མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐ་སྙད་ཅིག་བོད་བསྒྱུར་བྱེད་ན་དང་པོ་ཐ་སྙད་དེའི་ཁུངས་འཚོལ་དགོས།

བོད་ཀྱི་དུས་བབ།
༢༠༡༣/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་ས་རཱ་མཐོ་སློབ་དུ་བོད་ཀྱི་རིག་གཞུང་བགྲོ་གླེང་ཐེངས་བདུན་པ་དབུ་འཛུགས་གནང་སོང་ལ། ཉིན་གསུམ་རིང་གི་བགྲོ་གླེང་ཐོག་བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་གི་ལོ་ཙཱ་བ་ ༢༠ ལྷག་གིས་ཡིག་བསྒྱུར་དང་འབྲེལ་བའི་དཔྱད་རྩོམ་སྒྲོག་སྦྱོང་དང་དྲི་བ་དྲི་ལན་བཅས་གནང་རྒྱུ་ཡིན་འདུག

དེ་རིང་ཕྱི་ཚེས་ ༧ ཉིན་ས་རཱ་བོད་ཀྱི་གཞོན་ནུ་རུ་ཁག་གི་གོ་སྒྲིག་འོག  བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་བདུན་པ་དེ་ས་རཱ་མཐོ་སློབ་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད་པ་དང་། ཚོགས་འདུའི་སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གཙོས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ཤེས་རིག་ལས་ཁུངས། ཝར་ནཱ་མཐོ་སློབ་དང་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་བཅས་གཙོས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་མི་སྒེར་བཅས་གདན་ཞུ་ལོ་ཙཱ་བ་ ༢༠ དང་། བཞུགས་སྒར་ཉེ་འཁྲིས་ཀྱི་སློབ་གྲྭ་ཁག་ནས་ཕེབས་པའི་ཟུར་ཉན་པ་ ༩ ། དེ་བཞིན། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་གཙོས་དགེ་ལས་སློབ་ཕྲུག་བཅས་འདུ་འཛོམས་གནང་འདུག  

ཐེངས་འདིའི་ཚོགས་འདུ་དེ་རིང་ཚེས་ ༧ ནས་ ༩ བར་ཚོགས་རྒྱུ་ཡིན་འདུག་ལ། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་མར་མེ་ཞལ་འབྱེད་དང་། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གྱེར་འདོན་གནང་རྗེས། ས་རཱ་བོད་ཀྱི་གཞོན་ནུ་རུ་ཁག་གི་ཚོགས་གཙོ་སྐལ་བཟང་དགྲ་འདུལ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ཐེངས་འདིའི་རིག་གཞུང་བགྲོ་གླེང་གིས་ཡིག་བསྒྱུར་སྐོར་གཙོ་བོར་བཟུང་ཡོད་པ་དང་། བོད་མི་རིགས་ལ་མཚོན་ན་མི་རབས་གོང་མ་ཚོས་མི་རིགས་གཞན་གྱི་རིག་གཞུང་གི་ལེགས་ཆ་མང་པོ་བླངས་ཏེ་རིག་གཞུང་ཕྱུཊ་པོ་ཆགས་ཡོད་པ་ལྟར། ང་ཚོས་རིག་གཞུང་འདི་ཉིད་འཛམ་གླིང་གི་སྐད་རིཊ་འདྲ་མིན་ནང་ཕབ་བསྒྱུར་བྱས་ཏེ་རིག་གཞུང་རྒྱ་སྐྱེད་དུ་གཏོང་རྒྱུ་དང་། མི་རིགས་གཞན་གྱི་ལྟ་གྲུབ་དང་ཚན་རིག་ལག་རྩལ་སོགས་བོད་རང་གི་སྐད་ཡིག་ནང་ཕབ་བསྒྱུར་བྱས་ཏེ་ཇེ་ཕྱུཊ་ཇེ་ལེཊ་སུ་གཏོང་ཆེད། ད་ལྟའི་བར་བཙན་བྱོལ་སྤྱི་ཚོགས་ཀྱི་སྡེ་ཚན་ཁག་ཏུ་ཡིག་བསྒྱུར་གྱི་ཕྱག་ལས་གནང་བཞིན་པའི་མི་སྣ་དང་། མི་སྒེར་བཅས་གདན་ཞུའི་ཐོག་ཕན་ཚུན་ཡིག་བསྒྱུར་གྱི་ཐབས་ལམ་ཐོག་ཉམས་མྱོང་བརྗེ་རེས་དང་བགྲོ་གླེང་། འབྲེལ་ལམ་གསར་འཛུགས་བཅས་ལ་དམིགས་པ་ཞིག་ཡིན་སྐོར་བརྗོད་བྱུང་།  

དེའི་རྗེས་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱིས་ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་ངོ་སྤྲོད་དང་འབྲེལ། ཡིག་བསྒྱུར་ལོ་ཙཱའི་སྐོར་ལ་བགྲོ་གླེང་གོ་སྒྲིག་གནང་བ་དེ་ཧ་གལ་ཆེན་པོ་ཞིག་ཡིན་པ་དང་། ས་རཱ་མཐོ་སློབ་ལ་མཚོན་ནའང་དེང་དུས་ཀྱི་ཚན་རིག་དང་། གལ་ཆེའི་གསར་འགྱུར་སོགས་ཡིག་བསྒྱུར་ཕྱོགས་བསྒྲིགས་བྱས་པ་གང་འཚམ་ཡོད་ཀྱང་། ཡིག་བསྒྱུར་ཐོག་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་སྟབས། མ་འོངས་པར་ལོ་ཙཱ་བ་རྣམས་པས་དེ་དག་གི་སྟོང་ཆ་སྐོང་ཐུབ་པ་གནང་དགོས་པའི་འབོད་སྐུལ་གནང་སོང་།

ཁོང་གིས་མུ་མཐུད་དུ་བོད་སྔ་རབས་པ་ཚོས་སོག་ཡུལ་ནས་གྱོན་ཆས་དང་། རྒྱ་ནག་ནས་ཟས་རིགས། རྒྱ་གར་ནས་ནང་ཆོས་བཅས་ནས་ནང་འདྲེན་བྱས་ཡོད་པ་དང་།  ༸གོང་ས་མཆོག་དང་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་བཅས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་དག་གི་བཀའ་དྲིན་ལ་བརྟེན་ནས་རིག་གཞུང་དེ་དག་ད་བར་གནས་ཐུབ་ཡོད་ཀྱང་། ད་ཆ་ཕ་རྗེས་བུ་ཡི་མི་ཟིན་པའི་གནས་སྟངས་ཆགས་བཞིན་པའི་སྐབས་འདིར། འཛམ་གླིང་གི་རྒྱལ་ཁབ་གཞན་ནས་ལེགས་ཆ་ལེན་རྒྱུ་དེ་ལོ་ཙཱ་བ་རྣམ་པར་རག་ལུས་ཡོད་སྟབས། ལོ་ཙཱ་བ་རྣམ་པས་མ་འོངས་པར་སྐད་ཡིག་གཉིས་ལ་ནང་བྱན་ཆུབ་པའི་ཐོག་ཕྱིའི་རིག་གནས་ནང་འདྲེན་དང་། རང་གི་རིག་གནས་ཕར་བསྒྱུར་ཐོག་འབད་བརྩོན་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་བརྗོད་བྱུང་།

མཇུག་ཏུ་སྐུ་མགྲོན་གཙོ་བོ་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། བཙན་བྱོལ་ནང་གི་ཡིག་བསྒྱུར་ལས་གཞི་གོང་འཕེལ་གཏོང་ཐབས་ཐོག་གསུང་བཤད་གནང་དོན། “ སྔོན་མ་ནས་ངའི་བསམ་བློའི་ནང་ལེཊ་སྦྱར་དང་པཱ་ལི་སྐད་སོཊ་སྐད་རིཊ་གཞན་ནས་ནང་པའི་གཞུང་ལུགས་བོད་ཀྱི་སྐད་ཡིག་ཏུ་ཅི་ཙམ་གྱིས་ཡང་དག་པ་ཞིག་བསྒྱུར་ཐུབ་པ་ལྟར། རྒྱ་གར་སྐད་ དང་བོད་ཀྱི་སྐད་ཡིག་ནང་ཡོད་པའི་ནང་པའི་ཆོས་དང་འབྲེལ་བའི་གཞུང་ལུགས་དེ། དབྱིན་ཡིག་གཙོ་བོར་གྱུར་བའི་ནུབ་ཕྱོཊ་ཀྱི་སྐད་ཡིག་གཞན་པའི་ནང་བསྒྱུར་ཐུབ་པ་ཞིག་ཡོང་གི་མ་རེད་བསམ་གྱི་ཡོད། བསམ་བློ་དེ་ལྟར་འཁོར་བ་ཨ་ཕའི་ཕོར་བར་གཙང་ཞེན་ཟེར་བ་འདྲ་བོ་མ་རེད། བོད་ཀྱི་སྐད་ཡིག་དེ་ལེགས་སྦྱར་གྱི་སྐད་ཡིག་དང་དོ་མཉམ་པའི་སྐད་ཡིག་ཅིག་རེད། ལེགས་སྦྱར་སྐད་ཡིག་ནང་གང་མངོན་པར་གསལ་བར་བྱེད་ཐུབ་པ་དེ་བོད་ཀྱི་སྐད་ཡིག་ནང་མངོན་པར་གསལ་བར་བྱེད་ཐུབ་ཀྱི་ཡོད་པ་རེད། མངོན་བརྗོད་དང་སྡེབ་སྦྱོར་གང་གི་ཆ་ནས་བལྟས་ཀྱང་། ལེགས་སྦྱར་སྐད་ཀྱིས་མཚོན་པའི་རྒྱ་གར་གྱི་སྐད་ཡིག་ཁག་ནང་ཡོད་པའི་གཞུང་ལུགས་དེ་ཚོ་ཇི་མ་ཇི་བཞིན་དུ་སྟོན་ཐུབ་པའི་སྐད་ཡིག་དེ་བོད་ཀྱི་སྐད་ཡིག་གཅིག་པུ་རེད། ” ཅེས་གསུངས་བྱུང་།  

ཁོང་གིས་མུ་མཐུད་གསུང་དོན། “ ཕྱི་ལོ་ ༡༩༥༩ ལོར་ང་ཚོ་བཙན་བྱོལ་དུ་འབྱོར་རྗེས་ཕྱིའི་སྐད་ཡིག་ནས་ཚུར་བོད་སྐད་དུ་བསྒྱུར་བ་དང་། བོད་སྐད་ནས་ཕར་ཕྱིའི་སྐད་ཡིག་ཏུ་བསྒྱུར་བའི་ལས་དོན་རླབས་ཆེན་བྱས་ཡོད། དེ་ཚོ་ཅི་ཙམ་གྱིས་ཚད་དང་ལྡན་པ་དང་། ཅི་ཙམ་གྱིས་ཡང་དག་པ་བྱུང་ཡོད་མེད་དེ་ངས་ཞུ་ཐུབ་ཀྱི་མེད། དེ་མཁས་དབང་ཚོས་བསྐྱར་གཟིགས་གནང་རྒྱུ་ཞིག་རེད། ད་ལྟ་ངས་ཚོད་དཔག་བྱེད་བཞིན་པའི་གནས་སྟངས་དེ་གང་རེད་ཅེ་ན། སྐད་ཡིག་གི་ངོ་བོའི་ཆ་ནས་ནུབ་ཕྱོགས་ཀྱི་སྐད་ཡིག་དང་ལེགས་སྦྱར་གྱི་སྐད་ཡིག་གི་འགྲོས་དང་སྒྲོམ་གཞི་གཉིས་མི་མཐུན་པར་བརྟེན། ལེགས་སྦྱར་ནས་བོད་སྐད་དུ་བསྒྱུར་བ་ལྟར་བོད་སྐད་ནས་ནུབ་ཕྱོགས་ཀྱི་སྐད་ཡིག་ནང་བསྒྱུར་བ་ལ་ཏན་ཏན་དཀའ་ངལ་འཕྲད་ཀྱི་རེད་ཅེས་ལབ་མྱོང་ཡོད། ནུབ་ཕྱོགས་ཀྱི་སྐད་ཡིག་སྤྱི་དང་ལྷག་པར་དུ་དབྱིན་ཇིའི་སྐད་ཡིག་ལྟ་བུར་མཚོན་ན། སྤྱིར་བཏང་སྐད་རིགས་ཕྱུག་པོ་ཞིག་ཡིན་པ་དེ་བཤད་མི་དགོས་པ་རེད། དེའི་ནང་དུ་དེང་རབས་དང་མཐུན་པའི་རིག་པའི་གནས་མང་པོ་ཡོད་པ་རེད། དེ་རྒྱུ་མཚན་དུ་བྱས་ནས་ནང་པའི་གསུང་རབ་དེ་ཚོ་བསྒྱུར་ཐུབ་ཀྱི་རེད་དམ་ཟེར་ན། སྤྱིར་བཏང་སྐད་ཡིག་ཕྱུག་པོ་ཡིན་པའི་རྒྱུ་མཚན་གྱིས་གསུང་རབ་ག་རེ་ཡིན་ནའང་བསྒྱུར་ཐུབ་ཀྱི་རེད་ཅེས་ལབ་པ་དེ་ཏོག་ཙམ་ཁྱབ་པར་ཐལ་བའི་གནས་སྟངས་ཤིག་རེད། ” ཅེས་གསུངས་སོང་།

གཞན་ཡང་། བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྐད་ཡིག་གཞན་ནས་ཐ་སྙད་གསར་པ་བོད་སྐད་དུ་བསྒྱུར་སྐབས། ཐ་སྙད་དེ་སྔོན་ཆད་བོད་སྐད་དུ་བསྒྱུར་ཡོད་མེད་ལྟ་རྒྱུ་གལ་ཆེན་ཡིན་པ་དང་། གལ་སྲིད་བསྒྱུར་མེད་པ་ཡིན་ན། ཐ་སྙད་གསར་པ་དེ་ཐོག་མར་འབྱུང་སའི་སྐད་ཡིག་དེ་རང་ནས་ཐད་ཀར་བོད་སྐད་དུ་བསྒྱུར་ན་དོན་གནད་དུ་ཁེལ་བར་ཕན་པ། དེ་བཞིན་མིང་གཅིག་དོན་གྱི་རྣམ་གྲངས་ཅན་དང་དོན་གཅིག་མིང་གི་རྣམ་གྲངས་ཅན་གྱི་ཐ་སྙད་དང་འཕྲད་པའི་སྐབས་སུ། གཡས་གཡོན་གྱི་ཚིག་གྲོགས་ལ་བལྟས་ཏེ་སྐབས་བབ་ཀྱི་བརྗོད་དོན་ལ་དཔྱད་རྒྱུ་གལ་ཆེན་པོ་ཡིན་སྐོར། ནང་ཆོས་དང་འབྲེལ་བའི་གཞུང་ལུགས་དེ་སྐད་ཡིག་གཞན་དུ་བསྒྱུར་སྐབས་གཟབ་གཟབ་མ་བྱས་ཚེ་ནོར་འཁྲུལ་ཆེན་པོ་འབྱུང་ཉེན་ཡོད་སྐོར་སོགས་གསུངས་སོང་།

 རིན་པོ་ཆེ་མཆོག་གིས་མུ་མཐུད་དོན། “ ནུབ་ཕྱོགས་པའི་ཐ་སྙད་ཀྱི་རིག་གནས་དང་བྱུང་བ་རིག་པ། ཚན་རིག་བཅས་བོད་སྐད་དུ་བསྒྱུར་སྐབས་གཟབ་གཟབ་བྱེད་དགོས་ཀྱང་། ཕྲན་བུ་ནོར་འཁྲུལ་ཤོར་ཡང་མངོན་འདོད་ལ་ཕན་གནོད་ཆེན་པོ་འབྱུང་བའི་ཉེན་ཁ་དེ་ཙམ་མེད་སྟབས། ཞེད་སྣང་ཞེ་དྲག་བྱེད་དགོས་དོན་མེད་ཀྱང་། སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་གཞུང་ལུགས་དེ་ཚོ་ཕར་བསྒྱུར་བའི་སྐབས་ལ་གཟབ་གཟབ་མ་བྱས་པ་ཡིན་ན། ནོར་འཁྲུལ་ཕྲན་བུ་ཤོར་ཡང་གོ་ལོག་ཆེན་པོ་འབྱུང་བའི་གནས་སྟངས་ཤིག་དང་། ཐ་སྙད་གཅིག་ཡིན་ནའང་ཐ་སྙད་དེ་སུས་བེད་སྤྱོད་བྱེད་ཀྱི་ཡོད་པའི་གནས་སྟངས་མ་ཤེས་པ་ཡིན་ན། གོ་ལོག་ཆེན་པོ་ཐེབས་པའི་ཉེན་ཁ་ཡོད་པ་རེད། ཐ་སྙད་གསར་བཟོ་བྱེད་སྐབས་ཡོངས་ཁྱབ་གཅིག་གྱུར་ཡོང་བ་དང་རིག་པ་དང་མི་འགལ་བ། བརྡ་སྤྲོད་དང་མི་འགལ་བ། གྲགས་པ་དང་མི་འགལ་བའི་ཐོག་ནས་ཐ་སྙད་གསར་བཟོ་བྱེད་པར་འབད་བརྩོན་བྱེད་རྒྱུ་གལ་ཆེན་པོ་རེད། ང་རང་ཚོར་རིག་པའི་གཞུང་ལུགས་རྒྱ་ཆེ་གཏིང་ཟབ་ཡོད་པ་དང་། ཐ་སྙད་ཀྱི་རྣམ་གྲངས་ཧ་ཅང་ཕྱུག་པོ་ཡོད་པ་དེ་ཚོ་ཤེས་པའི་ཐོག་ནས་ལོ་ཙཱ་བའི་ཐོག་སློབ་སྦྱོང་གནང་བ་ཡིན་ན་ཡག་པོ་ཡོང་གི་རེད། ” ཅེས་སོགས་གསུངས་སོང་།

བགྲོ་གླེང་འདིའི་ཐོག་གདན་ཞུས་ལོ་ཙཱ་བ་ཧྥ་རན་སིའི་ཤར་ཕྱོགས་སྐད་ཡིག་སློབ་གླིང་གི་དགེ་རྒན་ཆུང་ཚེ་རིང་ལཊ་ཀྱིས། ༼ ཡིག་བསྒྱུར་གྱི་གལ་གནད་དང་གནས་བབ༽ དང་།  ཝར་ཎ་མཐོ་སློབ་བསྐྱར་གསོ་སྡེ་ཚན་གྱི་འགན་འཛིན་བློ་བཟང་རྡོ་རྗེ་ལགས་ཀྱིས། ༼ ལེགས་སྦྱར་དང་པཱ་ལི་སོགས་ནས་བོད་བསྒྱུར་ཅི་བྱུང་གི་སྐོར༽ ཤེས་རིག་ལས་ཁུངས་ཀྱི་ལས་དྲུང་བུངྷ་སྐྱབས་ལགས་ཀྱིས། ༼ འཇིག་རྟེན་ནང་ཆེས་དཀོན་པའི་བེེཌྰརྱའི་བུམ་པ་ཞིག་རྡོ་ལ་བརྡབ་པའི་སྐྱོ་གར་གྱི་སོ་མཚམས་ནས་ཁྱུག་ཙམ་ལྟ་བ༽ ། དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་གྱི་ཀརྨ་ཐུབ་བསྟན་ལགས་ཀྱིས། ༼ ཚན་རིག་བོད་སྒྱུར་བྱེད་པའི་དགོས་དམིགས༽ ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བསྟན་འཛིན་བདེ་ལྡན་ལགས་ཀྱིས། ༼ བོད་ཀྱིི་ཡིག་སྒྱུར་ལོ་རྒྱུས་དང་ཡིག་སྒྱུར་ལས་དོན་ཐད་རང་ཉིད་ཀྱི་མྱོང་ཚོར་བཅས་རགས་ཙམ་གླེང་བ༽ ཝར་ཎ་མཐོ་སློབ་ཕབ་སྒྱུར་སྡེ་ཚན་གྱི་འགན་འཛིན་བློ་བཟང་ནོར་བུ་ཤཱསྟཱི་ལགས་ཀྱིས། ༼ སྒྲ་བསྒྱུར་དང་དེའི་འགྱུར་ཚུལ་ལ་དཔྱད་པ་ངོ་མཚར་ལྷུན་པོའི་མཛེས་རྒྱན༽ ནོར་གླིང་མཛད་རྣམ་རྩོམ་སྒྲིག་པ་ཡེ་ཤེས་དགའ་བ་ལགས་ཀྱིས། ༼ ཡིག་བསྒྱུར་དང་འབྲེལ་བའི་གཏམ་ཐོར་བུ༽ ཅེས་སོགས་ཀྱི་དཔྱད་རྩོམ་སྒྲོག་སྦྱོང་དང་དྲི་བ་དྲི་ལན་བཅས་གནང་རྒྱུ་ཡིན་འདུག 

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 5

  1. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    ཟམ་གདོང་བླ་མའི་མི་ལོ་བཅུ་ལ་ར་ལུག་བསྲེས་སྐད་སྐྱེད་སྲིང་བྱས།། སྐྱབས་བཅོལ་བོད་མས་ལོ་སྐོར་མང་པོར་གཞན་སྐད་གཡར་ནས་འཚོ་བ་བསྐྱལ།། དུས་རབས་ཤིག་གི་ཕྱེད་ཀའི་རིང་ལ་སྐད་དང་རིགས་གཞུང་གྱེར་འདོན་བྱས།། གཡོ་དང་སྒྱུ་མའི་གདོང་འབག་འཐུག་ན་ཁ་རླངས་ཙམ་ལ་ངལ་གང་ཅི།། དང་པོ རྣམ པ ཚོས ངོས ནས བོད སྐད གཙང མ བཤད རོགས།

    Reply
  2. བཙན་ནག་པས། says:
    ལོ་ 13 སྔོན།

    དེང་སང་བོད་ཀྱི་རིགས་གཞུང་ཕྱི་ཚོང་ཆེད་ཕབ་བསྒྱུར་གནང་བ་ལས་ཕྱིའི་རིགས་གཞུང་བོད་སྐད་ཐོག་ཕབ་བསྒྱུར་གནང་ཏེ་རང་མི་རིགས་ཀྱི་རིགས་གཞུང་ཇེ་ཕྱུག་ཏུ་གཏོང་མཁན་ཆེར་དཀོན་པོ་ཡིན་པའི་རྒྱུ་རྐྱེན་གང་ཡིན་འཚོལ་དགོས་པ་ཁ་ཚ་དགོས་བསྟུགས་ཤིག་ཏུ་མཐོང་།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་ ཐ་སྙད་གསར་བཟོ་བྱེད་སྐབས་ཡོངས་ཁྱབ་གཅིག་གྱུར་ཡོང་བ་དང་རིག་པ་དང་མི་འགལ་བ། བརྡ་སྤྲོད་དང་མི་འགལ་བ། གྲགས་པ་དང་མི་འགལ་བའི་ཐོག་ནས་ཐ་སྙད་གསར་བཟོ་བྱེད་པར་འབད་བརྩོན་བྱེད་རྒྱུ་གལ་ཆེན་པོ་རེད། ང་རང་ཚོར་རིག་པའི་གཞུང་ལུགས་རྒྱ་ཆེ་གཏིང་ཟབ་ཡོད་པ་དང་། ཐ་སྙད་ཀྱི་རྣམ་གྲངས་ཧ་ཅང་ཕྱུག་པོ་ཡོད་པ་དེ་ཚོ་ཤེས་པའི་ཐོག་ནས་ལོ་ཙཱ་བའི་ཐོག་སློབ་སྦྱོང་གནང་བ་ཡིན་ན་ཡག་པོ་ཡོང་གི་རེད། ་་་་་

    Reply
  4. གསལ་ལེ་རྒྱལ། says:
    ལོ་ 13 སྔོན།

    བོད་མི་རིགས་ལ་མཚོན་ན་མི་རབས་གོང་མ་ཚོས་མི་རིགས་གཞན་གྱི་རིག་གཞུང་གི་ལེགས་ཆ་མང་པོ་བླངས་ཏེ་རིག་གཞུང་ཕྱུཊ་པོ་ཆགས་ཡོད་པ་ལྟར། ང་ཚོས་རིག་གཞུང་འདི་ཉིད་འཛམ་གླིང་གི་སྐད་རིཊ་འདྲ་མིན་ནང་ཕབ་བསྒྱུར་བྱས་ཏེ་རིག་གཞུང་རྒྱ་སྐྱེད་དུ་གཏོང་རྒྱུ་དང་། མི་རིགས་གཞན་གྱི་ལྟ་གྲུབ་དང་ཚན་རིག་ལག་རྩལ་སོགས་བོད་རང་གི་སྐད་ཡིག་ནང་ཕབ་བསྒྱུར་བྱས་ཏེ་ཇེ་ཕྱུཊ་ཇེ་ལེཊ་སུ་གཏོང་ཆེད།

    ལ་ལ་ལ། ཨ། བྱ་འདི།

    Reply
  5. གསལ་ལེ་རྒྱལ། says:
    ལོ་ 13 སྔོན།

    རིག་གཞུང་ཕྱུགས་པོ་ཆགས་ཡོད་ཟེར། ད་དུང་ཇེ་ཕྱུགས་ལ་གཏོང་གི་ཡིན་ཟེར། དཀོན་མཆོག་མཁྱེན། བ་ཕྱུགས་འདྲ་བོ་ཞིག་བཟོས་མི་ཡོང་ངམ་བསམ་ན་ཞེད་སྣང་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese