མ་ཟད། གནའ་ནས་ད་ལྟའི་བར་དུ་བྱུང་མྱོང་མེད་པ་ཞིག་ཀྱང་རེད།  

རྒྱ་གཞུང་གི་སྨྱུག་ཐོགས་པ་རེ་ཟུང་གིས་གཞུང་གིས་ “རང་སྲེག་མཁན་ནི་རེ་ཟུང་ཞིག་ཡིན་པ་དང་། རང་སྲེག་བྱེད་པའི་ས་ཆ་ཡང་ཉུང་ཤས་ཤིག་རེད”ཅེས་སྒྲོག་གི་ཡོད་པ་འདིར་ཁ་གཡར་ཏེ་རང་སེམས་རང་གིས་གསོ་བ་དང་རང་གིས་རང་ལ་འགྲེལ་བཤད་བརྒྱབ་སྟེ་མགོ་སྐོར་གཏོང་གི་འདུག འདི་ལྟ་བུའི་སྐྱོ་ལྷང་ལྷང་གི་རང་སྲེག་བྱེད་ཐབས་དང་བརྒྱ་ཁ་ལོངས་པའི་རང་སྲེག་གི་གྲངས་ཀ་དེ་ཚོ། འཛམ་གླིང་རྒྱལ་ཁབ་གང་རུང་ཞིག་དང་ས་ཆ་གང་རུང་ཞིག་(ཡིན་དང་ཡིན། རྒྱ་ནག་ཁོ་ན་ནས་དེ་ལྟར་བྱུང་སྲིད་པ་རེད)ནས་བྱུང་བ་ཡིན་ན།  སྐྱེ་བོ་ཐམས་ཅད་ཁ་གདེང་ཞིང་མིག་ཅེར་ནས་ཧ་ལས་ཤིང་ཧོན་འཐོར་འགྲོ་བ་མ་ཟད། འཛམ་གླིང་གི་མི་ཚང་མས་གསལ་གསལ་ཐིང་ཐིང་གིས་ཤེས་རྒྱུ་རེད། དོན་གྱིས་དེ་ནི་དེ་གའི་དབང་བསྒྱུར་བྱེད་སྟངས་ལ་གནད་དོན་ཡོད་རྟགས་མཚན་ཙམ་མ་ཟད། གནད་དོན་ཚབས་ཆེན་ཞིག་ཡོད་པའི་རྟགས་མཚན་ཡང་རེད།

དབང་སྒྱུར་པ་ཞིག་གི་ངོས་ནས་བཤད་ན།  ཀྲོང་ནན་ཧེ་ཡིས་ཕྱིར་རྟོག་དང་བསམ་གཞིག་ཁྱོན་ནས་བྱེད་ཀྱི་མི་འདུག བོད་མིའི་རང་སྲེག་གི་ཐད་ལ་རྒྱ་གཞུང་གི་རྣམ་འགྱུར་ནི་ཚོར་བ་ཅི་ཡང་མེད་པའི་རྡོ་བ་ལྟར་བསྡད་ཡོད། རྒྱ་གཞུང་གིས་འགན་ཡོད་ཚད་ཕྱི་ལོགས་ཀྱི་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་གི་སྒང་ལ་གཡུག་གི་འདུག བདེན་དཔང་ཅི་ཡང་མ་རྙེད་སྟབས་ཕྱི་གསལ་ནང་གསལ་གྱིས་རང་སྲེག་ལ་ཉེས་འཛུགས་དང་ངོ་རྒོལ་བྱེད་མ་ཐུབ་པར། ཏཱ་ལའི་བླ་མའི་ཕྱོགས་ལ་ཉེས་འཛུགས་བྱེད་ཀྱིན་འདུག  རྒྱ་ནག་གི་བྱེད་ཐབས་ནི་རང་སྲེག་མཁན་གྱི་མཁྲིས་སུ་ཡོད་པའི་མི་ལ་ཁ་གྲགས་སུ་འཇུག་པ་དང་། ཡང་ན་བཙོན་འཇུག་བྱེད་པ། ཁྲིམས་ཐག་གཅོད་པ། ཐ་ན་སྲོག་ཁྲིམས་ཀྱང་གཅོད་ཀྱི་ཡོད་པ་དེ་རེད།  དེ་ནི་འཇིགས་སུ་རུང་བའི་མི་ཡུལ་གྱི་གོད་ཆག་གི་སྒང་ལ་གོད་ཆག་འཕར་མ་ཞིག་ཀྱང་རེད།

རྒྱ་གཞུང་གིས་སྨྱུག་ཐོགས་པ་བེད་སྤྱོད་བཏང་སྟེ་བོད་མིས་རང་སྲེག་གི་རྒྱུ་རྐྱེན་ལ་ཞིབ་འཇུག་བྱེད་པའི་སྐབས་སུ། ཁོ་ཚོས་རྨོངས་འཆར་གྱི་སྒོ་ནས་འདི་ལྟར་རྗོད་ཀྱི་འདུག བོད་མིའི་རེ་འདུན་ཉག་ཅིག་ནི་“དཔལ་འབྱོར་གྱི་མཐུན་འགྱུར་རོགས་རམ”གནང་དགོས་པ་དེ་ཡིན་ཟེར། ཐ་ན་དཔེ་མཚོན་ཅན་གྱི་དཔལ་འབྱོར་རིག་པའི་མི་སྣས་ཀྱང་དེ་ལྟར་བཤད་ན། འདི་ངོ་མ་སེམས་ནས་བཟོད་ཐབས་མེད་པ་ཞིག་རེད།  ད་དུང་རྨོངས་གཏམ་གཞན་ཞིག་ནི་ “བོད་ཤར་ཕྱོགས་ས་ཁུལ་ནི་ལྟོས་བཅས་ཀྱིས་སྲིད་ཇུས་གུ་ཡངས་ཡོད་པ་དང་། ཆོས་ཕྱོགས་ལ་ཡང་ཡར་རྒྱས་ཀྱི་རྣམ་པ་བྱུང་ཡོད”ཅེས་རྗོད་ཀྱིན་ཡོད། ད་དུང་། “བོད་ཤར་ཕྱོགས་སུ་བོད་ལྗོངས་ལས་ཆོས་ལུགས་རང་དབང་ཆེས་ཆེར་ལོངས་སུ་སྤྱོིད་ཀྱི་ཡོད་པ་དང་། དེ་དང་འབྲེལ་བའི་གྲུབ་འབྲས་ཀྱང་ཐོན་ཡོད་”ཅེས་རྗོད་ཀྱི་འདུག བོད་ཤར་ཕྱོགས་ས་ཁུལ་ཡིན་ན་ཡང་རེད། བོད་ལྗོངས་ཀྱི་ས་ཁུལ་ཡིན་ན་ཡང་རེད། གང་ལྟར་དེ་ན་སྨྲ་བརྗོད་རང་དབང་ཙམ་ཡང་མེད་སྟབས། ཆོས་ལུགས་རང་དབང་གི་གུ་ཡངས་སྲིད་ཇུས་ཤིག་གང་ན་ཡོད།  ད་དུང་། “ཏཱ་ལའི་བླ་མ་ཕྱིར་ཕེབས་འདུག”ཅེས་བའི་དཀྲོགས་གཏམ་ལ་བརྟེན་ནས། མི་མང་པོ་ཞིག་གིས་རང་ཉིད་ལ་མ་འོངས་བའི་ལམ་ཁ་ཞིག་བཞག་འདུག དེ་བས། དཀྲོགས་གཏམ་ཞིག་གིས་མི་མང་པོ་ཞིག་ལ་ཤན་ཤུགས་ཐེབས་ཏེ་དོན་དག་དེ་འདྲའི་ཆེན་པོ་ཞིག་འཁྱོངས་ཐུབ་ཀྱི་ཡོད་ན། རྒྱ་གཞུང་གིས་སྒྲོག་གིན་པའི་”ཏཱ་ལའི་བླ་མས་མི་ཉུང་ཤས་ཤིག་ཚབ་མཚོན་མ་གཏོགས་བྱེད་མི་ཐུབ་”ཅེས་པ་དེ་ནི་རྫུན་གཏམ་ཆེན་པོ་ཞིག་མ་ཡིན་ནམ།

རྒྱ་གཞུང་གི་མགོ་ཁྲིད་ཚོ་དང་སྨྱུག་ཐོགས་པ་ཚོ་ཕན་ཚུན་ལ་གོ་ལོག་ཐེབས་ཏེ།  བྱ་ངན་སྤྱོད་ངན་དེ་མུ་མཐུད་ནས་རྒྱུན་འབྱམས་བྱེད་ཀྱིན་འདུག ཚང་མས་བསམ་གཞིགས་ཀྱི་ཁ་ཕྱོགས་ནི་གཅིག་ཁོ་ན་ལ་འཁོར་ཏེ་ཕྱོགས་སུ་ལྷུང་ཡོད།  དེ་ནི་མཁྲེགས་འཛིན། མཁྲེགས་འཛིན། དེ་ལས་མཁྲེགས་འཛིན། ཁ་གཏད་རྣམས་ནི་ཁྲག་སྦྱོར། ཁྲག་སྦྱོར། དེ་ལས་ཁྲག་སྦྱོར། ཕྱི་ལོགས་ཀྱི་བརྒྱུད་ལམ་ཁག་ན་རྒྱ་གཞུང་གིས་མཚོ་སྔོན་ཕྱོགས་ལ་ཅུང་གུ་ཡངས་བྱས་ཏེ། ཏཱ་ལའི་བླ་མའི་སྐུ་པར་སྒྲིག་བཤོམ་བྱེད་ཆོག་གི་འདུག་ཅེས་བསྒྲགས་པའི་སྐབས་སུ་ཡང་། རྒྱ་གཞུང་གི་མགོ་ཁྲིད་ཚོས་འཕྲལ་དུ་དེ་ལྟར་ཡིན་པའི་ངོས་ལེན་བྱས་མི་འདུག

བལྟས་ཡོང་ན། རྒྱ་གཞུང་གི་མིས་གདུག་ཅན་བྱེད་ན་འདོད་པ་ལས། མི་བཟང་པོ་ཞིག་བྱེད་འདོད་ཁྱོན་ནས་ཡོད་ས་མ་རེད། རྒྱ་གཞུང་གི་སྲིད་གྲོས་ཀྲོའུ་ཞི་ཡིས་ཁ་གསལ་མངོན་གསལ་གྱི་ངང་ནས་ “ངེས་པར་དུ་ཏཱ་ལའི་རུ་ཚོགས་ལ་རྒོལ་བའི་དར་ཆ་མཐོན་པོར་བསྒྲེང་དགོས་”ཞེས་བསྒྲགས་འདུག  སྲིད་གྲོས་ཀྱི་དགོངས་དོན་དང་ཆབ་སྲིད་ཀྱི་གྲོས་ཆོད། དེ་ནས། སྲིད་གྲོས་ཀྱི་ཀྲོའུ་ཞི་ཞིག་ཡིན་པའི་ཆ་ནས། མི་རིགས་མཐུན་སྒྲིལ་གྱི་འོས་འགན་དེ་ཕྲག་ཏུ་ལེན་འོས་བ་ཞིག་ཡིན་ཡང་། བོད་མི་ཚོ་མི་རིགས་ཁ་བྲལ་གཏོང་མཁན་གྱི་ཉེས་ཅན་ཞིག་ཏུ་བལྟས་ཏེ། མགོ་མཇུག་ལྡོག་པའི་ལས་ཀ་འབའ་ཞིག་བྱེད་ཀྱིན་ཡོད།

རྒྱ་གཞུང་གི་སྒྱུག་ཐོགས་པ་དག་གིས་བོད་མི་ལ་འདི་ལྟར་ཁྱད་གསོད་བྱེད་ཀྱི་འདུག  “རང་སྲེག་བྱེད་པ་ནི་ཁ་ཆེ་བ་ཚོའི་སྤྱོད་སྟངས་ཏེ།  འགད་རྫས་དང་མཉམ་དུ་བཀད་པ་དང་གཅིག་པ་རེད”ཅེས་རྗོད་ཀྱི་འདུག  དེ་ན་རྒྱ་གཞུང་གིས་དོན་དམ་གྱིས་ཅི་ཞིག་ལ་རེ་ལྟོས་བྱས་ཡོད་དམ།  ང་ཚོས་ཁ་ཕྱིར་འཁོར་ནས་བསམ་གཞིགས་ཤིག་བྱེད། གལ་ཏེ། བོད་མི་ ༡༠༢ པོ་འདི་རང་སྲེག་མ་བྱས་པར་རྒྱ་གཞུང་ལ་དྲག་པོས་རྒོལ་འཛིང་བྱས་ཡོད་ན། རྒྱ་གཞུང་གི་དམག་མི་ཚོའི་མེ་མདའི་ཁ་ནས་དམར་གསོད་བཏང་ཡོད་ལ་རྒྱ་གཞུང་སྔར་བཞིན་སྐྱིད་སྣང་གིས་འདུག་རྒྱུ་རེད། འོན་ཀྱང་ལག་དམར་གྱི་མིང་བྱང་བཞག་པ་དང་ལོ་རྒྱུས་ལ་བསྐྱར་དུ་ཁྲག་ལན་ཞིག་གི་ཁ་གྲངས་མང་དུ་བཏང་བ་རེད།

གལ་ཏེ་བོད་མི་ ༡༠༢ པོ་འདི་རང་སྲེག་མ་བྱས་པར་ལུས་ཐོག་ལ་འགད་རྫས་བཏགས་ཏེ་རྒྱ་གཞུང་ལ་དྲག་རྒོལ་གྱིས་རྒྱ་དམག་དང་མཉམ་ཤི་བརྒྱབ་ཡོད་ཚེ། རྒྱ་གཞུང་གིས་དེ་ལ་བརྟེན་ནས་ཁོ་ཚོ་ལ་གདོན་འདྲེས་ཞེས་འབོད་པ་མ་ཟད། “འཇིགས་སྐུལ་རིང་ལུགས་པ”ཞེས་པའི་མིང་བཏགས་ཏེ་ཁྱབ་བསྒྲགས་བྱེད་ངེས་ཡིན། འོན་ཀྱང་དེས་རྒྱ་གཞུང་ལའང་གྱོང་གུད་གང་འཚམ་ཞིག་ཕོག་ཏུ་བཅུག་ཡོད་ལ། དེ་ལ་བརྟེན་ཏེ་སེམས་ནང་འཇིགས་སྐྲག་ཅིག་ཀྱང་སློང་ངེས་ཡིན་པ་སྨྲོས་མ་དགོས་པ་རེད། གལ་ཏེ། བོད་མི་ ༡༠༢ པོ་འདི་རང་སྲེག་མ་བྱས་པར་ལྐོག་གསོད་ཚོགས་ཆུང་ཞིག་བཙུགས་ཏེ། བཀོད་པ་དང་འཆར་གཞི་སྣ་ཚོགས་བསྒྲིགས་ཏེ་རྒྱ་གཞུང་གི་མགོ་ཁྲིད་ཚོ་ལྐོག་གསོད་བྱས་པ་ཡིན་ན། རྒྱ་གཞུང་ལ་མཚོན་ན། དེ་དག་ཡོད་ཚད་འཇིགས་སྣང་དང་གནོན་ཤུགས་ཆེན་པོ་ཁོ་ན་རེད།

བོད་མིས་རང་སྲེག་བྱས་པ་དེས་ཕ་རོལ་པ་ཞིག་ལ་རྨས་སྐྱོན་ཅི་ཡང་བཟོས་མེད།  རྒྱ་གཞུང་ལ་མཚོན་ན།  ཕལ་ཆེར་ཉེན་ཁ་ཆུང་ཤོས་ཀྱི་ངོ་རྒོལ་ཞིག་རེད། ཀྲུང་ནན་ཧེ་ལ་མཚོན་ན། བོད་མི་ཚོས་རང་སྲེག་མ་བྱས་ན་བསམ་བཞིན་ཡོད་ཀྱང་། བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་ཇུས་དེར་འགྱུར་བ་གཏོང་རྒྱུའི་རྣམ་འགྱུར་ཙམ་ཡང་མེད། དེ་བཞིན་ཏཱ་ལའི་བླ་མ་ཕེབས་ཏེ་རང་སྲེག་མཚམས་འཇོག་བྱེད་པར་རེ་བ་བྱེད་ཀྱིན་ཡོད་ན་ཡང་། ཏཱ་ལའི་བླ་མ་དང་མཉམ་དུ་གྲོས་མོལ་བྱེད་འདོད་མེད། ཀྲུང་ནན་ཧེ་ཡི་རེ་འདུན་དེ་ཚོ་ནི་དངོས་ཡོད་དང་མཐུན་པའི་རེ་ལྟོས་ཤིག་མ་རེད། “རང་སྐྱོན་རང་སེལ་”ཞེས་བའི་སྐད་ཆ་འདི་ནི་ཀྲུང་ནན་ཧེའི་སྟེང་ལ་སྤྱད་ན་ཏག་ཏག་ཡིན་པ་ལས། ཏཱ་ལའི་བླ་མའི་ཕྱོགས་སུ་སྦྱོར་རྒྱུ་ཞིག་མ་རེད།

བོད་མིས་རང་སྲེག་བྱེད་པའི་རེ་འདུན་གཙོ་བོ་གཅིག་ནི་“ཏཱ་ལའི་བླ་མ་བོད་ལ་ཕེབས་འཇུག་རྒྱུ་དེ་རེད།” ཡིན་ན་ཡང་། རྒྱ་གཞུང་གི་མགོ་ཁྲིད་ཚོས་དེ་ལྟར་བྱེད་ཐུབ་ཀྱི་མེད་པ་མ་ཟད་བསམ་བློ་ཅི་ཡང་མི་གཏོང་བར་ངོ་རྒོལ་བྱེད་རྐྱང་བྱེད་ཀྱིན་འདུག  སྣེ་མོ་འདི་ལ་བལྟས་ན། བོད་མིས་གཅིག་རྗེས་གཉིས་མཐུད་དུ་རང་སྲེག་བྱེད་པའི་རྩ་བའི་རྒྱུ་རྐྱེན་དེ་ནི། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དེ་མཁྲེགས་འཛིན་དང་ཨུ་ཚུགས།  གདུག་རྩུབ་བཅས་ཡིན་པས་རེད། ཏཱ་ལའི་བླ་མ་ཕྱིར་རང་ཡུལ་དུ་ལོག་པར་བཅུག་ན། དེ་ནི་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པའི་བྱེད་ཐབས་ཤིག་ཡིན་ཡང་། ཀྲུང་ནན་ཧེ་ཡིས་ཕྱོགས་གཉིས་ཀར་རྨ་ཁ་བཟོ་ན་འདོད་ཀྱི་ཡོད་པ་རེད། ཡང་ན། ཀྲུང་ནན་ཧེ་ཡི་བསམ་པར་རང་ཕྱོགས་ནས་ཕར་ལ་རྨས་སྐྱོན་བཟོ་ཐུབ་ཀྱང་། བོད་ཕྱོགས་ནས་ཚུར་རྨས་སྐྱོན་བཟོ་མི་ནུས་འདོད་ཀྱི་ཡོད། འོན་ཀྱང་མ་འོངས་བའི་ལོ་རྒྱུས་ཀྱི་ཆུ་བོའི་གཞུང་ནས་བོད་མི་རིགས་ཡུན་རིང་དུ་གནས་ཐུབ་བམ། ཡང་ན་རྒྱ་གཞུང་ཡུན་རིང་དུ་གནས་ཐུབ་བམ།

རྒྱ་གཞུང་གི་མགོ་ཁྲིད་ཚོ་ནི་ཕན་སེམས་ཅན་ཞིག་ཡིན་པར་རེ་ལྟོས་མི་བྱེད། ཡིད་ཕངས་པ་ཞིག་ལ་ཐ་ན་ཁོ་ཚོ་བློ་རིག་འཛོམས་པོ་རྐྱང་རྐྱང་ཡང་མ་རེད། ཆེས་དམའ་ས་ནས་བཤད་ན་ཡང་བོད་རྒྱའི་འབྲེལ་བ་ནི་ལོ་རྒྱུས་ལ་ངོས་འཛིན་གྱིས་མ་འདང་བ་ཞིག་རེད། དེ་ནི་རྒྱ་གཞུང་གི་དཔོན་པོ་ཚོར་བློ་རིག་དབེན་པའི་རྟགས་མཚན་ཞིག་ཀྱང་རེད། ཀྲུང་ནན་ཧེ་ཡིས་རྟག་པར་ “ཆབ་སྲིད་ལྷན་ཚོགས་ཀྱི་སྦྱོང་བརྡར”ཅེས་པ་ཞིག་གོ་སྒྲིག་བྱེད་ཀྱིན་འདུག་མོད། དེ་ལས་དུས་ཚོད་ཅིག་བཏོན་ཏེ་བོད་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པ་དང་། བོད་རྒྱ་གཉིས་ཀྱི་མགོ་ཁུངས་སྔ་གཞུག་གི་གནས་ཚུལ་དག་ལ་རྒྱུས་ལོན་ཞིག་བྱས་ན་ཅིས་མི་ཆོག  དེ་ནི། ལོ་རྒྱུས་དང་ཆོས་ལུགས་ཀྱི་རྒྱུན་ཤེས་རྣམས་རང་རྒྱུད་ལ་ངེས་པར་བྱེད་པ་དེ་ནི་དབང་བསྒྱུར་པ་ཞིག་གི་ཆེས་མ་མཐའི་ཤེས་བྱའི་སྒྲིག་གཞིའི་ཚད་ཐིག་དེ་རེད།


མ་རྩོམ་གྱི་འབྲེལ་ཐག http://www.rfa.org/mandarin/pinglun/chenpokong/cpk-07162013121101.html

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 1

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    འདི་ལྟ་བུའི་རྒྱ་ཡིག་གི་མ་རྩོམ་གང་མང་ཞིག་རྒྱ་ཡིག་གི་དྲ་ཚིགས་སྣ་ཚོགས་དང། QQ /skype ལ་སོགས་བརྒྱུད་དེ་རྒྱ་ནག་ནང་ཁུལ་ལ་ཁྱབ་རྒྱུར་ཐབས་ཤེས་དང་འབད་བརྩོན་བྱེད་དགོས། འདི་བོད་མི་སྒེར་བ་སོ་སོས་ཀྱང་ནུས་པ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese