མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིན་པོས་མུ་མཐུད་ལས་འགུལ་སྤེལ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༣/༠༨/༡༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་དོན་ལས་འགུལ་བ་རིན་པོ་ལགས་ཀྱིས་ཡུ་རོབ་རྒྱལ་ཁབ་ ༡༣ ནང་གི་རྐང་འཁོར་སྐོར་སྐྱོད་མཇུག་སྒྲིལ་ཏེ། ཉི་ཧོང་དང་ཐའེ་ཝན། ཧོང་ཀོང་བཅས་སུ་མུ་མཐུད་ལས་འགུལ་སྤེལ་རྒྱུ་ཡིན་འདུག

ཨ་རིར་གནས་སྡོད་བོད་རིགས་ལས་འགུལ་བ་རིན་པོ་ལགས་ཀྱིས་འདས་པའི་ཟླ་ ༥ ལྷག་གི་རིང་། ཡུ་རོབ་རྒྱལ་ཁབ་ ༡༣ ནང་རྐང་འཁོར་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་སྤེལ་ཏེ།  དེ་རིང་ཕྱི་ཚེས་ ༡༢ ཉིན་ཡུ་རོབ་གླིང་གི་ལས་འགུལ་དེ་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་མཇུག་སྒྲིལ་རྗེས་ཉི་ཧོང་དུ་ཕེབས་ཡོད་པ་དང་།  ཉིན་ཤས་རྗེས་ཉི་ཧོང་ནས་མགོ་བཙུགས་ཏེ་ཐའེ་ཝན་དང་ཧོང་ཀོང་བཅས་སུ་ལས་འགུལ་སྤེལ་མཐར་རྒྱ་གར་དུ་ཡོང་རྒྱུ་ཡིན་འདུག

གསར་འགོད་པས་རིན་པོ་ལགས་སུ་འབྲེལ་བ་བྱས་ཏེ་གནས་ཚུལ་རྒྱུས་ལོན་བྱེད་སྐབས། དེ་རིང་ཁོང་གིས་ཡུ་རོབ་གླིང་གི་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དེ་ཐོག་མའི་འཆར་གཞི་ལྟར་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནས་མཇུག་སྒྲིལ་ཡོད་པ་མ་ཟད། ད་ལྟ་དབྱིན་ཡུལ་ནས་ཉི་ཧོང་དུ་ཐོན་བཞིན་ཡོད་འདུག ཁོང་གིས་རང་ཉིད་ཀྱི་རེ་བར་ཉི་ཧོང་དང་ཐའེ་ཝན་ནང་སྐོར་སྐྱོད་ཀྱིས། ཧོང་ཀོང་དང་དེ་ནས་རྒྱ་གར་དུ་ཡོང་སྟེ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་གནང་མཁན་ཚོའི་མཚན་གཞུང་ཁྱེར་ནས་ནང་པའི་གནས་ཆེན་ཁག་ཏུ་གནས་སྐོར་དང་། མཐར་༧གོང་ས་མཆོག་ལ་བསྔོ་སྨོན་སྐྱབས་འཇུག་ཞུ་རྒྱུར་ཡིན་སྐོར་བརྗོད་བྱུང་།

རིན་པོ་ལགས་ཀྱིས་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བྷེལ་ལྗམ་གྱི་རྒྱལ་ས་སྦར་སིལ་ནས་མགོ་བཙུགས་ཏེ། འདས་པའི་ཉིན་གྲངས་ ༡༥༢ རིང་ཁྱོན་སྤྱི་ལེ་༦༣༠༠ ཙམ་ལ་བསྐྱོད་ཡོད་པ་དང་། ད་ལྟའི་བར་ཧྥ་རན་སི་དང་སི་པེན། ཨི་ཊ་ལི། སུད་སི། ཨོ་སི་ཊོ་རི་ཡ། ཅེཀ་སྤྱི་མཐུན་རྒྱལ་ཁབ། འཇར་མན། སུ་ཝེ་ཌན། ཌན་མཀ ནོར་ཝེ། ཧོ་ལན་ཌི། དབྱིན་ཡུལ་བཅས་ཡུ་རོབ་རྒྱལ་ཁབ་ ༡༣ ནང་རྐང་འཁོར་སྐོར་སྐྱོད་ཀྱིས་རྒྱལ་ཁབ་སོ་སོའི་གྲོས་ཚོགས་འཐུས་མི་དང་མངའ་སྡེ་བློན་ཆེན། གྲོང་ཁྱེར་སྤྱི་ཁྱབ་སོགས་གནད་ཡོད་མི་སྣ་ ༡༣༠ ཙམ། གསར་འགྱུར་བརྒྱུད་ལམ་ཁག་བཅས་ལ་ཐུག་འཕྲད་ཐོག བོད་མི་རང་ལུས་མེར་བསྲེགས་གནང་མཁན་ཚོའི་མངོན་འདོད་དང་། བོད་མིའི་དཀའ་ངལ་ངོ་སྤྲོད། བོད་དོན་རྒྱབ་སྐྱོར་གནང་རྒྱུའི་ཞུ་འབོད་བཅས་གནང་ཡོད་འདུག

ཁོང་གིས་ “ དབྱིན་ཡུལ་དུ་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་མང་པོ་ཞིག་ལ་ཐུག་འཕྲད་བྱུང་། ལྷག་པར་དུ་བྷེ་བྷེ་སེ་སོགས་གསར་ཁང་ཡང་མང་པོ་ཞིག་གིས་འབྲེལ་བ་བྱས་བྱུང་། གནས་ཚུལ་གང་འཚམ་ཁྱབ་སྤེལ་ཡག་པོ་བྱས་ཐུབ་སོང་བསམ་པ་བྱུང་”ཞེས་བརྗོད་བརྗོད་བྱུང་།

རིན་པོ་ལགས་ཀྱི་སྐྱེས་ཡུལ་བོད་ཡིན་པ་དང་། རྒྱ་གར་ནང་བཙན་བྱོལ་དུ་འབྱོར་རྗེས་ ༡༩༩༨ ལོར་ཨ་རིར་གནས་སྤོར་བྱས་ཤིང་། ༢༠༠༠ ལོའི་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་དང་བསྟུན་ཏེ། ཨ་རིའི་མངའ་སྡེ་མེ་ནེ་སོ་ཊ་ནས་མགོ་བཙུགས་ཏེ་ཨ་རིའི་མངའ་སྡེ་ ༤༤ ནང་མེལ་ལེ་ ༨༤༠༠ ལྷག་ལ་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཐེངས་ ༢༤ དང་། ཕྱག་འཚལ་ནས་སྐྱོད་པའི་ལས་འགུལ་ཐེངས་གཉིས། གོམ་བགྲོད་ལས་འགུལ་ཐེངས་གཉིས་བཅས་སྤེལ་ཡོད།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༢༡ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༢༢ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༢༣ སྔོན་ལ།
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese