ཟླ་གཅིག་གི་ནང་རྒྱ་ནག་གི་དངུལ་ཁང་ཆེན་པོ་ ༤ ཡི་ནང་ནས་རྒྱ་སྒོར་དུང་ཕྱུར་ཆིག་ཁྲི་བོར་བརླག་ཏུ་གྱུར་ཡོད་འདུག
ཉེ་ཆར་རྒྱ་ནག་མི་དམངས་དངུལ་ཁང་གིས་ཟླ་འདིའི་ནང་དུ་རྒྱ་ནག་བཟོ་ཚོང་དངུལ་ཁང་དང་ཞིང་ལས་དངུལ་ཁང་། རྒྱ་ནག་དངུལ་ཁང་། རྒྱ་ནག་འཛུགས་སྐྲུན་དངུལ་ཁང་བཅས་དངུལ་ཁང་ཆེ་ཁག་བཞིའི་ནང་ཁྱོན་རྒྱ་སྒོར་དུང་ཕྱུར་ཆིག་ཁྲི་(ཨ་རིའི་གྲངས་གནས་ལྟར་ན་ ༡, ༠༠༠, ༠༠༠, ༠༠༠,༠༠༠ ཙམ་ཡིན་འདུག)ཙམ་གཏོང་ལེན་བྱས་ཡོད་པ་ཕྱིར་བསྒྲགས་བྱས་རྗེས། སྤྱི་ཚོགས་ཐོག་ཟླ་གཅིག་གི་ནང་དངུལ་སྒོར་འབོར་ཆེན་དེ་འདྲ་གང་དུ་བཏང་མིན་ཐོག་གླེང་སློང་ཤུགས་ཆེན་འབྱུང་བཞིན་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་བརྗོད་ན། དེང་སྐབས་རྒྱ་གཞུང་གིས་གསོག་ཉར་བྱས་པའི་རྒྱ་སྒོར་དུང་ཕྱུར་ཁྲི་བརྒྱ་ལྷག་དེ་ནི་མི་སེར་དཀྱུས་མ་དང་ཁེ་ལས་བ། གཞུང་གི་སྒྲིག་འཛུགས་འདྲ་མིན། ལས་དོན་སྡེ་ཁག་བཅས་ཀྱི་ཡིན་པ་དང་། དེ་དག་ལས་མི་སེར་དཀྱུས་མ་ལ་རྒྱ་སྒོར་དུང་ཕྱུར་ཁྲི་ ༤༠ ཙམ་ཡོད་འདུག
གོང་གི་གནས་ཚུལ་དེར་དབྱིན་ཇིའི་ནོ་ཊིན་ཧམ་(University of Nottingham)གཙུག་ལག་སློབ་གྲྭ་ཆེན་མོའི་རྒྱ་ནག་དཔལ་འབྱོར་ཉམས་ཞིབ་པ་ཡོ་སུའུ་ཅེ་ལགས་ཀྱིས་བརྗོད་དོན། “ དངུལ་ཁང་དེ་དག་གི་ནང་དུ་དངུལ་སྒོར་གསོག་འཇོག་བྱས་པའི་གྲངས་འབོར་ལ་མཐོ་དམན་མང་པོ་ཡོད་པ་རེད། མི་སེར་དཀྱུས་མ་ཞིག་ལ་མཚོན་ན་རྒྱ་སྒོར་དུང་ཕྱུར་ཆིག་ཁྲི་ནི་གནམ་དཔྱད་རིག་པའི་གཞུང་གི་གྲངས་ཀ་ལྟ་བུ་ཞིག་ཡིན་ངེས། ཡིན་ནའང་། དེང་སང་རྒྱ་ནག་གི་དངུལ་ཁང་ནང་དངུལ་སྒོར་གསོག་ཉར་བྱས་པའི་ཁྱོན་བསྡོམས་དུང་ཕྱུར་སྟོང་ཕྲག་ཆིག་ཁྲི་ལས་བརྒལ་ཡོད་སྟབས། དངུལ་ཁང་ཞིག་ལ་མཚོན་ན་དུང་ཕྱུར་ཆིག་ཁྲི་ནི་དངུལ་སྒོར་གསོག་ཉར་གྱི་ཁྱོན་བསྡོམས་གྲངས་འབོར་ལས་བརྒྱ་ཆ་གཅིག་ཙམ་རེད། ད་ལྟ་གནད་དོན་དེ་ཧང་སང་པ་ཞིག་ཡིན་པར་བརྗོད་པ་སྔ་དྲགས་པ་རེད། གང་ཡིན་ཟེར་ན། མ་འོངས་པའི་ཟླ་ཤས་ནང་མུ་མཐུད་དུ་དངུལ་སྒོར་འདི་འདྲའི་མང་པོ་བོར་བརླག་གི་གནས་ཚུལ་འབྱུང་མིན་ལ་ལྟ་དགོས་པ་དང་། ད་དུང་དེ་ལས་མང་བ་བོར་བརླག་འགྲོ་སྲིད་པ་རེད། ” ཅེས་བརྗོད་འདུག
ཨ་རིའི་དཔལ་འབྱོར་དུས་དེབ་ནང་། ཕྱི་ཟླ་ ༧ པའི་ནང་རྒྱལ་ཕྱིའི་དངུལ་དངོས་འབོར་ཆེན་རྒྱ་ནག་ནས་ཕྱིར་འཐེན་བྱས་ཡོད་ཀྱང་། རྒྱ་ནག་གི་དངུལ་ཁང་ཆེ་ཁག་ ༤ ནང་ནས་རྒྱ་སྒོར་དུང་ཕྱུར་ཆིག་ཁྲི་མེད་པར་གྱུར་བ་དང་ཐད་ཀར་འབྲེལ་བ་མེད་པ་འདྲ། གལ་སྲིད་འབྲེལ་བ་ཡོད་ཚེ་རྒྱ་ནག་གཞུང་ཕྱོགས་ནས་གནད་དོན་དེ་ཕྱིར་བསྒྲགས་བྱེད་མི་སྲིད། གང་ཡིན་ཟེར་ན། གནད་དོན་དེ་ཧྲང་ཧེ་དངུལ་འཛིན་གསར་ཤོག་གིས་ཐོག་མར་ཕྱིར་བསྒྲགས་བྱས་པ་ཞིག་ཡིན་སྐོར་བཀོད་འདུག
ཐེངས་འདིར་དངུལ་སྒོར་འབོར་ཆེན་བོར་བརླག་ཕྱིན་པའི་རྒྱུ་རྐྱེན་ཐད། རྒྱ་ནག་མཐོ་རིམ་དཔོན་རིགས་ཚོས་བུ་ཕྲུག་གཉེན་ཉེ་བཅས་ཕྱི་རྒྱལ་དུ་སློབ་གྲྭར་གཏོང་བ་དང་། ཕྱི་རྒྱལ་ཁག་ནང་ཁེ་ལས་འདྲ་མིན་གཉེར་བ་བཅས་ཀྱི་ཆེད་དུ་དངུལ་ཕྱིར་གཏོང་བྱས་ཡོད་སྐོར་དང་། གཞན། གྲིབ་མ་དངུལ་ཁང་ཞེས་པ་བརྒྱུད་དེ་ས་གནས་སྲིད་གཞུང་ཁག་གིས་དངུལ་མང་པོ་བཏོན་ཡོད་པ་དང་། དེ་ནི་ས་གནས་ཀྱི་རྨང་གཞིའི་འཛུགས་སྐྲུན་དང་གཞུང་ལམ་གསར་སྐྲུན་སོགས་ལ་ཁ་གཡར་ཏེ་བླངས་པ་ཞིག་ཡིན་སྐོར་སོགས་བརྗོད་འདུག
ཨེ་ཤི་ཡ་ནང་གི་མི་རིགས་ནང་ནས་མི་འབོར་མང་ཤོས་གསོད་མཁན་མའོ་ཙེ་ཏུང་ཡིན་པ་དང་། ད་ཆ་འཛམ་གླིང་ནང་གཞུང་དངུལ་རྐུ་མ་མང་ཤོས་རྒྱག་མཁན་དེ་ཡང་མའོའི་རྗེས་འབྲང་པ་དམར་ཤོག་ཚོགས་མི་ཡིན་པ་ནི། མིའི་ལོ་རྒྱུས་ནང་བསུབ་ཏུ་མེད་པའི་ཞབས་འདྲེན་ཆེ་ཤོས་གཉིས་མ་ཡིན་ནམ། ལགས།
རྒྱ་དཔོན་ཚོའི་སྐུ་གཟུགས་ཇེ་རྒྱག་རེད།། རྒྱ་མང་གི་སྐུ་ལུས་ཇེ་སྐམ་རེད།།
ཧུ་ཅིན་ཐའོ་རླུང་ནད་ན་ནས་འཆི་གྲབས་འཆི་གྲབས་ངང་དུས་ཚོད་བསྐྱལ་བ་རེད། ད་ཞི་ཅིང་ཕིན་ལྟོག་དྲི་འཆི་གྲབས་འཆི་གྲབས་བྱས་ནས་ལས་ཀ་འཇུག་འཁྱོལ་ཐབས་བྱ་རྒྱུ་མ་འདས་སོ།། །།ཧ་ཧ། ངའི་རྒྱ་གཞུང་ལས་བྱེད་པ་ཚོ། སྙིང་མ་གཅེས།། །།
འདི་ལྟར་འཛམ་གླིང་ནང་ཡོང་མི་སྲིད། དམར་པོ་གཅིག་སྡུད་རིང་ལུགས་བྱས་གཞུང་དང་མི་མང་གཉིས་ལ་གྱོང་གུད་ཡོང་ངེས་ཀྱི་སྔ་ལྟས་ལུས་མིན། ད་དུང་གཟིགས་དང་དམར་པོ་རང་ལུགས་ཀྱི་གཞུངས་ལུགས་འདི་དགྲ་ཕྱི་དགྲ་ལས་ནང་མང་བའི་དྭོགས་ཟོན་ཉིན་ཚན་མེད་པར་ནང་གི་བདེ་སྲུང་ལ་འགྲོ་གྲོན་ཨ་སྒོར་དུང་ཕྱུར་མང་པོ་གཏིང་བཞིན་པ་འདིའང་དམར་པོ་གཞུང་ལུགས་ཀྱི་སྔ་ལྟས་ཡིན། མ་ཟད་ཀྲུང་ཧ་གཞུང་གི་མཐོ་རིམ་མི་སྣ་གཅིག་གི་ལ་གཅིག་གནོོན་ནས་ཁ་ནས་ཏང་གི་གཞུང་ཟེར་ཞིང་དོབ་དུ་འཛམ་གླིང་ནང་ནས་ལྐོག་ཟ་འདི་ལྟར་སོང་བ་དེ་ནི་དམར་པོ་གཞུང་གི་མཐའ་མཇུག་གི་སྔ་ལྟས་སོ།