མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་མཛུབ་མོ་ལྔ་བོར་དབང་བསྒྱུར་བ།

བོད་ཀྱི་དུས་བབ།
༢༠༡༣/༠༨/༠༩
Share on FacebookShare on TwitterShare on EmailShare on Whatsapp

མོ་ར་མོ་ནས་ཧན་གྱིས་བརྩམས། ཆོས་རྒྱལ་སྐྱབས་ཀྱིས་བསྒྱུར།

ཉེ་བའི་ཟླ་ཤས་ཀྱི་རིང་ལ། རྒྱ་གཞུང་གི་དམག་མིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཉི་ཧོང་དང་ཧྥི་ལི་པན་ལ་ཁ་གཏད་པའི་བཙན་འཛུལ་དེའི་སྐོར་གསར་ལམ་ཁག་ཏུ་རྒྱ་ཆེར་ཁྱབ་ཀྱང༌། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་རྒྱ་གཞུང་གིས་ནུབ་རྒྱུད་ས་ཁུལ་དུ་ཅི་ཞིག་བྱེད་ཀྱི་ཡོད་མེད་ལ་རྒྱ་ཆེ་ས་ནས་སྣང་མེད་བཏང་ཡོད།

༢༠༡༣ ལོའི་ཕྱི་ཟླ་ ༤ པ་ནས་བཟུང༌། རྒྱ་ནག་བཅིངས་འགྲོལ་དམག་གིས་རྒྱ་གར་དང་འབྲུག་ཡུལ་ལ་འཇབ་རྒོལ་ཐེངས་ཁ་ཤས་བྱས་ཏེ། དམག་སྒར་བཙུགས་པ་དང༌། རྒྱ་ནག་གི་རྒྱལ་དར་བསྒྲེངས་བ། རྒྱ་གར་གྱི་མཐའ་སྲུང་དམག་མིར་སུན་གཙེར་བྱས་ཡོད། དོན་རྐྱེན་འདི་དག་དམག་འཐབ་ཆུང་ཆུང་འདྲ་བོ་ཞིག་ཏུ་མཐོང་སྲིད་ཀྱང༌། འདི་ནི་རྒྱ་ནག་གི་གཙོ་འཛིན་མོའོ་ཙེ་ཏུང་གིས་བོད་སར་དབང་བསྒྱུར་བྱས་བའི་དུས་ཏེ། ལོ་ངོ་དྲུག་ཅུའི་ཡར་སྔོན་ནས་བཏིང་བའི་རྒྱ་ནག་དམག་དཔུང་ལྷོ་ཨེ་ཤ་ཡའི་ནང་དུ་རྒྱ་སྐྱེད་བྱེད་པའི་སྒྲོམ་གཞིའི་ཆ་ཤས་ཆེ་ཤོས་དག་རེད།

བོད་ཁམས་ཀྱི་གྲུབ་ཆའི་དངོས་དོན་སྤྱི་ཡོངས་ནས་ཤེས་རྟོགས་ཆེན་པོ་མེད་ཀྱང༌། ས་ཁྲ་ཅི་ཞིག་ཡིན་ཡང་བོད་ས་བཙན་བཟུང་བྱས་པ་དེས་རྒྱ་ནག་ལ་གཏེར་ཁ་ཕོན་ཆེན་དང་འཐབ་ཇུས་ཀྱི་ཁེ་ཕན་ཆེན་པོ་རག་ཡོད་པ་གསལ་སྟོན་བྱས་ཡོད། བོད་ས་རྒྱ་ལག་ཏུ་ཤོར་བ་དེས་རྒྱ་ནག་གི་ས་མཚམས་བར་མ་ཆད་པར་འབར་མ་དང༌། འབྲུག་ཡུལ། བལ་ཡུལ། རྒྱ་གར། ཀ་ཤི་མིར་སོགས་ལ་སྦྲེལ་ཞིང༌། ཨེ་ཤ་ཡའི་རང་བྱུང་གཏེར་དངོས་ཕོན་ཆེ་ཤོས་ལ་འཇུག་སྒོ་ཡོད་པ། མ་ཟད། ཨེ་ཤ་ཡའི་ཆུ་བོ་དག་གི་མགོ་ཁུངས་ལ་སྟངས་འཛིན་བྱེད་ཐུབ་པར་གྱུར་བ་རེད།

མགོ་ཁུངས་བོད་ལ་ཡོད་པའི་ཆུ་བོ་དག་རྒྱལ་ཁབ་ ༡༡ བརྒྱུད་ནས་བཞུར་གྱྀན་པེ་ཤི་བར་ནས་པེ་ཅིན་བར་དུ་མི་འབོར་ས་ཡ་གསུམ་གྱི་འཚོ་རྟེན་ཆགས་ཡོད། མ་འོངས་འབྱུང་འགྱུར་གྱི་ཆུ་ཡི་དམག་འཁྲུག་གི་ནང་དུ། རྒྱ་ནག་ལ་ཨེ་ཤ་ཡའི་ཆུ་མཛོད་ཀྱི་བདག་དབང་བརྟན་པོ་ཡོད།

བོད་ནང་གི་མོའོ་ཙེ་ཏུང༌།

༡༩༥༠ ལོར་མའོ་ཡིས་ཡུ་གུར་བཙན་བཟུང་བྱས་པ་དང༌། ༡༩༥༩ ལོར་བོད་ལ་དབང་བསྒྱུར་བྱས་ཏེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལྡབ་གཉིས་ཀྱིས་ཇེ་ཆེར་བཏང་ཡོད། མའོ་ཡིས་བོད་ས་ཡོངས་སུ་“དམངས་གཙོ་བཅོས་བསྒྱུར”བཙན་འགེལ་བྱས་ཏེ། རྒྱུ་ནོར་བཙན་འཕྲོག་གིས་མི་མང་སྟོང་ཕྲག་མང་པོ་“འཐབ་འཛིང་”བྱེད་ཡུལ་ཆགས་པས། གནོད་འཚེ་ཕོག་ཡུལ་གྱི་མི་རྣམས་མི་མང་གི་མདུན་དུ་རྡུང་རྡེག་དང་དམར་གསོད་བཏང་ཡོད། རྒྱ་གར་གསང་བའི་ལས་ཁུངས་ཀྱི་མི་སྣ་ཚོས་བོད་ནང་གི་ཛ་དྲག་གནས་བབ་ཡིག་ཆར་བཀོད་དེ་སྲིད་འཛིན་ནེ་རོར་གཡོ་འགུལ་ཅིག་བྱེད་པའི་ཞུ་འབོད་ནན་གྱིས་བྱས་ཀྱང༌། རྒྱ་གར་མི་སེར་སྤེལ་བའི་འཆིང་རྒྱ་ལས་གྲོལ་བའི་རྗེས་སུ། སྲིད་འཛིན་ནེ་རོས་མའོ་དང་མཉམ་དུ་གྲོགས་བསྒྲིགས་ཏེ་ཆབ་སྲིད་ཀྱི་ནུས་པ་ཁོང་གི་རྒྱ་གར་ནག་གི་མཐུན་ཕྱོགས་ཀྱི་འཆར་སྣང་ནང་དུ་སྤུངས་ཡོད། “ཧེན་ངྷེས་ཅེ་ནེ་བྷེ་བྷེ།”ཞེས་བ་ནི་རྒྱ་གར་ནག་གཉིས་ཀྱི་སྤུན་ཟླའི་འདུ་ཤེས་ཀྱི་འབོད་ཚིག་ཞིག་ཡིན།

ནེ་རོས་མའོ་ལ་བཅོལ་བའི་ཡིད་ཆེས་ནི་ཆག་སྒོ་ཆེ་བའི་ནོར་འཁྲུལ་ཚབས་ཆེན་ཞིག་ཡིན་པ་ ༡༩༥༩ ལོའི་ཟླ་ ༣ པར་༧གོང་ས་མཆོག་དང་བོད་མི་སྟོང་ཕྲག་མང་པོ་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་རྗེས་སུ་ལྷང་ལ་བུད་པ་རེད། མའོ་ཡིས་གཏེར་ཁའི་ཕྱུག་ཅིང་གཏོར་སྐྱོན་མ་ཐེབས་པའི་བོད་ཀྱི་མཐོ་སྒང་བདག་ཏུ་བཟུང༌། རྒྱ་ནག་གིས་འཆར་གཞི་ལྡན་པའི་སྒོ་ནས་བོད་ཀྱི་གནའ་བོའི་ནང་པའི་དཔལ་ཡོན་དག་གཏོར་བཤིག་གཏོང་སྐབས། བོད་མི་ས་ཡ་གཅིག་ལྷག་དམར་གསོད་དང་དགོན་སྡེ་ ༦༠༠༠ ལྷག་གཏོར་བཤིག་བཏང་ཡོད།

 “བོད་ནང་གི་གྱེན་ལངས།” ཞེས་པའི་དཔེ་དེབ་ཀྱི་རྩོམ་པོ་ཧྥི་རན་ཁི་མོ་རིས་སི་(Frank Morares)ཡིས། “སྲིད་བློན་ནེ་རོས་དམར་ཤོག་བཙན་རྒྱལ་རིང་ལུགས་པའི་དམིགས་ཡུལ་ལྡན་པའི་དཔུང་འཛུལ་གྱིས་དཔུང་སྣོན་བཏང་བའི་ཧན་མི་རིགས་རྒྱ་སྐྱེད་ཀྱི་ནུས་པར་སྣང་ཆུང་ཤུགས་ཆེར་བཏང་བ་རེད། ཁོང་ལ་སྔ་ས་ནས་ཉེན་བརྡ་གཏོང་མཁན་བྱུང་མེད་ཚུལ་བརྗོད་པ་ནི་གཞི་མེད་ཞིག་རེད།”

༡༩༦༢ ལོའི་རྒྱ་གར་ནག་གི་དམག་འཁྲུག

༡༩༦༢ ལོའི་ཟླ་ ༡༠ བའི་ཚེས་ ༡༠ ཉིན་རྒྱ་ནག་གིས་བོད་ནས་རྒྱ་གར་ལ་བཙན་འཛུལ་བྱས། རྒྱ་གར་ནག་གི་དམག་འཐབ་དུས་ཡུན་ཐུང་ཐུང་དང༌། ཆག་སྒོ་ཉུང་ཉུང་ཡིན་ཡང༌། དམག་འཐབ་ཆུང་ཆུང་འདི་དག་གི་བློ་འཚབ་ཆེ་བའི་ཟླ་བ་དེའི་མཇུག་འབྲས་ཧ་ཅང་ཆེན་པོ་རེད།

དམག་འཁྲུག་དེས་མའོ་ལ་ཧང་སང་བའི་རྒྱལ་ཁ་སྤྲད་པ་བཞིན་ནེ་རོར་ཧོན་འཐོར་བའི་ཕམ་ཁ་ཉོ་བཅུག་ཡོད། དམག་འཁྲུག་དེས་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་ནེ་རོའི་ཨེ་ཤ་ཡ་ཡོངས་ཀྱི་མཐུན་སྒྲིལ་གྱི་འཆར་སྣང་ལ་གཏོར་བཤིག་ཐེབས་ཤིང༌། རྒྱ་ནག་གི་ཨེ་ཤ་ཡའི་རྒྱལ་ཁབ་ཁག་སྣེ་ཁྲིད་པའི་མངོན་འདོད་དེ་གླིང་ཆེན་ཡོངས་སུ་ཁྱབ། དེ་ནི་དམག་འཁྲུག་ཐུང་ཐུང་ཞིག་ཡིན་པ་ལས་ཆུང་ཆུང་ཞིག་མ་རེད།

༡༩༦༢ ལོའི་དམག་འཁྲུག་གིས་ཧི་མ་ལ་ཡ་ས་ཁུལ་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད། དུས་རབས་མང་པོར་བོད་དང་བལ་ཡུལ། རྒྱ་གར། འབྲུག འབྲས་ལྗོངས་བཅས་ལ་འབྲེལ་བའི་ཚོང་ལམ་དང་གནས་སྐོར་གྱི་ལམ་རྙིང་དག་རྒྱ་ནག་དམར་སྲུང་དམག་གིས་བཀག་པས། བལ་ཡུལ་དང་འབྲུག་ཡུལ་གཉིས་ཀའི་སྲུང་སྐྱོབ་ཀྱི་རྒྱབ་རྒྱ་གར་ལ་བསྙེས་ཡོད། དུས་ད་ལྟའང་རྒྱ་གར་གྱིས་འབྲུག་ཡུལ་གྱི་སྲུང་སྐྱོབ་འགན་ཆ་ཚང་ལེན་གྱི་ཡོད། འོན་ཀྱང༌། ལོ་ངོ་ལྔ་བཅུའི་གོང་ནས་བཟུང་རྒྱ་ནག་གིས་བོད་སར་དབང་བསྒྱུར་བྱས་པས། ད་ལྟ་གཞུང་ལམ་དང་གྲོང་ཁྱེར། གཞི་རྒྱ་ཆེ་བའི་རྒྱ་རིགས་གནས་སྤོར་བཅས་ཀྱི་འདུལ་དཀའ་བའི་དམག་དོན་དང་བཟོ་གྲྭའི་སྒྲིག་གཞི་བོད་ས་ཡོངས་སུ་བཙུགས་ཡོད།

ལྷོ་ཨེ་ཤ་ཡ་དང་ལྷོ་ཤར་ཨེ་ཤ་ཡའི་མགོར་འཐབ་ཇུས་ཀྱི་ནུས་པ་ཇེ་བརྟན་དུ་བཏང་ཡོད་སྟབས། རྒྱ་ནག་གིས་༡༩༦༢ ལོའི་རྒྱ་དཀར་ནག་དམག་འཁྲུག་གི་རྒྱལ་ཁའི་རྗེས་ཀྱི་མའོ་ཡི་ལུང་བསྟན་མངོན་བསྒྱུར་བྱེད་པའི་འཇིགས་སྣང་སློང་གི་འདུག “རྒྱ་ནག་གིས་ཉིན་ཞིག་བོད་ཀྱི་མཛུབ་མོ་ལྔར་དབང་བསྒྱུར་རྒྱུ་རེད། དེ་དག་ནི་ལ་དྭགས། (རྒྱ་གར་གྱི་བྱང་ཕྱོགས་སུ་གནས་ཡོད།) བལ་ཡུལ་དང་འབྲས་ལྗོངས། (བལ་ཡུལ་དང་འབྲུག་ཡུལ་བར་དུ་ཆགས་པའི་རྒྱ་གར།) འབྲུག་ཡུལ་དང་ཨ་རུ་ན་ཅལ། (རྒྱ་གར་བྱང་ཤར་ས་ཁུལ་གྱི་རྩེ་མོར་ཆགས་ཡོད།)”

བལ་ཡུལ་གྱི་གཙོ་འཛིན་མོའོ་ཙེ་ཏུང༌།

༡༩༩༦ ལོར་མའོ་ནི་བཙན་ཤུགས་ཅན་གྱི་བལ་ཡུལ་མའོ་ཡི་ལས་འགུལ་གྱི་ངོ་བོར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱལ་ཁབ་ཀྱི་ཆེ་ཤོས་བལ་ཡུལ་ནང་དུ་ཐོན་ཡོད། བལ་ཡུལ་མི་དམངས་བཅིངས་འགྲོལ་དམག་གིས་མགྱོགས་མྱུར་ལྡན་པའི་སྒོ་ནས་དམག་སྒར་བཙུགས། གོ་མཚོན་གྱི་དོ་བོ་བརྩིགས། ས་གནས་ཀྱི་དངུལ་ཁང་བཅོམ། མགོན་མེད་ཀྱི་གྲོང་གསེབ་མི་མང་རྣམས་དམར་གསོད་དང་རྡུང་རྡེག་བྱས། བྱིས་པ་སྟོང་ཕྲག་མང་པོ་བཙན་ཤུགས་ཀྱིས་མའོ་གྱེན་ལོག་ཤོག་ཁག་གི་དམག་མིར་བཅུག ༢༠༠༠ ལོའི་ཕྱི་ཟླ་ ༡ པོའི་ནང་དུ་ལོ་ན་ཆུང་བའི་ཀརྨ་པས་བོད་ནས་རྟུལ་ཕོད་ཀྱི་བྲོས་བྱོལ་བྱས་ཏེ། རྒྱ་གར་འགྲིམས་པའི་ལམ་བར་དུ་གསང་བའི་སྒོ་ནས་བལ་ཡུལ་བརྒྱུད་ཡོད་སྟབས། རྒྱ་ནག་གིས་དེ་མ་ཐག་ཏུ་བོད་པར་ཐོབ་པའི་བལ་ཡུལ་གྱི་རྒྱབ་སྐྱོར་ཐལ་བའི་རྡུལ་དུ་བརླགས། ༢༠༠༡ ལོའི་ཕྱི་ཟླ་ ༦ པའི་ཚེས་ ༡ ཉིན་བལ་ཡུལ་གྱི་རྒྱལ་པོ་དང་ཁོང་གི་བཟའ་མི་ཁ་གྲངས་ ༡༥ རྒྱལ་ཁང་དུ་དགོང་ཟས་ལ་རོལ་སྐབས་སྡེབ་གསོད་བཏང༌། ཆག་སྒོ་དེའི་རྗེས་སུ་བལ་ཡུལ་དུ་རྒྱ་ནག་གི་ཤུགས་རྐྱེན་ཁྱབ་བརྡལ་དུ་འགྲོ་བཞིན་པ་དང་བསྡོངས་ཏེ་བལ་ཡུལ་མའོ་ཡི་ཤོག་ཁག་གི་ལག་ཏུ་དབང་ཆ་རག དེང་གི་དུས་སུ། བལ་ཡུལ་གྱི་ག་ས་གང་དུ་རྒྱ་ནག་གིས་ཁྱབ་ཡོད། 

རྒྱ་ནག་གི་འཆར་འགོད་པ་ཚོས་བལ་བོད་འབྲེལ་བའི་ལམ་ཁ་བཟོ་ཞོར་བལ་བོད་ས་མཚམས་ཀྱི་ལས་འཆར་ཁག་ཡར་རྒྱས་གཏོང་གི་འདུག ད་དུང༌། རྒྱ་ནག་གིས་བལ་ཡུལ་ལ་དམག་གི་རོགས་རམ་མཁོ་སྤྲོད་དང་དམག་མིར་སྦྱོང་བརྡར་སྤྲོད་ཀྱི་ཡོད། རྒྱ་ནག་དམར་ཤོག་གཞུང་གི་དྲ་རྒྱ་ཁག་ཏུ་དུས་ནས་དུས་སུ་བལ་ཡུལ་གྱི་མའོ་རིང་ལུགས་པ་ཚོར་རྒྱབ་སྐྱོར་མཚོན་པའི་རྣམ་པ་སྟོན་གྱི་འདུག ཉེ་ཆར་རྒྱལ་སྤྱིའི་དམར་ཤོག་ལས་འགུལ་གྱི་དྲ་བའི་ཐོག་ཏུ་གཏམ་འདི་བཀོད། “ང་ཚོས་ངེས་པར་དུ་བཙན་རྒྱལ་རིང་ལུགས་དང༌། ཞིང་བྲན་ལམ་ལུགས། ཕྱིར་ཚོང་དཔོན་གཞུང་གི་མ་རྩ་རིང་ལུགས། རྒྱ་གར་རྒྱ་སྐྱེད་རིང་ལུགས། ལྷོ་ཨེ་ཤ་ཡའི་ནང་གི་བདེ་འཇགས་ཀྱི་ཉེན་ཁ་ཆེན་མོ་བཅས་ཀྱི་དུས་རབས་གསར་ཚེས་ཀྱི་ཉེན་ཁར་གདོང་ལེན་བྱེད་དགོས།”

ཨུ་རུ་སུ་འཐོར་ཞིག་ཏུ་ཕྱིན་མ་ཐག་པའི་རྗེས་སུ། ཕྱི་འབྲེལ་སྲིད་དོན་པ་དང་གནད་དོན་དབྱེ་ཞིབ་པ་ཚོས་མའོ་རིང་ལུགས་པ་ཚོ་ནི་དམིགས་བྱ་མེད་པའི་ཚོགས་སྡེ་ཞིག་ལ་ངོས་འཛིན་གྱིས་སྣང་མེད་བཏང་བ་དང༌། མང་ཆེ་བས་ལས་འགུལ་དེ་ནི་རྒྱ་གར་གྱི་ས་གནས་ས་ཐོག་ནས་ཡོང་བའི་ཡིད་ཆེས་བྱས། འོན་ཀྱང༌། ཁོང་ཚོར་རྒྱབ་རྟེན་གང་ནས་རག་པ་རེད་དམ་ཞེ་ན། རྒྱ་ནག་རེད། ༡༩༦༩ ལོའི་རྒྱ་ནག་དང་ཨུ་རུ་སུ་ཁ་ཁ་སོ་སོ་ཆགས་རྗེས། རྒྱ་གར་གྱི་མར་ཁེ་སི་རིང་ལུགས་པ་ནེག་ཟལ་ལེས་ཌས་(Naxalites)རྣམས་ཀྱིས་རྒྱབ་རྩ་མའོ་ལ་བསྙེས། ༡༩༩༡ ལོར་ཨུ་རུ་སུ་འཐོར་ཞིག་ཏུ་ཕྱིན་པའི་རྗེས་སུ། རྒྱ་ནག་ནི་ཤུལ་ཏུ་ལྷག་པའི་དམར་ཤོག་གི་རྒྱལ་ཁམས་གཅིག་པུ་ཡིན། འདས་བའི་བགྲང་བྱ་བཅུའི་རིང་ལ་རྒྱ་ནག་གི་རྐང་པ་བལ་ཡུལ་ནང་བཙུགས་པ་དེ་རྒྱ་གར་ནང་གི་མའོ་རིང་ལུགས་པ་ཚོར་མཚོན་ཆ་དང་སྒོར་མོ་ཡོང་སའི་བརྒྱུད་ལམ་ཞིག་ཆགས་སྟབས། ཁོང་ཚོ་གདུག་རྩུབ་ཇེ་ཆེར་གྱུར་ཡོད། ད་ལྟ་རྒྱ་གར་ནང་གི་མའོ་རིང་ལུགས་པ་ཚོ་ནི་རྒྱ་གར་ནང་ཁུལ་གྱི་བདེ་འཇགས་ལ་ཉེན་ཁ་ཆེ་ཤོས་ཀྱི་ཁོངས་སུ་དབྱེ་བགོ་བྱས་འདུག

བོད་ཀྱི་མཛུབ་མོ་ལྔ་བོར་དབང་བསྒྱུར་བ།

༢༠༠༠ ལོར་རྒྱ་ནག་གིས་མེ་འཁོར་དང་གཞུང་ལམ་རྒྱ་སྐྱེད་ལ་བརྟེན་ཏེ་བོད་ཀྱི་རང་བྱུང་གཏེར་ཁ་སྔོག་འདོན་བྱེད་པའི་བཟོ་གྲྭ་འཛུགས་སྐྲུན་གྱི་འཆར་གཞི་ཆེ་ཤོས་“ནུབ་རྒྱུད་ཐོན་སྐྱེད་ཆེན་མོ”ཞེས་པ་མགོ་བཙུགས། ལས་འཆར་འདིས་བོད་མཐོ་སྒང་དམག་ཤུགས་ཅན་ཏུ་བསྒྱུར་བའི་བྱེད་སྒོ་ལ་ནུས་པ་བཏོན་ཡོད།

༢༠༡༠ ལོར་རྒྱ་ནག་གིས་བོད་ཀྱི་མཐའ་མཚམས་སུ་དམག་དཔུང་གསོག་འཇོག་རྒྱ་སྐྱེད་དང༌། གནམ་དམག་གི་གོ་མཚོན་གསར་བ་ལྡན་པའི་དམག་སྡེ་དྲུག་བོད་ཀྱི་ལྷོ་རྒྱུད་དུ་བཙུགས་ཟིན་པ་གསར་བསྒྲགས་བྱས། ༢༠༡༢ ལོར་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཨ་རིའི་གྲོས་ཚོགས་ལ་ཕུལ་བའི་རྒྱ་ནག་གི་དམག་མིའི་ནུས་ཤུགས་སྐོར་གྱི་སྙན་ཐོ་ཞིག་ཕུལ་བའི་ནང་འདི་ལྟར་བཀོད་འདུག པེ་ཅིན་གྱིས་ཁོབས་ཆེ་བའི་མི་མེད་གནམ་གྲུ་ཡར་རྒྱས་གཏོང་བའི་རྩོལ་བ་བྱེད་བཞིན་“རྒྱ་ནག་གི་དམག་དོན་མྱུལ་ཞིབ་དང་གོ་མཚོན་རྡེབ་ཤུགས་ཀྱི་གདམ་ཀ་རྒྱ་སྐྱེད་བྱེད་ཀྱི་འདུག” ༢༠༠༩ ལོ་ནས་བཟུང་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་གནས་བའི་བོད་མི་ ༡༢༠ ལྷག་གིས་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་དང་༧གོང་ས་མཆོག་བོད་དུ་ཕེབས་པའི་འབོད་སྒྲ་བསྒྲགས། རྒྱ་ནག་གིས་“རྡུང་རྡེག་ཚ་ནན་གཏོང་བའི” ལས་འགུལ་གྱི་ངར་ཤུགས་ཇེ་ཆེར་བཏང་སྟེ། བོད་ནང་གི་“ཁ་བྲལ་བ”་དང་“གསར་བརྗེའི་ངོ་ལོག་པ་”ཚོར་དྲག་གནོན་བྱེད་ཤུགས་ཇེ་ཆེར་བཏང༌། དེ་མིན་བོད་ཀྱི་དཔལ་ཡོན་གྱི་རྗེས་ཤུལ་མཐའ་མ་འཛིན་མཁན་གྱི་འབྲུག་དང་བལ་ཡུལ། རྒྱ་གར་བཅས་ལ་རྒྱ་ནག་གིས་རང་གི་དམག་མིའི་སྟོབས་ཤུགས་ངོམ་ཡོད།

རྒྱ་གར་གྱི་གནད་དོན་དབྱེ་ཞིབ་པ་ཨ་སེས་ཧྥི་ཨ་མེ་ཏི་(Asif Ahmed)ཡིས་“བོད་ཀྱི་མི་རིགས་རིང་ལུགས་ཀྱི་མེ་ལྕེ་བོད་དང་ཕྱི་གྱར་བོད་མི་འབུམ་གཅིག་ཙམ་གྱི་ནང་དུ་ཅི་ཙམ་འབར་བ་དེ་ཙམ་གྱིས་རྒྱ་ནག་གིས་རྒྱ་གར་ལ་དོགས་པ་ཆེན་པོ་བྱེད་ཀྱི་རེད།” རྒྱ་ནག་ལ་མཚོན་ན་བོད་ལ་དབང་བསྒྱུར་བ་ནི་འཐབ་ཇུས་དང་དཔལ་འབྱོར་གཉིས་ཀའི་གལ་ཆེན་རང་བཞིན་ཞིག་རེད། གང་ལེགས་ཞེ་ན། རྒྱ་ནག་རང་གི་འབངས་མིའི་ཁྲོད་དུ་གྲངས་ཉུང་མི་རིགས་གཞན་དག་གི་ནུས་བ་གཅིག་ཏུ་སྤུངས་ཐབས་བྱེད་ཀྱི་ཡོད། དེ་ནི་ཨུ་རུ་སུ་འཐོར་ཞིག་མ་ཕྱིན་པའི་གོང་གི་བྱེད་སྟངས་དང་གཅིག་མཚུངས་རེད། རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་པ་ནི་རྒྱ་ནག་བཙན་རྒྱལ་རིང་ལུགས་ཀྱི་ཧམ་སེམས་ཀྱི་རང་བཞིན་མཐོང་བའི་སྒེའུ་ཁུང་ལྟ་བུ་རེད།

ཉེ་བའི་ཆར་རྒྱ་ནག་བཅིངས་འགྲོལ་དམག་མིས་རྒྱ་གར་དང་འབྲུག་ཡུལ་དུ་གློ་བུར་བཙན་འཛུལ་བྱས་པའི་དོན་རྐྱེན་དག་ཁ་ཁ་མ་རེད། རྒྱ་ནག་གིས་“ལྷོ་རྒྱུད་ཀྱི་བོད”ཅེས་འབོད་པའི་བལ་ཡུལ་དང་འབྲུག་ཡུལ། ལ་དྭགས། ཨ་རུ་ན་ཅལ་བཅས་དབང་བསྒྱུར་བྱེད་པའི་རྩོལ་བ་བྱས་ཚེ་གནད་འགག་ཇི་འདྲ་ཞིག་ལ་ཐུག་མིན་གྱི་ཚོད་ལྟ་བྱེད་ཀྱིན་ཡོད། ས་ཁུལ་འདི་དག་ལ་དབང་བསྒྱུར་བ་ལ་བརྟེན་ཏེ་བོད་ཀྱི་ས་ཁུལ་གཞན་དག་ཏུ་འབྱུང་བཞིན་པའི་ངོ་རྒོལ་དག་རྩ་མེད་བཟོ་སེམས་འཆང་འདུག ༢༠༡༡ ལོའི་ཕྱི་ཟླ་ ༡ པོའི་ནང་དུ་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལཱང་ཀང་ལེས་ཀྱིས་“འབྱུང་འགྱུར་གྱི་ལོ་ངོ་ལྔའི་ནང་དུ་ང་ཚོའི་དམག་མིས་འཐབ་ཇུས་ཀྱི་ལངས་ཕྱོགས་ཡོད་ཚད་ཀྱི་ནང་དུ་གྲ་སྒྲིག་ཨང་གསར་བྱེད་དགོས། ང་ཚོ་ཞི་བདེའི་དུས་རབས་ཤིག་ཏུ་འཚོ་གནས་བྱ་སྲིད་ཀྱང༌། ང་ཚོས་རྩ་བ་ཉིད་ནས་དམག་འཁྲུག་བརྗེད་མི་ཉན། དམག་རྟ་རྣམས་ལྷོ་ཕྱོགས་སུ་བཏང་ནས་རྩེ་གྲི་དང་མེ་མདའ་གཞོགས་གཅིག་ཏུ་འཇོག་མི་ཉན། ”པེ་ཅིན་གྱི་སྐད་ཆར་ཉན་ན། ཁོང་ཚོ་གྲ་སྒྲིག་ཨང་གསར་རེད།

(མོ་ར་མོ་ནས་ཧན་ནི་རྒྱ་གར་དང་བལ་ཡུལ་གྱི་བོད་མིའི་བཙན་བྱོལ་སྤྱི་ཚོགས་ཁྲོད་ལོ་ངོ་དུ་མར་ཕྱག་ལས་གནང་མྱོང་བའི་གསར་འགོད་པ་དང་ཉམས་ཞིབ་པ་ཞིག་ཡིན། ཁོ་མོའི་རྟོག་སྒྲུང་བརྩམས་ཆོས་ལ་“ཡོ་ག་མགྲོན་ཁང་”དང་“ཀ་ལེ་ཡོས་གྷ”་གཉིས་ཡོད། )

མ་རྩོམ་གྱི་དྲ་འབྲེལ། http://www.theepochtimes.com/n3/233252-conquering-tibets-five-fingers/

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་མཆོག་གིས་ཨོ་གླིང་ནང་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་པ་གནང་བཞིན་འདུག ༢༠༢༥།༠༧།༡༡ པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་དང་མཉམ་དུ་སྒོ་རྒྱབ་ཀྱི་འབྲེལ་བ་ཡོད་ཀྱང་འབྲེལ་བ་སླར་གསོ་བྱེད་པར་ཕན་ཐོགས་གང་ཡང་བྱུང་མེད་ཅེས་གསུངས།

ཆུ་ཚོད་ ༡༢ སྔོན་ལ།
Arunachal Pradesh CM Pema Khandu (Photo/DNA)
Mobile App

རྒྱ་གར་དང་བོད་ས་འབྲེལ་ཡིན་པ་ལས་རྒྱ་ནག་ལ་འབྲེལ་བ་མེད་ཅེས་གསུངས།

ཆུ་ཚོད་ ༡༣ སྔོན་ལ།
པར་འགྲེལ། བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

བོད་སྐྱིད་གྲོང་ཁུལ་དུ་ཆུ་ལོག་བྱུང་རྐྱེན་རྒྱ་གར་གྱི་གནས་མཇལ་བ་ཕྱིར་ལོག་བཏང་།

ཆུ་ཚོད་ ༡༥ སྔོན་ལ།
མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་པར། ༢༠༢༥།༦།༣༠
Mobile App

༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་དེ་དབུལ་དགོས་པའི་འབོད་སྐུལ་ཞུས།

༢༠༢༥/༠༧/༠༩
རྒྱ་གར་ཡུལ་མི་རྣམས་ཀྱིས་བོད་རིགས་བྱིས་པའི་བྲིས་པའི་རི་མོར་གཟིགས་ཞིབ་གནང་བཞིན་པ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༥།༧།༧
Mobile App

བརྩེ་བའི་སྐུ་མདུན་ཞེས་པའི་རི་མོའི་འགྲེམས་སྟོན་བྱེད་བཞིན་འདུག 

༢༠༢༥/༠༧/༠༩
བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཝང་ཡུང་།
གསར་འགྱུར།

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཞིག་ལ་སྲོག་ཁྲིམས་གཅད་རྒྱུ་ཡིན་འདུག

༢༠༢༥/༠༧/༠༩

མཆན། 4

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    རྒྱ་ནག་གིས་“ལྷོ་རྒྱུད་ཀྱི་བོད”ཅེས་འབོད་པའི་བལ་ཡུལ་དང་འབྲུག་ཡུལ། ལ་དྭགས། ཨ་རུ་ན་ཅལ་དང་། འབྲས་ལྗོངས་འདིར་ཆད་པ་མིན་ནམ།
    བོད་འདི་ལག་པ། དེ་དག་ལྔ་ལ་བོད་ཀྱི་མཛུབ་མོ་ལྔར་མིང་བཏགས་པ་ནས། རྒྱ་ནག་ཕྱོགས་ནས་རྒྱ་དཀར་ནག་མ་སྐྱིད་པ་བཟོ་སྟངས་འདི་ལ་ཡང་། ཡིད་མུག་པ་ལགས།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་་་་་་ ཉེ་བའི་ཆར་རྒྱ་ནག་བཅིངས་འགྲོལ་དམག་མིས་རྒྱ་གར་དང་འབྲུག་ཡུལ་དུ་གློ་བུར་བཙན་འཛུལ་བྱས་པའི་དོན་རྐྱེན་དག་ཁ་ཁ་མ་རེད། རྒྱ་ནག་གིས་“ལྷོ་རྒྱུད་ཀྱི་བོད”ཅེས་འབོད་པའི་བལ་ཡུལ་དང་འབྲུག་ཡུལ། ལ་དྭགས། ཨ་རུ་ན་ཅལ་བཅས་དབང་བསྒྱུར་བྱེད་པའི་རྩོལ་བ་བྱས་ཚེ་གནད་འགག་ཇི་འདྲ་ཞིག་ལ་ཐུག་མིན་གྱི་ཚོད་ལྟ་བྱེད་ཀྱིན་ཡོད། ་་་་་་་་་་ཟེར།

    Reply
  3. གནས་ཚང་། says:
    ལོ་ 12 སྔོན།

    པེ་ཅང་གཞུང་གིས་བོད་ཟོས་ནས་རྒྱ་གར་གྱི་གཉའ་བར་ཞོན་ཏེ། ཀི་རིང་ཐེངས་ཁ་ཤས་བཏབ་མཐར། རྡ་ས་ནས་བློ་མཐུན་གཅིག་རྗེས་གཉིས་མཐུད་བྱེད་ཀྱིནུ་པས། འདིའང་བལ་ཡུལ་གཉིས་པ་མ་རེད་དམ། བལ་ཡུལ་གྱི་རྒྱལ་པོ་བཀྲོངས་པ་རེད་ལ། བོད་པའི་གཞུང་བཀྲོངས་པ་གཉིས་འདྲ་བོ་མ་རེད་དམ།

    Reply
  4. འབྲོག་ཕྲུག་བྷེ་ལོ། says:
    ལོ་ 12 སྔོན།

    ཆོས་རྒྱལ་སྐྱབས་ལགས་ཀྱིས་དོན་དམ་བོད་ཀྱི་འདས་མ་ད་གསུམ་གྱི་ཁ་ཕྱོགས་སམ་རྩ་དོན་དང་འབྲེལ་བའི་གལ་ཆེའི་རང་བཞིན་གྱི་རྩོམ་བསྒྱུར་འདི་རིགས་གནང་བར་སྙིང་ཁོངས་ནས་ཡི་རངས་ཞུ། བོད་ཀྱི་རྩ་དོན་རྩོད་དགོས་ཚེ་ཅིས་ཀྱང་འདི་རིགས་ཀྱི་གནས་ཚུལ་ལ་རྒྱུས་མངའ་ཡོད་པར་བྱ་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་ལྟ་བུར་ཡིན་པས། སྐུ་ཉིད་ནས་སླད་ཀྱང་སྔར་ལྷག་ཡོང་བར་རེ་སྒུག་བྱེད་བཞིན། ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese