མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལོ་ཟློས་གར་ཚོགས་པའི་བརྗོད་བྱ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་རེད།

བོད་ཀྱི་དུས་བབ།
༢༠༡༣/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ངྷ་སའི་ཟློས་གར་ཚོགས་ཁང་དུ་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༥༤ འཁོར་བའི་དུས་དྲན་སྲུང་གཙི་དང་འབྲེལ་བོད་པའི་སྐད་ཡིག་སྲུང་སྐྱོབ་སྐོར་གྱི་གཏམ་བརྗོད་དང་གཞས་སྣ་འགྲན་བསྡུར་གནང་སོང་།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ སྟེང་ངྷ་ས་ཟློས་གར་ཚོགས་ཁང་དུ། བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༥༤ འཁོར་པའི་དུས་དྲན་དང་སྦྲགས། ཟློས་གར་གྱི་རྒྱ་ལུ་དང་རྔོན་པ་རུ་ཁག་གཉིས་བར་རྐང་བྲོ་གླུ་གཞས་དང་གཏམ་བརྗོད་འཁྲབ་སྟོན་གྱི་འགྲན་བསྡུར་ཞིག་གནང་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་དམིགས་བསལ་སྐུ་མགྲོན་དུ་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་མཐུད་པ་ཨ་ནེ་ཀེ་ཐཱི་མཆོག་དང་། གཞན་ཁྲིམས་ཞིབ་པ་ཆེ་བ་དང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་བཀའ་བློན་དང་དྲུང་ཆེ་ཆུང་སོགས་བོད་མིའི་སྒྲིག་འཛུགས་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ཉེ་འཁོར་སློབ་གྲྭ་དང་དགོན་སྡེ་ཁག་གི་འགན་འཛིན་སྐུ་ཚབ། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་ཕེབས་འདུག

མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་ནས་དུས་དྲན་དབུ་འབྱེད་ཀྱི་མར་མེ་ཞལ་འབྱེད་དང་། བོད་དོན་ལ་ཚེ་སྲོག་ཤོར་བའི་རྒྱལ་གཅེས་པ་རྣམས་ལ་མྱ་ངན་གུས་འདུད་སོགས་ཞུས་རྗེས་ཟློས་གར་སྤྱི་ཁྱབ་འགན་འཛིན་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་དུས་དྲན་ངོ་སྤྲོད་གནང་བར། ༡༩༥༩ ཟླ་ ༨ ཚེས་ ༢༡ ཉིན་བོད་ཀྱི་ཟློས་གར་ཚོགས་པ་ཐོག་མར་བཀའ་སྦུག་ཏུ་གསར་འཛུགས་གནང་པ་ནས། ཟློས་གར་གྱི་དབུ་འཛིན་དང་པོ་ཤོད་དྲུང་ནོར་ནང་ངག་དབང་ནོར་་བུ་དབུས་འགན་འཛིན་རིམ་བྱོན་གྱིས་དཀའ་ལས་མང་པོ་བསྐྱོན་ཏེ་མཛད་རྗེས་ཆེན་པོ་བཞག་པར་དྲན་གསོ་ཞུས་སོང་། ཟློས་གར་ཚོགས་པས་བོད་པའི་ཐུན་མིན་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ ༣༣ ལ་ཐེངས་ ༡༠༠ ལྷག་བསྐྱོད་དེ་རིག་གཞུག་འཁྲབ་སྟོན་དང་འབྲེལ་བོད་དོན་དྲིལ་བསྒྲགས། བྲོ་བ་བྲོ་མ་ ༤༠༠ ཙམ་སྐྱེད་སྲིང་བྱས་ཡོད་སྐོར་སོགས་བརྗོད་སོང་།

འགན་འཛིན་ལགས་ཀྱིས་བརྗོད་དོན། “འདི་ལོའི་གཏམ་བརྗོད་ཀྱི་བརྗོད་གཞི་ནི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཡིན། རང་ཡུལ་དུ་རྒྱ་དམར་གཞུང་གིས་བོད་ཀྱི་རིག་གཞུང་རྩ་བརླག་གཏོང་རྒྱུའི་ངན་ཇུས་རབ་དང་རིམ་པ་སྤེལ་ཀྱི་ཡོད་པ་དང་། བཙན་བྱོལ་སྤྱི་ཚོགས་ནང་རང་རིགས་མི་རབས་གསར་པ་རྣམས་འཛམ་གླིང་ཡུལ་གྲུ་གང་སར་ཁ་འཐོར་ཇེ་ཆེར་འགྲོ་བཞིན་པའི་གཉན་འཕྲང་གི་དུས་འདིར། རང་རེའི་གནའ་རབས་རིག་གཞུང་མི་ཉམས་རྒྱུན་འཛིན་བྱ་རྒྱུ་ནི་དུས་ཀྱི་དགོས་མཁོ་ཡིན། ལྷག་པར་དུ་སྐད་ཡིག་ནི་རང་རིགས་གི་བླ་སྲོག་ཡིན་པར་བརྟེན། ད་ལམ་ང་ཚོའི་གཏམ་བརྗོད་ཀྱི་བརྗོད་གཞི་དེ་ལྟར་བཞག་པ་ཡིན། གཏམ་བརྗོད་དག་བརྒྱུད་སོ་སོའི་རིག་གཞུང་རྒྱུན་འཛིན་སླད་སོ་སོའི་སྐད་ཡིག་སོ་སོས་སྲུང་སྐྱོབ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་”ཞེས་སྐད་ཡིག་སྲུང་སྐྱོབ་ལ་ཚང་མས་འགན་འཁུར་དགོས་པའི་འབོད་སྐུལ་གནང་སོང་།

དེའི་རྗེས་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་ཀྱི་བར་རྐང་བྲོ་འཁྲབ་གཞས་དང་གཏམ་བརྗོད། ཟུང་གཞས་སོགས་འཁྲབ་སྟོན་མགོ་འཛུགས་བྱས་ཡོད་པ་དང་། ཐེངས་འདིའི་འཁྲབ་སྟོན་འགྲན་བསྡུར་གྱི་གཟུ་དཔང་དུ་འབྲེལ་ཡོད་སྒྱུ་རྩལ་ལ་མྱོང་གོམས་ཅན་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་། ཁྲིམས་ཞིབ་ཁང་གི་ཚེ་རིང་ལྷ་མོ། བཀྲས་མཐོང་སྐལ་བཟང་ཆོས་སྐྱིད། རང་དབང་རྩོམ་པ་པོ་བུ་ཆུང་བསོད་ནམས། ངྷ་སྟེང་བོད་ཀྱི་དགེ་བསོད་ནམས་ཆོས་འཕེལ། གཞོན་ནུའི་ཚོགས་གཙོ་བསྟན་འཛིན་འཇིགས་མེད། བཙན་བྱོལ་བུ་སྤུན་(Exile Brothers) བསྟན་འཛིན་འཇིགས་མེད་བཅས་མི་ ༧ གདན་འདྲེན་གནང་འདུག་ལ། འབྲེལ་ཡོད་ཀྱིས་ངོ་སྤྲོད་གནང་པ་ལྟར་ན། ཐེངས་འདིའི་འགྲན་བསྡུར་གྱི་རུ་ཁག་རེར་འཁྲབ་སྟོན་པ་ཕོ་མོ་ ༢༠ རེ་ཡོད་པ་དང་། ཁོང་ཚོས་འདས་པའི་ཟླ་གཅིག་རིང་སྦྱོང་བརྡར་བྱས་འདུག་ལ། འཁྲབ་སྟོན་གཞས་སྣ་དང་རྐང་བྲོ། གཏམ་བརྗོད་སོགས་ཚང་མ་ཟློས་གར་ལ་ད་སྔ་མེད་པ་རྐྱང་འཚོལ་ཞིབ་ཐོག  དེང་རབས་དང་མཐུན་པའི་གཞས་ཚིག་དང་གདངས། རོལ་དབྱངས་སོགས་འཁྲབ་སྟོན་པ་ཚོ་རང་ཉིད་ནས་གསར་རྩོམ་སྦྱོང་བརྡར་བྱ་དགོས་ཀྱི་ཡོད་འདུག ༢༠༡༣ ལོའི་ཟློས་གར་རུ་ཁག་བར་གྱི་གཞས་སྣ་འཁྲབ་སྟོན་ཡོངས་ཀྱི་ཕྱོགས་བསྡོམས་རྒྱལ་ཁ་རྔོན་པའི་རུ་ཁག་ལ་ཐོབ་སོང་།

མཇུག་ཏུ་སྐུ་མགྲོན་གཙོ་བོ་མཆོག་གིས་ཟློས་གར་ལས་བྱེད་ཞབས་ལོ་ ༢༠ འཁོར་མཁན་དང་། སློབ་ཐོན་པ། ཐེངས་འདིའི་རུ་ཁག་གཉིས་ཀྱི་འཁྲབ་སྟོན་བྱ་དགའ་ཐོབ་མཁན། ཕྱོགས་བསྡོམས་རྒྱལ་ཁ་ཐོབ་མཁན་རུ་ཁག་བཅས་སུ་གཟེངས་རྟགས་ཕུལ་རྗེས། ཁོང་གིས་བོད་གཞུང་ཟློས་གར་ཚོགས་པའི་ཚོགས་མི་ཚོར་གོ་སྐབས་མང་པོ་ཡོད་ཀྱང་དེའི་རྗེས་སུ་མ་སོང་པར་ལོ་མང་པོར་ཟློས་གར་གྱི་ལས་དོན་ཐོག་མུ་མཐུད་ཕྱག་ལས་གནང་པར་བསྔགས་བརྗོད་ཞུ་འོས་པ་ཞིག་ཡིན་པ་དང་། དེ་རིང་གི་འཁྲབ་སྟོན་ཐད་ནས་ཡིད་འགུལ་ཆེན་པོ་ཐེབས་སྐོར་གསུངས་པ་དང་འབྲེལ་ཁོང་གིས། “དེ་རིང་གི་བརྗོད་གཞིའི་ཐོག་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སྐོར་ཡིན་སྟབས། གཞིས་ཆགས་ཁག་དང་ཕྱི་རྒྱལ་ཁག་བཅས་ལ་སྐོར་སྐྱོད་ཀྱིས་སྟོན་ཐུབ་པ་ཡིན་ན། དེང་སང་གཞོན་སྐྱེས་ཚོར་ཕ་མ་སྤུན་མཆེད་ཀྱིས་སློབ་གསོ་གཏོང་རྒྱུ་ལས་འཁྲབ་སྟོན་རིགས་བརྒྱུད་ནས་གོ་བརྡ་ཡག་པོ་ཞིག་སྤྲོད་ཐུབ་ཀྱི་ཡོད་སྟབས། སྐད་ཡིག་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱ་རྒྱུ་དེ་ང་ཚོའི་སྤྱི་ཚོགས་ཀྱི་ཛ་དྲག་གནས་སྟངས་ཤིག་ཆགས་འདུག དེར་ཟློས་གར་གྱིས་དམིགས་བསལ་ཐུགས་འགན་བཞེས་ཏེ་གནང་ཐུབ་པ་ཡིན་ན་ཞེ་དྲག་ཐུགས་ཕན་གསོ་ངེས་རེད་དྲན་གྱི་འདུག་”ཅེས་གསུངས་སོང་།

ཡང་ཁོང་གིས་ད་ཆར་མི་རབས་རྒན་པ་རྣམས་རྫོགས་འགྲོ་བཞིན་ཡོད་སྟབས། བོད་ནས་གསར་དུ་འབྱོར་མཁན་དང་བཙན་བྱོལ་དུ་ཡོད་པ་གང་ཡིན་ཡང་རིག་པའི་གཞུང་ལུགས་དང་ལྡན་པའི་ཐོག་ནས་སློབ་སྦྱོང་དང་འཁྲབ་སྟོན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 8

  1. ཧོར་བུ་ཡེ་ཤེས says:
    ལོ་ 13 སྔོན།

    ཧཧཧཧཧཧཧཧཟློས་གར་ཚོགས་པ་ ལྷ་རང་མགོ་མ་ཐོན །ཤི་བོ་ཡར་མགྲོན །

    Reply
  2. འཇམ་གཅེས ། says:
    ལོ་ 13 སྔོན།

    ཟློས་གར་ཚོགས་པའི་སྐད་ཡིག་སྲུང་སྐྱོབས་དང་། རིགས་གཞུང་གཅེས་སྐྱོང་ཨེ་་་་ཧ་ཧ་ཧཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧཧ་ཧ་ཧ་་ཧཧ་ཧ་ཧ་་་་་་་་་་་་་་་

    Reply
    • བདེན་གཏམ། says:
      ལོ་ 10 སྔོན།

      འོ་ན་དེ་མིན་སུ། ཁྱེད་རང་གི་ཨས། གད་མོ་མ་སློང་ ཧ་ཧ་ཧ་ཧ་ཧ་ཧ་ཧ།།

      Reply
  3. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    རྒྱལ་ཁབ་གང་ཞིག་ཏུ་བོད་དོན་ལས་འགུལ་སྤེལ་སྐབས་རྒྱལ་ཁབ་དེའི་སྒྲིག་སྲོལ་ཁྲིམས་དང་མ་མཐུན་པའམ་དེ་ལས་བརྒལ་བའི་ལས་འགུལ་སྤེལ་བའི་སྐབས་མི་འདུག་ལ། ད་བར་དུ་ང་ཚོ་གནས་ཡུལ་རྒྱ་གར་གྱི་སྒྲིག་སྲོལ་ཁྲིམས་ཀྱི་ར་བ་ལས་བརྒལ་ཏེ་བོད་དོན་ལས་འགུལ་སྤེལ་བའི་ལམ་ཕྲ་མོ་ཙམ་ཡང་ཡོད་མྱོང་མེད་པ་གསལ་པོ་རེད་ལ། ལས་འགུལ་ཆེ་ཆུང་གང་ཟིག་སྤེལ་སྐབས་ཆོག་མཆན་རེག་མིན་དང་ཐོབ་ཐང་ཡོད་མེད་སོགས་ལས་འགུལ་བཀོད་སྒྲིག་པ་ཚོར་དཀའ་ངལ་གང་མང་མང་འཕྲད་དང་འཕྲད་བཞིན་ཡོད་པ་རེད།
    བོད་ཀྱི་ཟློས་གར་ཚོགས་པས་ད་བར་དུ་གཞས་བྲོ་པ་༤༠༠ ལྷག་སྐྱེད་སྲིང་བྱས་ཡོད་ཟེར། དེར་དབྱེ་ཞིབ་ཀྱིས་སྐད་ཆ་རེ་བཤད་དགོས་མོད། ད་ལམ་དུས་ཚོད་མི་འདུག
    འོན་ཀྱང་སློབ་མ་བསྡུ་སྟངས་ཐད་ནས་མཆོན་ཁ་གསུམ་གྱི་མི་ནང་དུ་ཡོང་ཐུབ་ན་བཟང་གི་སྙམ། ང་སྔོན་ཆེད་དྷ་སར་ཡོད་དུས་ཟློས་གར་ཚོགས་པའི་གཞས་བྲོ་པ་ཕོ་སར་ཞིག་ང་ཚོའི་རྩར་སླེབས་སོང་། ཁོང་ང་ཚོར་བཀྲ་ཤིས་བདེ་ལེགས་ཟེར་བའི་ཚབ་ཏུ་ཨ་མདོ་བ་ཚོས་ཇི་ལྟར་བཤད་ཀི་རེད། ཨམ་སྐད་ཀྱི་སྒྲ་གདངས་ཇི་བཞིན་སླབ་རོགས་ཟེར། ང་ཚོའི་བདེ་མོ་ཡིན་ནམ། ཡང་ན་ཁྱོད་བདེ་མོ་ཡིན་ནམ། ཁམས་བཟང་། སོགས་ཇི་ལྟར་བསླབ་ཀྱང་ཁོའི་སྐད་གདངས་ལས་ཨ་སྐད་འཁྲེག་པོ་དེ་ཐོན་ཐབས་མི་འདུག མཐར་ངས་ཁོ་ལ་ཁྱོད་ཀྱིས་ཅིའི་ཕྱིར་ཨམ་སྐད་ཀྱི་སྐད་ཆ་འདི་སྦྱོང་དགོས་པ་ཡིན་ཞེས་དྲིས་པའི་ལན་དུ། ང་ཚོ་གཞས་ཞིག་འཁྲབ་དགོས་ཀྱི་ཡོད། དེའི་ནང་དུ་ཨམ་སྐད་ཀྱིས་འཚམས་འདྲི་ཞིག་བྱ་དགོས་པས་དེའི་འགན་ང་ལ་སྤྲད་ཡོད་ཟེར།
    ཁྱོད་ཚོའི་ཚོགས་པར་ཨ་མདོའི་མི་གཅིག་ཀྱང་མེད་དམ་ཞེས་པར། ཨ་མདོའི་མི་གཅིག་ཀྱང་ཡོད་པ་མ་རེད་ཟེར།
    དེ་བས་ངས་འདིར་ཟློ་གར་ཚོགས་པར་རེ་བ་དང་བཅས་སློབ་མ་བསྡུ་སྐབས་མདོ་དབུས་ཁམས་གསུམ་གྱི་མི་བསྡུ་སྒྲིག་བྱ་ཐུབ་ན་གཞས་བྲོ་སྣ་མང་དང་སྐད་ཀྱི་ཆ་ནས་ཀྱང་དཀའ་ངལ་གང་མེད་པར་བཤད་པ་དང་ཉན་ཐུབ་པ་རེད། ཟློས་གར་ལ་མཁས་ན་སྐད་རིགས་ལ་མི་རྨོངས་ཞེས་པས་ཟློ་ས་གར་བ་ཞིག་ཡིན་ཚེ་སྐད་རིགས་ལ་མཁས་དགོས་པ་ཞིག་ཡིན་མོད། མི་གཅིག་ལ་ཁྱད་ཆོས་དེ་ལྟ་བུ་མི་འཛོམས་ཀྱང་སྐད་རིགས་མང་པོ་བཤད་མིའི་མི་སྣ་བསྡུ་མ་ནུས་པ་ཅང་མི་འདུག་སྙམ།
    དེ་མིན་ནམ་རྒྱུན་ནང་མ་སྟོད་གཞས་དང་རྐང་བྲོ་རེ་གཉིས་འཁྲབ་ནས་མི་ལོ་ལྔ་བཅུ་ང་གྲགས་འགོར་བསྡད་ན་བོད་ཀྱི་ཟློ་གར་ཟེར་བའང་ཨ་ལ་ལ་རེད་སྙམ།

    Reply
  4. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    ཟློས་གར་ཚོགས་པའི་ར་སྐོར་ནང་ན་ར་ལུག་བསྲེས་སྐད་མ་གཏོགས་བོད་སྐད་གཙང་མ་བཤད་མཁན་གཅིག་ཀྱང་མེད་པས། དང་པོ་རང་ངོས་ནས་བོད་སྐད་གཙང་མ་ཨེ་འཁྱོང་ལྟ་བར་གལ་ཆེ་བ་ལས། རེད་རེད་འཁྲབ་མཁན་ནི་འཁབ་མཁན་རང་རེད།
    སེམས་ལ་དྲན་པ་མ་ཡིན་ཡིན་མདོག་དང་།
    ཁ་ནས་འཇོན་པ་བསྲེ་སྐད་ལྟས་ངན་སྐད།།
    ལྷ་མོའི་གཞུང་དེས་ས་ལྡིང་གནམ་ལྡིང་གིས།།
    མི་ལོར་ལྔ་བཅུར་ལྟོ་རྒྱབ་ཁེབ་ཙམ་གྱིས།།
    སྲོ་རྒྱུན་ནོར་བའི་འོད་དེ་སྲུང་ཁུལ་འདི།།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཟློས་གར་དང་། གློག་བརྙན་གྱི་བརྒྱུད་ལམ་ནས། བོད་ཡིག་དང་བོད་སྐད། ཡར་རྒྱས་གཏོང་ཡ། དུས་ཚོད་རན་ཟིན་པ་རེད་དོ།།

    Reply
    • བདེན་གཏམ། says:
      ལོ་ 10 སྔོན།

      དུས་ཚོད་རན་ཟིན་ན་བྱེད་མཆོག་གི་མ་རེད་པས། ཁྱེད་ལ་དུས་ཚོད་རན་ཟིན་ནའང་གཞན་ལ་ཟིན་མེད་དོ།

      Reply
  6. བསྟན་འཛིན་ཚེ་རིང་། says:
    ལོ་ 13 སྔོན།

    ཟློས་གར་ཚོགས་པའི་འགན་འཛིན་མཆོག་གི་ཕྱི་ཡི་རྣམ་པ་མཛེས་མ་ཞིག་འདུག་ལ། ནང་གི་བསམ་བློ་ཡང་ཡག་པོ་དང་རྒྱ་ཆེན་པོ་རེད། ད་ལོའི་ཟློས་གར་ཚོགས་པའི་ལས་དོན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐོག་ཏུ་བཞག་གནང་བ་འདི་ཧ་ཅང་རླབས་ཆེན་པོ་ཞགི་རེད། རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་ཡོད། ཁྱོད་རང་ཁ་བྲོ། བཀྲ་ཤིས། བྱ་བཞག་ལམ་འགྲོ་ཡོང་བར་སྨོན།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese