མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྤེལ་ཚེ་བརྟན་ཕུན་ཚོཊ་སྐུ་གཤེཊ།

བོད་ཀྱི་དུས་བབ།
༢༠༡༣/༠༨/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཞོགས་པའི་ཆུ་ཚོད་ ༨།༤༥ སྟེང་། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ལྷ་སར་སྐུ་གཤེགས་ཡོད་པ་དང་། སྐུ་གཤེགས་སྐབས་ཁོང་དགུང་ལོ་ ༩༢ ལ་ཕེབས་ཡོད་འདུག

བོད་རང་སྐྱོང་ལྗོངས་འོག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཅིག་ནང་གནས་ཚུལ་ཐོན་པར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཛིན་གཞོན་པ། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་སྐུའི་སྙུང་གཞི་ཞིག་གི་རྐྱེན་པས་སྨན་བཅོས་བྱས་ཀྱང་མ་ཕན་པར། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཞོགས་པའི་ཆུ་ཚོད་ ༨།༤༥ སྟེང་ལྷ་སར་སྐུ་གཤེགས་ཡོད་སྐོར་བཀོད་འདུག

ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བོད་ནང་འབྲེལ་བའི་ལོ་རྒྱུས་རྩོམ་ཡིག་དང་དཔེ་དེབ་འགའ་རེ་བཏོན་ཡོད་ཅིང་། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་མཆོག་གིས་བརྩམས་གནང་མཛད་པའི་༼ བོད་ཀྱི་སྲིད་དོན་རྒྱལ་རབས། ༽ཞེས་པར་དགག་ལན་གྱི་ཚུལ་དུ་ ༼ ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་དང་བོད་ཀྱི་ལོ་རྒྱུས་ངོ་མ ༽ ཞེས་པ་འབྲི་མཁན་གྱི་རྩོམ་པ་པོ་ཡང་ཁོ་ཡིན།

རྒྱ་ནག་གཞུང་འབྲེལ་དྲ་ལམ་ནང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ཀྱི་ལོ་རྒྱུས་འཁོད་པ་ལྟར་ན། ཕྱི་ལོ་ ༡༩༢༢ ལོར་བོད་ལྗོངས་གཞིས་རྩེ་ས་ཁུལ་ལྷ་རྩེ་རྫོང་ལྷ་རྩེ་སྨོན་སྐྱིད་པའི་ཁྱིམ་དུ་འཁྲུངས་ཤིང་། དགུང་ལོ་ ༧ པ་ནས་ ༡༦ བར་སྔ་རྗེས་སུ་ལྷ་རྩེ་ཁུལ་གྱི་སྒེར་གཉེར་སློབ་གྲྭ་ཁག་ནས་སློབ་གཉེར་མཛད། དེ་ནས་ལྷ་རྩེ་ཆོས་སྡེའི་དགེ་བཤེས་བློ་བཟང་ཚུལ་ཁྲིམས་མཆོག་དང་གཙང་སྟོད་པ་ཆོས་གླིང་གི་མཁས་དབང་བློ་བཟང་ཆོས་འཕེལ་ལགས་སོགས་དགེ་རྒན་དུ་བསྟེན། དགུང་ལོ་ ༢༠ ཕེབས་སྐབས་ཡུམ་གྱི་གཞིས་ཆབ་སྤེལ་ལ་བུ་དོད་དུ་ཕེབས་པ་ནས་བཟུང་མཚན་ གྱི་མགོར་ཆབ་སྤེལ་ཞེས་པའི་ཁྱིམ་མིང་འཇགས་ཤིང་དེ་ནས་བཟུང་འགག་པ་དང་རྫོང་སྡོད། ལས་བྱ། ཚྭ་ཤོད་སོགས་ཀྱི་ཕྱག་ལས་མཛད། སྐྱིད་གྲོང་རྫོང་དུ་བཞུགས་པའི་ལོ་ ༣ རིང་ལྡན་ཆོས་འཁོར་དགོན་གྱི་དགེ་བཤེས་མཁས་དབང་ནོར་བུ་བཀྲ་ཤིས་སློབ་དཔོན་དུ་བསྟེན་ཏེ་སྙན་གཞུང་མེ་ལོང་མའི་དཀའ་གནད་ལ་ཟབ་ཁྲིད་དོགས་གཅོད་དང་འབྲེལ་དོན་རྒྱན་སོ་ལྔའི་དཔེར་བརྗོད་ཞིབ་ཚགས་བརྩམས་འབུལ་མཛད་པ་སོགས་རྩོམ་རིག་ལ་སྦྱོང་བ་མཛད། ཕྱི་ལོ་  ༡༩༥༣ ལོར་གཞིས་རྩེ་སློབ་ཆུང་གསར་དུ་བཙུགས་རྗེས་ཐོག་མར་སློབ་དོན་འགན་འཛིན་དང་། དེ་ནས་དོན་བྱེད་ཁང་ཚུགས་སྐབས་དེ་གའི་རྒྱུན་ལས། རིག་སློབ་སྡེ་ཚན་གྱི་འགན་འཛིན་གཅིག་ལྕོགས་མཛད། ༡༩༦༠ ལོ་ནས་བཟུང་སྔ་རྗེས་སུ་གཞིས་རྩེ་ས་ཁུལ་སྲིད་གྲོས་དང་། ལྷ་ས་གྲོང་ཁྱེར་སྲིད་གྲོས། བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གྲོས་བཅས་ཀྱི་ཨུ་ཡོན་དང་། རྒྱུན་ལས་ཨུ་ཡོན་མཛད་ མྱོང་། ཕྱི་ལོ་ ༡༩༨༡ ལོ་ནས་ ༡༩༨༧ ལོའི་བར་ལྗོངས་སྲིད་གྲོས་རིག་གནས་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མཛད་ཅིང་ཕྱི་ལོ་ ༡༩༨༡ ལོ་ནས་ ༡༩༩༣ ལོའི་བར་ལྗོངས་རིག་གནས་སྒྱུ་རྩལ་མཉམ་ཚོགས་སྐབས་དང་པོ་དང་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་མཛད། ཕྱི་ལོ་ ༡༩༨༣ ལོ་ནས་ ༡༩༨༧ ལོའི་བར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་མཛད་པ་དང་ ༡༩༨༧ལོར་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པའི་གོ་མིང་བཞེས། ༡༩༩༡ ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་དམིགས་བསལ་ཕོགས་སྣོན་གྱི་བྱ་དགའི་གཟེངས་བསྟོད་ལག་ འཁྱེར་བསྩལ། ༡༩༩༨ ལོར་ལས་འཁྱུར་ངལ་གསོ་མཛད་དེ་ ༡༩༩༩ ལོར་བོད་ལྗོངས་སློབ་ཆེན་གྱི་གདན་ཞུས་ལྟར་བོད་རིགས་རབ་འབྱམས་ཞིབ་འཇུག་སློབ་མའི་གཙོ་ཁྲིད་སློབ་དཔོན་མཛད་པ་མ་ཟད་གཞན་ཡང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ལྗོངས་མི་དམངས་མཐུན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་སོགས་གནང་མྱོང་ཡོད་འདུག

ལོ་རྒྱུས་དེའི་ནང་ཁོས་བྲིས་པའི་བརྩམས་ཆོས་ཐད།  ” ༼ བོད་ལྗོངས་ཞིབ་འཇུག༽དང་༼ཀྲུང་གོའི་བོད་རིག་པ༽སོགས་བོད་ཡིག་དུས་དེབ་ཐོག་དཔྱད་རྩོམ་ ༥༠ ལྷག་ཙམ་སྤེལ་མཛད་པའི་ནང་ནས་༼བོད་ཀྱི་ལྷ་གསོལ་བསང་གཏོང་གི་ཡུལ་གོམས་སྐོར་ཅུང་ཟད་གླེང་བ༽ཞེས་པར་ ༡༩༩༠ ལོར་ཀྲུང་གོའི་བོད་རིག་པའི་དུས་དེབ་ཀྱི་ཕུལ་བྱུང་བརྩམས་བྱ་དཔྱད་བསྡུར་སྐབས་བོད་ཡིག་དཔྱད་རྩོམ་རིག་པ་དང་པོའི་གཟེངས་བསྟོད་བྱ་དགའ་ཐོབ་པ་དང་། དེ་མིན་༼གཉའ་ཁྲི་བཙན་པོ་ནི་བོད་རང་གི་ མི་ཞིག་ཡིན༽ཞེས་པར་ ༡༩༨༦ ལོར་བོད་ལྗོངས་སྤྱི་ཚོགས་ཙན་རིག་ཁང་གི་དཔྱད་རྩོམ་དཔྱད་བསྡུར་གྱི་ཨང་དང་པོ་ཐོབ། གཞན་ཡང་༼བོད་ཀྱི་རྩོམ་རིག་སྒྱུ་རྩལ༽སོགས་དུས་དེབ་ཕལ་ཆེའི་ནང་སྙན་ངག་དང་། དཔྱད་གཏམ། བརྩམས་སྒྲུང་། ལྷུག་རྩོམ་སོགས་རྩོམ་རིག་གི་བརྩམས་ཆོས་མང་པོ་སྤེལ་མཛད་པ་ལས་ཀ་ཕྲེང་སྙན་ཚིག༼བསིལ་དུས་ཀྱི་བོད་ལྗོངས༽ཞེས་པར་ ༡༩༨༡ ལོར་རྒྱལ་ཡོངས་ཀྱི་སྐབས་དང་པོའི་གྲངས་ཉུང་མི་རིགས་ཀྱི་གསར་རྩོམ་དཔྱད་བསྡུར་སྐབས་གསར་རྩོམ་གྱི་གཟེངས་བསྟོད་བྱ་དགའ་ཐོབ་པ་དང་། སྒྲ་རྒྱན་སྙན་ངག་༼ལྷ་ས་སྐྱིད་གླུ༽ཞེས་པས་ ༡༩༨༥ ལོར་རྒྱལ་ཡོངས་ཀྱི་སྐབས་གཉིས་པའི་གྲངས་ཉུང་མི་རིགས་ཀྱི་གསར་རྩོམ་དཔྱད་བསྡུར་ནང་རྩོམ་རིག་གསར་རྩོམ་གྱི་བྱ་དགའ་ཐོབ་པ་དང་། གཞན་ཡང་ཞིང་ལྗོངས་ལྔའི་བོད་ཡིག་གསར་རྩོམ་དཔྱད་བསྡུར་སྐབས་བྱ་དགའ་རིགས་གཉིས་དང་། ལྗོངས་རིམ་པའི་བྱ་ དགའ་ཐེངས་བདུན་བཅས་ཐོབ་པ་ལགས། བརྩམས་ཆོས་ཀྱི་ཐད་ཡིག་འབྲུ་ཁྲི་ ༡༠༠ ལོང་བའི་༼ བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ༽ཞེས་པ་ལྷན་རྩོམ་མཛད་པ་ཅན་དང་།༼གཏམ་མཛོད་མེས་པོའི་ཞལ་རྒྱུན༽ཞེས་པ་ཡིག་འབྲུ་ཁྲི་ ༡༦ ལྷག་ཅན།༼ཕུ་བོས་ནུ་བོར་བཏམས་ ཤིང་བསྟན་པའི་མདོ་རྩ་འགྲེལ༽ཞེས་པ་ཡིག་འབྲུ་ ༡༠ ཙམ་ཡོད་པ་དང་། དེ་བཞིན། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གིས་ཕྱོགས་བསྒྲིགས་བྱས་པའི༼ཆབ་སྤེལ་ཚེ་བརྟན་ ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས༽ཡིག་འབྲུ་ཁྲི་ ༤༠ བདག་ཉིད་ཅན་དང་། དེ་མིན༼ཞྭ་སྒབ་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་དང་བོད་ཀྱི་ལོ་རྒྱུས་ངོ་མ༽ ཞེས་པའི་དོན་ཚན་ ༦༤ ལ་ཡིག་འབྲུ་ཁྲི་ ༡༥ ཙམ་ཡོད་པ་སོགས་སྒེར་དང་ཐུན་མོང་དུ་རྩོམ་བསྒྲིགས་མཛད་པའི་གསུང་རྩོམ་མི་ཉུང་བ་ཞིག་ཡོད་པ་དེ་དག་གི་གཟུ་བོར་གནས་པའི་མཁས་པ་རྣམས་དང་། བློ་གསལ་དོན་གཉེར་ཅན་རྣམས་ཀྱི་གསོས་སུ་སྨིན་པར་ལགས་སོ།།” ཞེས་བཀོད་འདུག

ད་དུང་། ” ཁོང་གིས་སྔ་གཞུག་ཏུ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་དང་ཡོན་ཀྲང་གཞོན་པ། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་རྩོམ་པ་པོའི་ལྷན་ཚོགས་ཀྱི་ཚོགས་མི་དང་། ཀྲུང་གོའི་རྩོམ་པ་པོའི་ལྷན་ཚོགས་བོད་ཡན་ལག་ཚོགས་པའི་མཚན་འཛིན་ཀྲུའུ་ཞི་སོགས་མཛད་མྱོང་ཡོད་འདུག” ཅེས་སོགས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 9

  1. འབྲོག་ཕྲུག་བྷེ་ལོ། says:
    ལོ་ 13 སྔོན།

    བོད་ཀྱི་རིག་གནས་རྐྱང་པའི་ངོས་ནས་བཤད་ན། གནས་ཚུལ་བྱ་བྲག་ཁག་ཅིག་གི་ཐོག་ཁོང་གི་ཕྱག་ལས་གནང་བར་བསྔགས་བརྗོད་གུས་འོས་ཆོག་པར་ལྟུ་བུར་སྣང་།

    འོན་ཏེ་ཁོའི་མི་གཤིས་དང་ལྷག་པར་བོད་ཀྱི་ལོ་རྒྱུས་དང་ཆབ་སྲིད་དང་འབྲེལ་བའི་བོད་མི་རིགས་ཀྱི་བདེ་སྡུག་གི་གཉེན་འཕྲང་གི་སྐབས་འདིར། ཁོས་སྡུག་ཐོག་སྡུག་དང་རྣག་ཐོག་ཚྭ་བླུག་གི་རྒྱལ་བཙོང་རིང་ལུགས་ཀྱི་ཐལ་ཤའི་བྱ་ངན་དེ་དག་བོད་མི་རིགས་ཀྱི་ལོ་རྒྱུས་ལས་དུས་ནམ་ཡང་ཡལ་བར་མི་སྲིད་དོ། །

    Reply
  2. མིག་དམར། says:
    ལོ་ 13 སྔོན།

    ཆབ་སྤེལ་དང་ལྷ་ཀླུ་ལ་སོགས་པའི་བླ་ཆེན་དང་མི་ཆེན། དེ་བཞིན་བོད་ཀྱི་མཁས་པར་བརྫུས་པའི་ལས་ངན་པ་མི་ཉུང་བ་ཞིག་བོད་དང་རྒྱ་ནག་སོགས་ལ་མི་རིགས་ཀྱི་བླ་སྲོག་བཙོངས་ནས་མི་ཚེ་མཐའ་མ་བོད་དང་བོད་མིར་བཞག་པ་ནི་ལས་ངན་དང་ལམ་ལོག་རྐྱང་པ་ལས་མ་འདས་པས་སྙིང་རྗེས་ཀུན་ནས་བླངས་ཏེ་མནར་མེད་དུ་མི་ལྷུང་བའི་སྨོན་ལམ་འདེབས། འོན་ཀྱང་བོད་དུ་བཞུགས་པའི་སྔར་གྱི་བླ་ཆེན་མི་ཆེན་ཚང་མ་དེ་འདྲ་གཏན་ནས་མིན་པ་མཁྱེན་དགོས། ཨོྂ་མ་ནི་པདྨེའི་ཧཱུྂ།།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ ཆབ་སྤེལ་ལགས་ད་བར་རང་གི་མི་ཚེ་དང་ཁྱིམ་ཚང་ཆེད་དུ་རྒྱ་གཞུང་ལ་ངོ་དགའ་དང་སྤྲེལ་ལད་ད་བར་བྱས་ནས་བོད་མི་རིགས་དང་བདེ་དོན་ལ་མངོན་སུམ་འཛེམ་མེད་ཀྱིས་ལོ་རྒྱུས་འཁྱོག་བཤད་སོགས་ཀྱི་དོ་ཕོགས་མི་ཉུང་བ་ཞིག་བྱས་་་་་་ ཟེར།

    Reply
  4. མི་ཆུང་། says:
    ལོ་ 13 སྔོན།

    དེང་གི་དུས་འདིར། ངེས་པ་དོན་གྱི་མཁས་དབང་ཞིག་དགོངས་པ་རྫོགས་པར་ཞེ་གཏིང་ནས། མྱ་ངན་དང་དྲན་གསོ་ཞུ།

    Reply
  5. མིག་དམར། says:
    ལོ་ 13 སྔོན།

    ཆབ་སྤེལ་ལགས་ད་བར་རང་གི་མི་ཚེ་དང་ཁྱིམ་ཚང་ཆེད་དུ་རྒྱ་གཞུང་ལ་ངོ་དགའ་དང་སྤྲེལ་ལད་ད་བར་བྱས་ནས་བོད་མི་རིགས་དང་བདེ་དོན་ལ་མངོན་སུམ་འཛེམ་མེད་ཀྱིས་ལོ་རྒྱུས་འཁྱོག་བཤད་སོགས་ཀྱི་དོ་ཕོགས་མི་ཉུང་བ་ཞིག་བྱས་ནས་ལས་ངན་སྡིག་སྒྲིབ་ཀྱིས་དམྱལ་བ་མནར་མེད་ནང་ལྷུང་རྒྱུར་བརྟེན་ངས་སྙིང་རྗེས་ཀུན་ནས་བླངས་ཏེ་སྨོན་ལམ་གྲངས་མེད་ཞུ་བཞིན་ཡོད་ལགས་

    Reply
  6. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    དུས་རབས་ཉུ་ཤི་དང་ཉེར་གཅིག་པའི་མགོ་སྟོད་ཀྱི་བོད་ཀྱི་དོན་གྱི་མཁས་པའི་དབང་པོ་སྐུ་ཞབས་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ལ་སེམས་གཏིང་ནས་མྱ་ངན་དང་།
    ཁོང་གི་མཛད་རྗེས་ལ་ཡིད་གཏིང་ནས་བསྔགས་བརྗོད་དང་ནམ་ཡང་ཁོང་གི་མཛད་རྗེས་ཀྱིས་བོད་མི་རིགས་ཀྱི་ཤེས་རིག་གོང་སྤེལ་གྱི་བྱ་གཞག་ལ་ཕན་ནུས་བླ་ལྷག་ཡོང་བའི་ཡིད་ཆེས་བཅས།

    མི་ལུས་སྐྱེ་ཞིག་སྐྱེ་བ་ཐམས་ཅད་དུ།།
    ངན་སོང་ངན་འགྲོ་ལེགས་པར་ལྟུང་བ་ཡི།།
    སྐྱེ་གནས་རྣམས་སུ་ནམ་ཡང་མི་སྐྱེ་ཞིང་།།
    དལ་འབྱོར་ཚང་བའི་མི་ལུས་ཐོབ་པར་ཤོག།

    ཅེས་ཀྱང་བསྔོའོ།།

    Reply
  7. སྣང་གསལ། says:
    ལོ་ 13 སྔོན།

    ངའི་ངོས་ནས་མྱ་ངན་ཡོད་་་་་ཨོཾ་མ་ཎི་པདྨེ་ཧྰུཾ་ཧྰུཾ་་་།།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ངས་ངོས་ནས་མྱ་ངན་གུས་དུད་མེད་དོ། །

    Reply
  9. ཉི་མ་བཀྲ་ཤིས། says:
    ལོ་ 13 སྔོན།

    ད་དུང་ < ལྷ་ས་བརྙན་འཕྲིན > ཞེས་པའི་ནང་། ཀྲུང་གོ་གུང་་ཁྲན་ཏང་གི་མཛའ་བཤེས་གྲོགས་པོ་བཟང་བོ། ཏང་དང་རྒྱལ་ཁབ་ལ་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ལྡན་པའི་རྒྱལ་གཅེས་རིང་ལུགས་པ། དྲང་བདེན་ཕྱོགས་སུ་མ་ལྷུང་བའི་གཟུར་གནས་མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། ཞེས་མྱ་ངན་ཞུ་བཞིན་འདུག་གོ།།།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese