མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རུང་རྒྱས་ཨ་གྲཊ་བཙོན་དུ་ལོ་ ༦ ཕྱིན།

བོད་ཀྱི་དུས་བབ།
༢༠༡༣/༠༨/༠༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ལི་ཐང་རུང་རྒྱས་ཨ་གྲགས་ལགས་རྒྱ་ནག་གི་བཙོན་འོག་ཏུ་ཚུད་དེ་ལོ་ ༦ འཁོར་བའི་ཉིན་མོ་འདིར་ཁོང་གི་ཚ་བོ་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་བསྒྲགས་གཏམ་སྤེལ་འདུག

དེ་རིང་ནི་རྒྱ་ནག་གི་བརྒྱད་གཅིག་དམག་མིའི་དུས་ཆེན་དང་། ལི་ཐང་རོང་རྒྱས་ཨ་གྲགས་ཀྱིས་མི་དམངས་སྟོང་ཕྲག་མང་པོའི་མདུན་ནས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱིས་འཛིན་བཟུང་བྱས་ཏེ་ལོ་ ༦ འཁོར་བའི་ཉིན་མོ་ཡིན། རོང་རྒྱས་ཨ་གྲགས་ཀྱི་ཚ་བོ་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་ཉིན་མོ་འདི་དང་བསྟུན་ཏེ་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་། དེ་རིང་ཕྱི་ཟླ་ ༨ ཚེས་ ༡ ཉིན་ནི་རྒྱལ་གཅེས་དཔའ་བོ་རུང་རྒྱས་ཨ་གྲགས་ལགས་ཀྱིས་རྒྱ་ནག་གི་བོད་དང་བོད་མིའི་ཐོག་ལག་བསྟར་བྱེད་བཞིན་པའི་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གནང་བར་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ། རྒྱལ་ཁབ་མགོ་རྟིང་སློག་པའི་ནག་ཉེས་ཀྱི་མིང་ཐོག་བཙོན་འཇུག་གིས་མི་ལོ་ཧྲིག་པོ་དྲུག་འཁོར་བའི་ཉིན་མོ་དེ་ཡིན་ཞེས་སོགས་བཀོད་འདུག

བསྒྲགས་གཏམ་ནང་། ཉིན་མོ་འདི་ནི་ང་ཚོས་ངེས་པར་དུ་སྲུང་བརྩི་དང་དྲན་གསོ་བྱེད་དགོས་པ་ཞིག་ཡིན་ཏེ།  མི་ལོ་དྲུག་སྔོན་གྱི་ཉིན་དེར་ཁོང་གིས་ཨ་མའི་མངལ་ལས་སྐྱེས་ནས་ཉིན་གཅིག་ལས་མ་སོང་བའི་གཅེས་པའི་བུ་མོ་ཆུང་ཆུང་དང་།  བརྩེ་བའི་བཟའ་ཟླ་རྣམ་གཉིས་རྫོང་སྨན་ཁང་དུ་བཞག་ཅིང་།  ཕྱི་ནང་གི་མི་མང་ཁྲི་ཚོ་བརྒལ་བའི་འདུས་གནས་ལི་ཐང་བརྒྱད་གཅིག་རྟ་རྒྱུགས་ཀྱི་སྡིངས་ཆའི་ཐོག་ཏུ་བུད་དེ།  མདོ་འཛིན་པའི་ལག་ནས་རྒྱང་བསྒྲགས་ཁ་པར་བླངས་ནས་  “རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་’’ “པཎ་ཆེན་རིན་པོ་ཆེ་དང་སྤྲུལ་སྐུ་བསྟན་འཛིན་ལེགས་ཀྱི་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་” “ང་ཚོ་བོད་ལ་རང་དབང་དགོས” རྒྱལ་བ་རིན་པོ་ཆེ་ནི་ང་ཚོ་བོད་ཀྱི་ནང་སྙིང་ལྟར་བུ་ཡིན།  བོད་མི་རྣམས་མཐུན་ལམ་རྡོག་རྩ་གཅིག་དྲིལ་དགོས་ཞེས་ཁམས་ལི་ཐང་གི་ཁ་སྐད་ལྡན་པའི་འབོད་སྒྲ་འདི་ངར་ཤུགས་ཆེན་པོའི་ཐོག་འཛམ་བུ་གླིང་ལ་ཁྱབ་བཅུག་ཡོད།

ཁོང་འཛིན་བཟུང་བྱས་པའི་རྗེས་སུ་ས་གནས་མང་ཚོགས་སྟོང་ཚོ་མང་པོ་རྫོང་ཉེན་རྟོག་ལས་ཁང་དུ་བཅར་ཏེ་ཁོང་གློད་གྲོལ་གཏོང་དགོས་པའི་ཞུ་འབོད་ཤུགས་ཆེན་གནང་ཡོད་པ་དང་། ཡུལ་སྡེ་ཐག་རིང་ནས་ཡིན་པའི་མང་ཚོགས་ཁྱུ་དང་ཁྱུ་ལི་ཐང་རྫོང་གི་མཐར་བསྐོར་དུ་གུར་སྒར་བརྒྱབ་སྟེ་ཉིན་གྲངས་མང་པོའི་རིང་ངོ་རྒོལ་བྱས་ནས་བསྡད་ཡོད་ཀྱང་།  མཐར་རྒྱ་གཞུང་གིས་མང་ཚོགས་ཀྱི་གདུང་འབོད་ལ་ཡ་ལན་སྤུ་ཙམ་མེད་པར་དམག་མི་ཁྲི་ཚོ་མང་པོ་བཏང་སྟེ་ཁོང་ལ་ལོ་ ༨ ཀྱི་ཁྲིམས་ཐག་བཅད་པ་དང་། ཁོང་གི་ཚ་བོ་ལི་ཐང་དགོན་ཆེན་གྱི་དབུ་མཛད་དང་དོ་དམ་པ་ཟུར་བ་ཨ་ཀྲུག་བློ་སྦོ་ལ་ལོ་ ༡༠ དང་།  སྒྱུ་རྩལ་པ་འཇམ་དབྱངས་ཀུན་མཁྱེན་ལ་ལོ་ ༩ ། ཁོང་གི་ཚ་བོ་ཨ་ཀྲུག་སྐལ་བཟང་རྒྱ་མཚོ་ལ་ལོ་ ༥ ། (ད་ལྟ་ལོ་དུས་ཚང་ནས་གློད་གྲོལ་བཏང་ཟིན།) བློ་ཐོག་ལ་ལོ་ ༣ ། (ད་ལྟ་ལོ་དུས་ཚང་ནས་གློད་གྲོལ་བཏང་ཟིན།) འཇམ་དབྱང་བསྟན་འཛིན་ལ་ལོ་ ༣ ། (ལོ་དུས་ཚང་ནས་གློད་གྲོལ་བཏང་ཟིན་ཀྱང་སླར་ཡང་འཛིན་བཟུང་གི་ལོ་གསུམ་ཁྲིམས་ཐག་བཅད། ) བདེ་སྐྱིད་གྲོང་པ་བློ་བཟང་ཕུན་ཚོགས་ལ་ལོ་ ༡ དང་ཕྱེད་ཀྱི་(ད་ལྟ་ལོ་དུས་ཚང་ནས་གློད་གྲོལ་བཏང་ཟིན།) ཁྲིམས་ཐག་གཅོད་ནས་བཙོན་བཀག་བྱས་ཡོད” ཅེས་བཀོད་འདུག

བསྒྲགས་གཏམ་དེའི་མཇུག་ཏུ། ༢༠༠༧ ཟླ་ ༨ ཚེས་ ༡ ཉིན་རྒྱ་གཞུང་གིས་རུང་རྒྱས་ཨ་གྲགས་ལགས་འཛིན་བཟུང་བྱས་རྗེས། བོད་མི་ཁྲི་ཚོ་མང་པོ་འཛིན་བཟུང་བཀག་ཉར་འོག་མནར་གཅོད་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པ་དང་། བོད་ཁྱོན་ཡོངས་དམག་མིས་དྲག་གནོན་གྱིས་བོད་མི་ཚོས་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་སྟབས། དྲང་བདེན་དང་རང་དབང་ལ་དགའ་བའི་རྒྱལ་ཁབ་དང་ཚོགས་སྡེ། དཔོན་རིགས་དང་གང་ཟག་སྒེར་བཅས་ཚང་མས་དཔའ་བོ་རུང་རྒྱས་ཨ་གྲགས་གཙོས་པའི་བདེན་བོད་ཀྱི་དཔའ་བོ་དཔའ་མོ་ཚོར་བདེན་པའི་རྒྱབ་དཔུང་ཡོང་བའི་རེ་སྐུལ་བཅས་ཞུས་འདུག

འབྲེལ་ཡོད་གསར་འགྱུར།

ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་ཁག

ཆུ་ཚོད་ ༢༡ སྔོན་ལ།
བསམ་ཚུལ།

ཨ་མ་ངེད་གཉིས་ཀྱི་གླེང་མོལ།

༢༠༢༦/༠༢/༢༢
Mobile App

རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་དང་བོད་ཀྱི་སྐད་ཡིག་གི་གནས་བབ།

༢༠༢༦/༠༢/༢༡
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་རྒྱ་གར་ལྷོ་ཕྱོགས་སུ་ཉིན་གྲངས་ ༦༠ རིང་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

༢༠༢༦/༠༢/༢༡
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

༢༠༢༦/༠༢/༢༠

མཆན། 3

  1. ཤིང་ལོ། says:
    ལོ་ 13 སྔོན།

    ༄།། བོད་ཀྱི་དཔའ་བོ་ཨ་གྲགས།

    བོད་ཀྱི་དཔའ་བོ་ལི་ཐང་རོང་རྒྱས་༸ ཨ་གྲགས་མཆོག་གིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ། ལོ་དྲུག་གི་བཙོན་པའི་དུས་ཡུན་མྱང་བར་རྗེས་དྲན་ཞུས་པ།

    1

    ༄།། སྐུ་འཁྲུངས་ས་མདོ་སྟོད་ལི་ཐང་གྲོང་ཚོ།།

    འཚོ་གནས་སྡོད་འབྲོག་མི་དཀྱུས་མའི་མི་ཚེ།།

    སེམས་དད་པས་བླ་མ་འབོད་ཐེངས་གཅིག་གིས།།

    མཚན་སྙན་གྲགས་འཛམ་གླིང་ཁྱོན་ལ་ཁྱབ་ཐལ།།

    2

    དད་དམ་ཚིག་ཐུགས་དགོངས་དཀྱིལ་དུ་བཞག་ནས།།

    དཔའ་བློ་ཁོག་བཙན་པོའི་སྟོབས་ལ་བཅོལ་ཏེ།།

    ཁམས་ལི་ཐང་རྟ་རྒྱུགས་སྟེགས་བུའི་སྟེང་ནས།།

    བོད་མི་རིགས་སྐྱིད་སྡུག་གླེང་བ་གོ་འམ།།

    3

    དབྱར་རྟ་རྒྱུགས་ཁྱོད་སྐྱིད་ང་བཟང་ཡིན་དུས།།

    བུ་བུ་མོས་འཕྱོར་གོས་གང་ཡག་གྱོན་ནས།།

    སྤང་གཡུ་ལོས་མཛེས་པར་དགའ་སྟོན་
    བྱེད་དུས།།

    བཙོན་ནག་ཁུང་འདེམ་པའི་ཕོ་རྒོད་སུ་རེད།།

    4

    ཤ་ཆད་པའི་བུ་དང་བུ་མོ་བཞག་སྟེ།།

    ཚེ་གཅིག་གི་གཉེན་གྲོགས་ཅམ་གྱིས་བསྐྱུར་ནས།།

    གདུག་རྩུབ་སྤྱོད་ཆེ་བའི་བཙོན་ཁང་ཞིག་ནས།།

    ལོ་དྲུག་གི་དུས་ཡུན་བཟོད་མཐའ་བྲལ་ཨང་།།

    5

    ངའི་ཕ་རྒན་མིན་ཀྱང་འདང་ཞིག་འདུག་ལ།།

    ངའི་ཕུ་ནུ་མིན་ཀྱང་འགྱོད་པ་ཆེ་བས།།

    བོད་བཙན་པོའི་རྒྱལ་ས་སྲུང་བའི་བུ་ལ།།

    ལག་ཐལ་མོ་སྦྱོར་བཞིན་བཀུར་ན་འདོད་དོ།།

    Reply
  2. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 13 སྔོན།

    གདུང་སེམས་མཉམ་བསྐྱེད་ཡོད། རྒྱལ་གཅེས་པ་ཁོང་གི་ཆེས་འབུར་ཏུ་ཐོན་པའི་འབོད་སྒྲ་རེ་རེའི་བོད་ཁམས་ཡོངས་ལ་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་དྲང་ཐུབ་པའི་སྙིང་སྟོབས་དང་བསྐྲུན་པས་རིམ་པས་མེ་མཆོད་སོགས་རྒྱལ་གཅེས་སྙིང་སྟོབས་ཅན་རྣམས་ཀྱི་དཔའ་ཉམས་རེ་རེ་བཞིན་མདོ་དབུས་ཁམས་གསུམ་དུ་བྱུང་ཡོད།

    Reply
  3. མངའ་རིས་ཕོ་ཉ། says:
    ལོ་ 13 སྔོན།

    གདུང་སེམས་མཉམ་བསྐྱེད་ཡོད། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese