གཟའ་ལྷག་པའི་མཚན་མོར་མཚོ་སྔོན་མཚོ་ནུབ་ཚྭ་ཁ་གྲོང་རྡལ་དུ་དྲག་ཆར་གྱིས་ཆུ་ལོག་བརྒྱུགས་ཏེ་མི་ལ་ཤི་རྨས་ཚབས་ཆེན་ཐེབས་འདུག
རྒྱ་ནག་གི་གསར་ལམ་ཁག་ཅིག་ནང་གནས་ཚུལ་ཐོན་པར། ཕྱི་ཚེས་ ༢༠ མཚན་གྱི་ཐོ་རེངས་ཆུ་ཚོད་ ༧།༥༠ སྟེང་། བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་ཟེར་བའི་ཚྭ་ཁ་གྲོང་རྡལ་དུ་དྲག་ཆར་བབས་ཏེ་ཆུ་ལོག་ཆེན་པོ་བརྒྱུགས་ཡོད་པ་དང་། ཚྭ་ཁ་གྲོང་རྡལ་ཝུའུ་ལན་ཧ་ཏ་སྡེ་བའི་དགོན་པའི་ལུང་པའི་ནང་གཞུང་ལམ་འཛུགས་སྐྲུན་བྱེད་བཞིན་པའི་ལས་བཟོ་བ་ ༢༤ ཆུས་ཁྱེར་ཡོད་པ་མ་ཟད། ལས་བཟོ་བ་གཞན་མང་པོ་ཞིག་བོར་བརླག་དང་རྨས་སྐྱོན་ཐེབས་ཡོད་སྐོར་སོགས་བཀོད་འདུག
ཐེངས་འདིར་ཆུ་ལོག་གི་གནོད་འཚེ་ཐེབས་ཡུལ་དེ་ནི་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཞིག་ཡིན་ཡང་། གོད་ཆག་ཁྲོད་རྐྱེན་ལམ་དུ་ཕྱིན་པ་རྣམས་བོད་རིགས་ཡིན་མིན་གསལ་ཁ་མི་འདུག་ལ། ས་གནས་མང་ཚོགས་ལ་གོད་ཆག་ཐེབས་ཡོད་མེད་ཀྱང་ཁ་གསལ་མི་འདུག
ཁ་སང་ཚེས་ ༢༡ ཉིན་མཚོ་སྔོན་ཞིང་ཆེན་དང་མཚོ་ནུབ་ཁུལ། ཝུའུ་ལན་རྫོང་བཅས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་མི་སྣ་དང་། དྲག་ཆེས་ཉེན་རྟོག་དཔུང་དམག་བཅས་མི་ ༥༠༠ ཙམ་ས་གནས་སུ་བསྐྱོད་དེ་མྱུར་སྐྱོབ་ཀྱི་ལས་དོན་སྒྲུབ་བཞིན་ཡོད་སྐོར་བསྒྲགས་འདུག
ཆབ་སྲིད་ངོས་ཐད་ནས་བལྟས་ན་འདོད་པ་མ་ཁེངས་པ་ལས་གཞན་གང་ལ་གང་འཚམ་རེ་བྱེད་ཀྱིན་ཡོད་པ་འདྲ།
པར་འདི་ལ་བལྟས་ན་ཀྲུང་གོ་རང་སྐྱོང་དམགས་མིའི་རོགས་རམ་དང་བྱམས་སྐྱོང་ལེགས་པོ་གནང་ཀྱིན་ཡོད་པ་འདྲ།