མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྔར་གླེང་ཚར་བ་ཞིག་བསྐྱར་དུ་གསར་པ་ཡིན་མདོག་མདོག་གིས་འཁྱེར་ཡོང་ན་འགྲིག་གི་མ་རེད།

བོད་ཀྱི་དུས་བབ།
༢༠༡༣/༠༨/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཟླ་སྔོན་མའི་ནང་སོག་ཡུལ་གྱི་རྒྱལ་ས་ཨོ་ལན་པཱ་ཊོར་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་ཐེངས་ ༡༣ པ་དེ་ཚོགས་གྲུབ་རྗེས། ཐེངས་འདིའི་ཚོགས་ཞུགས་པའི་གྲས་ཧྥ་རན་སིའི་ཤར་ཕྱོགས་སྐད་ཡིག་སློབ་གླིང་གི་དགེ་རྒན་ཆུང་ཚེ་རིང་ལགས་སུ་བཅར་འདྲི་ཞུས་ཡོད།

དྲི་བ། རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་ ༡༣ སོག་ཡུལ་དུ་ཚོགས་པར་སྐུ་ཉིད་ཚོགས་བཅར་གནང་ཡོད་སྟབས། ད་རེབ་ཀྱི་ཚོགས་འདུར་མཐོང་སྣང་གང་འདྲ་བྱུང་།

ལན། ད་སྔ་ཚོགས་ཆེན་མང་པོ་ཞིག་ཏུ་ཕྱིན་པའི་ནང་ནས་ཡག་ཤོས་སུ་མཐོང་སོང་། གཅིག་ནས་ཚོགས་འདུ་ཚོགས་ཡུལ་བོད་ཀྱི་རིག་གཞུང་དང་ཆབ་སྲིད། ལོ་རྒྱུས་སོགས་མང་པོ་ཞིག་ལ་འབྲེལ་བ་ཡོད་པའི་སོག་ཡུལ་དུ་ཚོགས་པ་རེད། གཉིས་ནས་བོད་ཕྱི་ནང་གཉིས་དང་རྒྱལ་སྤྱིའི་ཡུལ་ལུང་འདྲ་མིན་ནས་ཕེབས་པའི་ཚོགས་བཅར་པའི་གྲངས་འབོར་མང་པོ་ཞེ་དྲག་འདུག གསུམ་ནས་ཚོགས་འདུའི་བརྗོད་གཞིའི་ཐད་ནས་རྣམ་གྲངས་མང་པོ་དང་རྒྱ་ཆེན་པོ། ཞིབ་ཆ་ལྡན་པ་བཅས་སུ་མཐོང་སོང་། ཕྱོགས་མང་པོ་ཞིག་ནས་ང་རང་ཉིད་ལ་མཚོན་ན་བློ་སྐྱེད་ཆེན་པོ་དང་སེམས་ཚོར་ཆེན་པོ་སྐྱེས་སོང་།  

དྲི་བ། ཐེངས་འདིར་ཚོགས་བཅར་པ་ ༤༦༠ ཙམ་ཡོད་པའི་ཁྲོད་བོད་རིགས་བརྒྱ་ཆ་ ༡༥ ཙམ་ལས་མེད་པ་དེར་གཟིགས་ཚོར་གང་འདྲ་བྱུང་སོང་།

ལན། བོད་རིགས་ཚོགས་བཅར་པའི་གྲངས་འབོར་ང་ཚོའི་འདོད་བློ་ཁེངས་པ་ཞིག་མ་བྱུང་པ་དེར་རྩ་བའི་རྒྱུ་རྐྱེན་གཉིས་ཡོད་པ་རེད་སྙམ། དང་པོ། བོད་ནང་ནས་ཚོགས་འདུར་བཅར་འདོད་ཡོད་མཁན་མང་པོ་ཞིག་ལ་ཐོ་འགོད་བྱས་ཏེ་ལམ་གྲོན་ཡང་གྲ་སྒྲིག་བྱས་ཡོད་ཀྱང་། མཐའ་མར་རྒྱ་ནག་གཞུང་གིས་བཀག་འགོག་བྱས་ཡོད་ཚོད་འདུག གཉིས་པ། རྒྱ་གར་མ་ཡིན་པའི་ནུབ་ཕྱོགས་ཁག་ཏུ་བོད་རིགས་མཁས་པ་གང་འཚམ་ཡོད་ཀྱང་། སོག་ཡུལ་ལ་ཕེབས་རྒྱུར་འགྲོ་གྲོན་ཆེན་པོ་རེད། ཁོ་ཚོར་སོ་སོའི་སློབ་གྲྭ་དང་འབྲེལ་ཡོད་སྡེ་ཚན་གྱིས་འགྲོ་སོང་ཉུང་ངུ་རེ་གཏོང་གི་ཡོད་ཀྱང་ཆ་ཚང་བ་ཞིག་རག་གི་མེད་སྟབས། མང་པོ་ཞིག་ལ་ལམ་གྲོན་སོགས་ཀྱི་དཀའ་ངལ་འཕྲད་དེ་ཞུགས་ཐུབ་ཡོད་པ་མ་རེད། ཕྱོགས་གཞན་པ་ཞིག་ནས་བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་ནང་རྩ་ཆེ་ཤོས་ཤིག་ནང་པའི་ཆོས་དང་། ནང་ཆོས་དང་འབྲེལ་བའི་མི་སྣའི་ལོ་རྒྱུས། གདན་རབས་དང་མཁན་རབས། བླ་རབས་སོགས་རེད། འདི་དག་གི་ཐད་འཛམ་གླིང་ནང་སློབ་སྦྱོང་དང་ཉམས་མྱོང་གཏིང་ཟབ་ཤོས་ཡོད་མཁན་བོད་པའི་དགོན་སྡེ་ཁག་རེད།འོན་ཀྱང་ད་སྔ་བོན་པོའི་ཕྱོགས་ནས་གང་འཚམ་མཉམ་ཞུགས་ཡོང་གི་ཡོད་པ་ལས་གོམས་གཤིས་ལྟ་བུ་ཞིག་གི་དབང་གིས་དགོན་སྡེ་ཁག་ནས་ཚོགས་འདུ་འདིར་འཛུལ་ཞུགས་བྱེད་མཁན་ཧ་ཅང་དཀོན་པོ་རེད། མ་འོངས་པར་རིས་མེད་ཆོས་སྡེ་ཁག་ནས་བརྗོད་གཞི་ཆེ་ཆུང་ལ་མ་བལྟས་པའི་ཐོག་ནས་ཚོགས་འདུ་འདིར་འཛུལ་ཞུགས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

དྲི་བ། ཚོགས་འདུ་འདིར་བོད་རིག་པའི་མཁས་པ་རྒན་རབས་པ་ཞུགས་མཁན་ཉུང་བ་དང་། ལྷག་པར་དུ་ཚོགས་འདུའི་སྟེང་གི་ཆེད་རྩོམ་ཁག་ནང་ཆབ་སྲིད་སྐོར་ཉུང་ཉུང་ཡིན་པ་དེ། མཁས་པ་ཚོས་མ་འོངས་པར་བོད་ནང་འགྲོ་རྒྱུར་བསམ་བློ་བཏང་སྟེ་རྐང་པ་ཉིས་འཛུགས་ལྟ་བུ་བྱས་ཡོད་པས་ཡིན་ཚུལ་རྗོད་ཀྱི་ཡོད་པའི་ཐད་དགོངས་ཚུལ་གང་འདྲ་ཡོད།

ལན། བསམ་ཚུལ་དེ་འདྲ་འཁྱེར་མཁན་མི་རེ་ཟུང་ཡོད་སྲིད་པ་རེད། ཡིན་ནའང་རྩ་བའི་དེ་ནི་དུས་ཚོད་ཀྱི་འགྱུར་བ་ཞིག་རེད་དྲན་ཡོད། སྔོན་མ་ཡིན་ན་བཙན་བྱོལ་ནས་མཁས་དབང་ནམ་མཁའི་ནོར་བུ་དང་མཁར་རྨེའུ་བསམ་གཏན་རྒྱ་མཚོ་སོགས་མཁས་པ་རྒན་པ་ཕེབས་མཁན་གང་འཚམ་བྱུང་ཡོད། བོད་ནས་དུང་དཀར་རིན་པོ་ཆེ་དང་ཆབ་སྤེལ་སོགས་ཕེབས་པ་རེད། རིམ་གྱིས་མི་རབས་འགྱུར་འགྲོ་བཞིན་ཡོད་སྟབས། བོད་ནས་མཁས་དབང་ཐུབ་བསྟན་ཕུན་ཚོགས་དང་རྒྱལ་མོའི་འབྲུག་པ་སོགས་ཕེབས་པ་དང་། བཙན་བྱོལ་ནས་མཁས་དབང་བཀྲ་ཤིས་ཚེ་རིང་དང་བྱམས་པ་བསམ་གཏན། ཚེ་རིང་ཤཱཀྱ་སོགས་ཕེབས་པ་རེད། ཆབ་སྲིད་གླེང་མ་གླེང་ཟེར་བ་དེ། གལ་ཆེ་ཤོས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་ཟེར་བ་འདི་བོད་སྤྱི་ཚོགས་ཀྱི་དཔལ་ཡོན་ཐོག་ཞིབ་འཇུག་བྱས་ཏེ། དེའི་ཞིབ་འཇུག་གི་གྲུབ་འབྲས་མཁས་པ་ཚོས་གླེང་སློང་བྱེད་སའི་སྡིངས་ཆ་གལ་ཆེན་ཞིག་རེད། གལ་ཏེ་སྲིད་དོན་གྱི་དགོས་མཁོའི་དབང་དུ་སོང་པའམ་སྲིད་དོན་གླེང་ས་ཞིག་ཆགས་ན། ག་ལེར་གཟི་བརྗིད་ཉམས་འགྲོ་བ་རེད། བོད་ནས་ཚོགས་ཞུགས་བྱེད་མཁན་ཚོར་དཀའ་ངལ་ཆེ་རུ་འགྲོ་བ་རེད། འོན་ཀྱང་། ཕར་ཕྱོགས་ནས་ལོ་རྒྱུས་དང་གནས་སྟངས་སོགས་ལ་འཁྱོག་བཤད་བྱས་པ་ཡིན་ན། དེ་ལ་རྒྱུ་མཚན་དང་དཔང་རྟགས་ལྡན་པའི་ཐོག་ནས་ལན་འདེབས་གསལ་བཤད་བྱེད་རྒྱུ་བཙན་བྱོལ་ནང་གི་མཁས་པ་ཚོའི་ལས་འགན་རེད་དྲན་གྱི་ཡོད།

དྲི་བ། ཚོགས་འདུ་དབུ་འཛུགས་ཐོག་གོ་སྒྲིག་ཚོགས་པས་ངོ་སྤྲོད་གནང་བ་ལྟར་ན། ཐེངས་འདིར་བོད་ནང་ནས་མང་པོ་ཞིག་ལ་རྒྱ་གཞུང་གིས་ཐོངས་མཆན་སྤྲད་མེད་སྐོར་བརྗོད་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།

ལན། ངས་ག་ཚོད་བཀག་འགོག་བྱས་ཡོད་པའི་གྲངས་ཚད་གསལ་བོ་ཤེས་མ་སོང་། ཚོགས་འདུའི་མཛད་རིམ་ནང་ཆུ་ཚོད་ཅིག་གི་ཐོག་ཚོགས་ཆུང་དེར་བོད་ནས་ཕེབས་མཁན་ཞིག་གི་གཏམ་བཤད་ཡོད་པ་ཅེས་བཀོད་ཡོད་པ་གཞི་བཟུང་ཉན་དུ་འགྲོ་སྐབས། མི་དེ་བསླེབས་ཐུབ་ཡོད་མ་རེད་ཟེར་བ་དེ་འདྲ་མང་པོ་བྱུང་སོང་། དེ་ཡིན་དུས་བཀག་འགོག་བྱས་པའི་གྲངས་འབོར་མང་པོ་རེད་འདུག ཁོང་ཚོ་ཡོང་རྒྱུར་འགོག་རྐྱེན་བཟོས་པ་དེ། ཁོང་ཚོའི་སྨྲ་བརྗོད་རང་དབང་དང་འགྲོ་སྐྱོད་རང་དབང་ལ་རྡོག་རོལ་བཏང་བ་རེ།ད རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚུད་པའི་ཁྲིམས་ལུགས་མང་པོ་ཞིག་ལ་འགལ་ཡོད་པ་དངོས་ཡོད་རེད། རྡོག་རྡོག་བཤད་ན་ཚོགས་བཅར་ལ་འགྲོ་མཁན་བོད་ནང་གི་མཁས་པ་དེ་ཚོར་རྒྱ་ནག་གཞུང་གིས་ཡིད་ཆེས་མེད་པའི་རྣམ་པ་ཞིག་ཐོན་པ་རེད། རྒྱ་ཆེ་ས་ནས་བཤད་ན་དེ་བོད་མི་རིགས་ལ་འཛིན་པའི་རྣམ་འགྱུར་ཞིག་ཆགས་ཡོད།

དྲི་བ། ད་རེབ་ཀྱི་ཚོགས་འདུའི་སྟེང་ཆེད་རྩོམ་གྱི་བརྗོད་གཞི་ཆབ་སྲིད་དང་འབྲེལ་བ་ཡོད་པ། ལྷག་པར་དུ་བོད་དོན་འཐབ་རྩོན་དང་འབྲེལ་བ་ཡོད་པ་དེ་འདྲ་ཅི་ཙམ་འདུག་གམ། 

ལན། ཐེངས་འདིར་བོད་ནང་གི་རང་ལུས་མེར་བསྲེགས་དང་བོད་ཀྱི་ཁོར་ཡུག དེང་སྐབས་ཀྱི་བོད་ནང་གི་ཉིན་རེའི་འགྱུར་ལྡོག་དང་དཀའ་ངལ་ག་རེ་འཕྲད་ཀྱི་ཡོད་པ། བོད་ཆེན་པོ་ཟེར་པ། ཆབ་མདོའི་བཙན་འཛུལ། མི་མང་སྤྱི་ཁང་སོགས་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་མང་པོ་གླེང་སློང་བྱུང་ཡོད་པ་རེད། དེ་དག་ཆབ་སྲིད་དང་འབྲེལ་བ་ཡོད་རེད་དེ། གླེང་མཁན་གྱིས་ཕྱོགས་ཁག་བྱེ་བྲག་པ་ཞིག་གི་ལྟ་ཚུལ་མ་དེ་འདྲ་མ་རེད། ཞིབ་འཇུག་གི་འབྲས་བུ་གླེང་པ་ཞིག་རེད།

དྲི་བ། ད་རེབ་ཚོགས་བཅར་བ་གསར་པ་དང་གཞོན་སྐྱེས་མང་པོ་ཞིག་མཉམ་ཞུགས་གནང་ཡོད་སྟབས་ཞིབ་འཇུག་གི་སྤུས་ཚད་ཐད་ལ་མཐོང་ཚུལ་གང་འདྲ་བྱུང་སོང་ངམ།

ལན། འདི་ལ་ལ་སྐད་ཆ་ཁ་རུ་ཁ་ཐུག་བཤད་རྒྱུ་དཀའ་ལས་ཁག་པོ་འདུག ང་ཚོའི་སྤྱི་ཚོགས་འདིར་སེམས་པ་གུ་དོག་དང་། ཕོག་ཐུག་འགྲོ་ཆོག་ཆོག་ཡོད་པ་རེད། ཡིན་ནའང་ངས་རྒྱུ་མཚན་གཉིས་བཤད་འདོད་བྱུང་སོང་། དང་པོ། སྔོན་ཆད་བཙན་བྱོལ་ནས་ཕེབས་མཁན་ཚོར་བོད་ནང་གི་མཁས་པ་ཚོས་གོང་རྒྱག་སྟངས་ཟེར་ན་འདྲ། མཐོང་ཚུལ་ཡག་པོ་བྱུང་ཡོད་པ་རེད་སྙམ། ཁོང་ཚོས་བཙན་བྱོལ་ནང་གི་མཁས་པ་ཚོའི་གཏམ་བཤད་ལ་ཉན་འདོད་ཆེན་པོ་གནང་གི་ཡོད་པ་རེད། དེ་ཡིན་དུས་ང་ཚོ་བཙན་བྱོལ་ནས་ཤེས་ཚད་མེད་མཁན་མང་པོ་ཞིག་སོང་། ཚོགས་ཐོག་ནས་སྐད་ཆ་བཤད་པ་དེ་ཚོ་ཚད་ལྡན་མ་བྱུང་ན། བོད་ནང་གི་མཁས་པ་ཚོས་ཕྱི་ལོགས་ལ་གདེང་འཇོག་བྱེད་སྟངས་ལ་ཏན་འགྱུར་བ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་རེད། གཉིས་པ། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་སྔོན་མ་དག་ལ་ཕྱིར་མིག་བལྟས་པ་ཡིན་ན། བརྗོད་གཞི་དང་རིག་ཚན་ཧ་ཅང་མང་པོའི་སྟེང་ཞིབ་འཇུག་ཆེད་རྩོམ་སྤེལ་ཚར་འདུག ཚོགས་འདུའི་སྟེང་གསར་དུ་ཞུགས་མཁན་ཞིག་ཡིན་ན། མ་མཐར་སྔོན་མ་ག་རེ་གླེང་ཚར་འདུག དེ་དག་ལ་ཡག་པོ་གཟིགས་རྒྱུ་གལ་ཆེན་པོ་རེད། ཞིབ་ཅིང་ཕྲ་བ་གླེང་ཚར་བ་ཞིག་བསྐྱར་དུ་གསར་པ་ཡིན་མདོག་མདོག་གིས་འཁྱེར་ཡོང་ན་ཏོག་ཙམ་འགྲིག་གི་ཡོད་པ་མ་རེད། རྗོད་བྱེད་དང་རྗོད་སྟངས། རིགས་ལམ་གང་ཐད་ནས་གསར་པ་སྣ་གཅིག་མེད་པར་མང་པོ་ཞིག་བཤད་བསྡད་ན་ཞབས་འདྲེན་རེད། ནུབ་ཕྱོགས་པའི་མཁས་པ་ཚོར་མཚོན་ན། བརྗོད་གཞི་གཅིག་པ་ཡིན་ཡང་། དེའི་ནང་གཞན་པས་གླེང་མ་ཐུབ་པའི་གནད་འགག་གསར་པ་མང་པོ་ཡོད་ཡོད་པ་དེ་འདྲ་རེད། བྱུང་ན་བརྒྱ་ཆ་ ༧༠ ཙམ་གསར་པ་ཡིན་པ་དང་། མ་མཐར་བརྒྱ་ཆ་ ༣༠ ཙམ་གསར་པ་ཡིན་པ་དེ་འདྲ་རེད། དོན་དག་གཞན་ཞིག་ནི། ཤེས་ཡོན་པ་དང་ཉམས་ཞིབ་ནང་གཏིང་ཟབ་པོར་འཛུལ་སྡོད་མཁན་མང་ཆེ་བ་གྲུང་པོ་མ་རེད། རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཡིན་ན། ཟླ་བ་མང་པོའི་གོང་ནས་ཆེད་རྩོམ་གྲ་སྒྲིག་བྱེད་དགོས་པ་དང་སྙན་ཞུ་འབུལ་དགོས་པ། འགྲོ་གྲོན་གྱི་དངུལ་གྲ་སྒྲིག་བྱེད་དགོས་པ་སོགས་ཡོད་དུས། ཁོང་ཚོས་དེ་རིགས་ཐད་ཐུགས་སྣང་མ་གནང་བར་ལྷག་འགྲོ་བ་ཡོང་གི་འདུག མགོ་བདེ་བོ་ཚོས་དུས་རྒྱུན་གོ་སྐབས་ཤིག་ལ་སྒུག་བསྡད་ཡོད་པ་རེད། དེར་བརྟེན། ཚོགས་འདུ་འདི་ལ་ཞུགས་པར་ཚོགས་སྡེ་དང་སློབ་གྲྭ་གང་རུང་གི་རྒྱབ་གཉེར་དགོས་ཀྱི་ཡོད་སྟབས། དེ་ཚོས་མི་དེའི་ཤེས་ཚད་དང་རྒྱབ་ལྗོངས་གནས་ཚུལ་ལ་ཡག་པོ་གཟིགས་རྒྱུ་གལ་ཆེན་པོ་རེད། དེ་བཞིན་ལམ་གྲོན་སོགས་ཀྱི་རོགས་རམ་གནང་མཁན་ཚོས་ཀྱང་དེ་བཞིན་ཞིབ་འཇུག་ཡག་པོ་བྱས་ཏེ་ཐག་གཅོད་གནང་ན་ཡག་པོ་འདུག་དྲན་ཡོད།

དྲི་བ། ད་སྔ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་མང་པོ་ཞིག་ཚོགས་ཟིན་ཡང་། ཚོགས་འདུ་དེ་དག་སྟེང་མཁས་པ་ཚོས་སྒྲོག་སྦྱངས་གནང་བའི་ཆེད་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ་དེ་འདྲ་མཐོང་རྒྱུ་མེད་པ་དེར་དགོངས་ཚུལ་གང་འདྲ་ཡོད།

ལན། དེ་སྔའི་ཚོགས་འདུ་ཁག་གི་སྟེང་སྙན་སྒྲོན་ཞུས་ཟིན་པའི་རྩོམ་ཡིག་ཁག་ཕྱོགས་སྒྲིག་གི་དེབ་དེ་འདྲ་མེད་ཀྱང་། བོད་ཕྱི་ནང་གི་དེབ་སོགས་སུ་མ་བཀོད་པ་ཞིག་ཡོད་པ་མ་རེད། ཕྱི་རྒྱལ་མི་རིགས་ཚོའི་རྩོམ་ཡིག་ཡིན་ནའང་ཁོ་ཚོའི་སློབ་གྲྭའི་དུས་དེབ་དང་དྲ་རྒྱ། ཞིབ་འཇུག་རྩོམ་དེབ་དེ་འདྲར་ཐོན་ཡོད་པ་རེད། ཐེངས་འདིར་མཚོན་ན་མི་ ༤༠༠ ལྷག་གིས་བརྗོད་གཞིའི་རྣམ་གྲངས་མང་པོའི་ཐོག་ཞིབ་འཇུག་རྩོམ་ཡིག་སྤེལ་ཡོད་པ་རེད། རྩོམ་ཡིག་གི་གྲངས་ཚད་མང་པོ་ཡིན་དུས་དཔར་སྐྲུན་འགྲོ་སོང་ཐད་ནས་ཀྱང་དཀའ་ངལ་ཡོད་པ་རེད། ཞིབ་འཇུག་གི་རྩོམ་ཡིག་མང་ཆེ་བ་མཁས་པ་ཚོས་ལྟ་ཀློག་བྱ་རྒྱུ་ལས་མང་ཚོགས་ནང་རྒྱ་ཁྱབ་ཏུ་བཀྲམ་ན་དགོས་པ་ཡོད་མེད་བཤད་ཁག་པོ་རེད། མ་འོངས་པར་སྒྲིག་འཛུགས་ཤིག་གི་ངོས་ནས་རིམ་པ་བཞིན་འདོན་སྤེལ་བྱེད་ཐུབ་ན་ཡག་པོ་ཡོང་གི་རེད་སྙམ།

དྲི་བ། བོད་དང་བཙན་བྱོལ་ནས་ཕེབས་མཁན་མཁས་པ་ཚོ་སྤྱི་ཚོགས་ཀྱི་ཁོར་ཡུག་མ་འདྲ་བ་གཉིས་ནས་ཡོང་ཡོད་སྟབས། སྤྱི་ཡོངས་ནས་རྩོམ་ཡིག་གི་བརྗོད་བྱའི་ཁྱབ་ཚད་དང་ཞིབ་འཇུག་གི་ཐབས་ལམ། རིག་གནས་ཀྱི་ལྟ་ཚུལ་སོགས་ཀྱི་ཐད་ནས་ཁྱད་པར་མཐོང་གི་འདུག་གམ།

ལན། འདིའི་སྐོར་ལ་ངས་གསལ་བོ་ཞིག་ཞུ་ཐུབ་ཀྱི་མི་འདུག གཅིག་ནས་ད་ལྟའི་བར་བོད་ཕྱི་ནང་གཉིས་ཀྱི་མཁས་པ་འཛོམ་སའི་ཚོགས་འདུ་གསུམ་ཙམ་ལས་འགྲོ་མྱོང་མེད། རྩ་བའི་ང་ཚོ་བཙན་བྱོལ་ནང་ཡོད་པ་ཚོ་ནང་བཞིན་བོད་ནང་ལ་རང་དབང་དང་གུ་ཡངས་པོའི་ཐོག་ནས་བགྲོ་གླེང་བྱེད་པའི་གོ་སྐབས་དེ་ཉུང་བ་ཡོད་དུས། བསམ་ཚུལ་འདོན་སྟངས་དང་མི་གཞན་པས་བསམ་ཚུལ་བཏོན་པར་ཡ་ལན་སྤྲོད་སྟངས་སོགས་ཀྱི་ཐད་ནས་ཅུང་ཁྱད་པར་ཡོད་པ་འདྲ། ཕྱོགས་གཞན་པ་ཞིག་ནས་བོད་ནས་ཕེབས་མཁན་གྱི་མི་རབས་གསར་པ་མང་ཆེ་བས་རྒྱ་བོད་སྐད་ཡིག་གཉིས་ཤེས་ཀྱི་འདུག་ལ། མང་པོ་ཞིག་གིས་དབྱིན་ཡིག་ཤེས་ཀྱི་འདུག ང་ཚོས་བསམ་པ་ནང་བཞིན་ཁོང་ཚོ་ཕར་ཕྱོགས་ན་དམ་དྲག་ཞེ་བོ་ཞིག་གི་འོག་གནས་ཡོད་པ་དང་། ཕྱིའི་རང་དབང་ལུང་པའི་གནས་ཚུལ་མང་པོ་གོ་ཐུབ་ཀྱི་ཡོད་པ་མ་རེད་བསམ་གྱི་ཡོད་པ་དེ་འདྲ་རེད་མི་འདུག ལྟ་རྒྱ་མཐོང་རྒྱ་ཆེན་པོ་འདུག ང་ཚོ་བཙན་བྱོལ་གྱི་ཚོགས་བཅར་བའི་ནང་བོད་སྐད་མ་གཏོགས་སྐད་གཞན་མང་པོ་མ་ཤེས་མཁན་མང་བོ་འདུག ཡང་བོད་ནས་ཕེབས་མཁན་མང་པོ་ཞིག་གིས་སོ་སོའི་ཉིན་རེའི་འཚོ་བ་དང་སོ་སོའི་ལས་གནས་རང་གི་ཐོག་ནས་ཞིབ་འཇུག་རྩོམ་ཡིག་བྲིས་ཡོང་གི་འདུག ང་ཚོ་བཙན་བྱོལ་ནས་ཕེབས་མཁན་ཕལ་ཆེ་བ་ཞིག་གིས་སོ་སོའི་ལས་གནས་ལ་འབྲེལ་བ་མེད་པའི་བརྗོད་གཞི་དེ་འདྲའི་སྟེང་ཞིབ་འཇུག་རྩོམ་ཡིག་བྲིས་ཡོང་གི་འདུག སྤྱིར་བཏང་བོད་པ་ཚོས་བརྗོད་གཞིའི་རིན་ཐང་ཤུགས་ཆེན་པོ་བྱེད་ཀྱི་འདུག ནུབ་ཕྱོགས་པའི་ཞིབ་འཇུག་པ་ཚོ་དང་མི་འདྲ་བར་གནད་དོན་བྱེ་བྲག་པ་ཆུང་ཆུང་། དཔེར་ན། ཁང་པའི་ནང་བོད་པས་རྩི་གཏོང་སྟངས་ལྟ་བུར་ཞིབ་འཇུག་བྱེད་ན་དཀའ་ལས་རྒྱག་རིན་མེད་པ་དང་རྒྱུ་མཚན་མེད་པ་འདྲ་བོ་ཞིག་ལ་ལྟ་ཡི་འདུག 

གསར་འགོད་པ། བནྡེ་སྐྱབས།

༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད། ༽

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༩ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 4

  1. རྣམ་རྒྱལ། says:
    ལོ་ 12 སྔོན།

    ལོ་ཙཱ་བ་ཆེན་མོ་ཆུང་ཚེ་རིང་མཆོག་གིས་ད་རེས་གནད་ལ་འཁེལ་བ་ཞིག་གསུངས་གནང་འདུག རྒན་ལགས་ཀྱིས་ནམ་རྒྱུན་གཏམ་བཤད་དང་བཅར་འདྲིའི་ལན་སོགས་ལ་ཐབས་མཁས་པོ་དང་གཏམ་སྙན་པོ་རང་གསུང་བསྡད་དེ་ཞལ་གསལ་བོས་ཐོག་ནས་བཀའ་མོལ་དེ་ཙམ་གནང་ཐུབ་ཀྱི་ཡོད་པ་མ་རེད། ཡིན་ནའང་ད་རེས་ཧ་ཅང་ཡག་པོ་དང་ཤེས་ཡོན་པ་མིང་དོན་མཚུངས་པ་ཞིག་གི་འགན་འཁུར་ནས་གསུང་འདུག བཙན་བྱོལ་ནང་གི་ཤེས་ཡོན་པ་ཚོས་ནམ་རྒྱུན་སྤྱོད་ཚུལ་འདི་ལྟར་མཛད་པ་ཡིན་ན་ངས་མདུན་ལམ་ཡག་པོ་ཞིག་ཏན་ཏན་མཐོང་གི་འདུག ད་རེས་ཀྱི་དྲིས་ལན་ཁག་ནི་དངོས་གནས་དྲང་གནས་དོན་དག་གནད་དུ་འཁེལ་བ། སྐྱོན་འཚང་རྗེན་པར་འཐེར་འདོན་གནང་འདུག
    གསར་འགོད་པའི་དྲི་བ་གཅིག་གི་ལན་ད་དུང་ཏོག་ཙམ་གཡོལ་བའི་ཚུལ་གྱིས་གསུངས་ཡོད་པ་ཞིག་ནི། གསར་འགོད་པས་ “ ཞིབ་འཇུག་ཚོགས་ཆེན་ཐོག་བཙན་བྱོལ་ནས་ཞུགས་མཁན་མང་པོ་ཞིག་གིས་མ་འོངས་པར་བོད་ནང་འགྲོ་རྒྱུར་བསམ་བློ་བཏང་སྟེ་རྐང་པ་ཉིས་འཛུགས་ཐོག བོད་རྒྱའི་ཆབ་སྲིད་གནད་དོན་དང་འབྲེལ་བའི་ཐོག་ལ་ཆེད་རྩོམ་སྒྲོག་སྦྱོང་གནང་ཐུབ་ཀྱི་མི་འདུག ” ཅེས་དྲི་བ་བཏོན་གནང་བའི་ལན་དུ། ༼བསམ་ཚུལ་དེ་འདྲ་འཁྱེར་མཁན་མི་རེ་ཟུང་ཡོད་སྲིད་པ་རེད། ཡིན་ནའང་རྩ་བའི་དེ་ནི་དུས་ཚོད་ཀྱི་འགྱུར་བ་ཞིག་རེད་དྲན་ཡོད། ༽ཅེས་ལན་བསྐྱོན་གནང་འདུག་པ་དེ་ཏག་ཏག་ཅིག་བསྡད་ཡོད་པ་མ་རེད་དྲན་ཡོད། བཙན་བྱོལ་ནང་གི་མཁས་པ་ཚོའི་ཁྲོད་དུ་དགོངས་ཚུལ་དེ་འདྲ་འཁྱེར་ནས་སྤྱོད་ཚུལ་དེ་འདྲ་མངོན་གསལ་གྱིས་མཛད་མཁན་མང་པོ་ཞིག་ཡོང་གི་ཡོད་པ་ཚང་མས་མཁྱེན་གསལ་རེད། བཙན་བྱོལ་རྒྱ་གར་ཙམ་མ་རེད། ཨ་རི་དང་ཡུ་རོབ་སོགས་སུའང་དེ་འདྲ་མང་པོ་ཡོད་པ་རེད། ང་རང་གིས་བསམ་ན་གསར་འགོད་པའི་དྲི་བ་དེ་ཧ་ཅང་གནད་ལ་འཁེལ་བ་ཞིག་རེད། བཙན་བྱོལ་སྤྱི་ཚོགས་ནང་ནམ་རྒྱུན་བོད་རིག་པའི་ཚོགས་ཆེན་ཐོག་ཞུགས་མཁན་དག་ལ་བསམ་བློ་ཐོངས་དང་། དེའི་ཁྲོད་ཀྱི་ཁ་ཤས་ཤིག་བོད་ནང་དང་རྒྱ་ནག་ནང་ཐེངས་མང་པོར་སྐོར་སྐྱོད་བྱས་ཚར་པ་རེད། ཁོང་ཚོས་གདུལ་བྱ་བོད་ནང་རྒྱ་སྐྱེད་གཏོང་ཐབས་ལ་འབད་བརྩོན་བྱས་ཏེ་གནས་ཡུལ་སོ་སོའི་རྒྱ་ནག་གཞུང་ཚབ་ཁང་དང་འབྲེལ་བ་ཞེ་དྲག་ཉེ་བོ་རེད། བོད་ནང་དུའང་བདེ་འཇགས་དང་རླུང་རྟ་ཆེན་པོ་རྒྱུག་གི་ཡོད་པ་རེད། ཡིན་ནའང་བཙན་བྱོལ་སྤྱི་ཚོགས་ནང་མཁས་པའི་ཆོ་ལོ་རེག་ནས་ལོ་ཉི་ཤུ་གསུམ་ཅུ་འགྲོ་བཞིན་ཡོད་ཀྱང་། ཁོང་ཅག་གི་ཤུལ་རྗེས་ནང་ཕྱིར་མིག་ཅིག་བལྟས་པ་ཡིན་ན་བོད་རྒྱའི་འཐབ་རྩོད་ལ་སྨན་པའི་ཁ་ཡོད་ལག་ཡོད། ཕར་ཕྱོགས་རྒྱ་དམར་ལ་འཚང་འབྱིན་གནད་དུ་འཁེལ་བའི་རྩོམ་ཡིག་དང་གཏམ་བཤད་རིགས་ཧ་ལམ་གཅིག་ཀྱང་མཐོང་རྒྱུ་ཡོད་པ་མ་རེད། འདི་ལ་ཚང་མས་ཞིབ་འཇུག་ཅིག་གནང་བ་ཡིན་ན། མི་དེ་དག་གང་ན་སུ་ཡོད་གསལ་བོར་རྙེད་ཡོང་གི་རེད།

    Reply
  2. Dawai Shonu says:
    ལོ་ 12 སྔོན།

    དེང་སང་ང་རང་ཚོའི་སྤྱི་ཚོགས་ནང་ང་མཁས་པ་ཡིན་ཞེས་ཧམ་བཤད་བྱེད་མཁན་ཡིན་ན་དེ་ལ་ཡིད་ཆེས་ཐག་ཆོད་ནས་གཏམ་བཤད་དང་ཚོགས་འདུ་ག་པར་ཡིན་ནའང་སྐད་གཏོང་གི་རེད། མི་དེས་ལས་ཀ་ག་རེ་བྱས་འདུག དེབ་དང་རྩོམ་ཡིག་ག་རེ་བརྩམས་འདུག མི་དེ་མཁས་པ་ཡིན་པའི་ཡིན་རབས་ག་རེ་འདུག་རྒྱུན་ནས་བལྟ་གི་མིན་འདུག དགེ་བཤེས་ཀྱི་མིང་ཙམ་ཞིག་ཡོད་ན་མི་དེ་མཁས་པ་ཞེ་པོ་ཡིན་པ་ནང་བཞིན་རྩིས་ཀྱི་འདུག ཁོའི་རྒྱབ་ལྗོངས་རྩ་བ་ནས་བལྟ་གི་མིན་འདུག དེ་འདྲ་བྱས་ན་སྤྱི་ཚོགས་ནང་མཁས་པ་སྐྱེས་སྲིང་བྱེད་ཁག་པོ་རེད། ཤེས་ཡོན་གྱི་སྤུས་ཀ་ཡར་རྒྱས་འགྲོ་མི་ཐུབ།

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 12 སྔོན།

    བཅར་འདྲི་བྱས་པའི་དྲི་བ་ཁག་ཡག་པོ་འདུག ལན་བཏབ་པ་ནི་དེ་བས་ཀྱང་གནད་སྨིན་སྙིང་བསྡུས་རེད།

    “མགོ་བདེ་བོ་ཚོས་དུས་རྒྱུན་གོ་སྐབས་ཤིག་ལ་སྒུག་བསྡད་ཡོད་པ་རེད། དེར་བརྟེན། ཚོགས་འདུ་འདི་ལ་ཞུགས་པར་ཚོགས་སྡེ་དང་སློབ་གྲྭ་གང་རུང་གི་རྒྱབ་གཉེར་དགོས་ཀྱི་ཡོད་སྟབས། དེ་ཚོས་མི་དེའི་ཤེས་ཚད་དང་རྒྱབ་ལྗོངས་གནས་ཚུལ་ལ་ཡག་པོ་གཟིགས་རྒྱུ་གལ་ཆེན་པོ་རེད། དེ་བཞིན་ལམ་གྲོན་སོགས་ཀྱི་རོགས་རམ་གནང་མཁན་ཚོས་ཀྱང་དེ་བཞིན་ཞིབ་འཇུག་ཡག་པོ་བྱས་ཏེ་ཐག་གཅོད་གནང་ན་ཡག་པོ་འདུག་དྲན་ཡོད། ”
    འདི་ངོ་མ་གལ་ཆེན་ནང་གི་དོན་ཆེན་ཞིག་རེད། སྔར་ལོ་ཁེ་ན་སྒྲར་ཚོགས་སྐབས་ཀྱང་དེ་འདྲ་བྱུང་ཡོད་པ་རེད།

    “ཞིབ་འཇུག་རྩོམ་དེབ་དེ་འདྲར་ཐོན་ཡོད་པ་རེད། ཐེངས་འདིར་མཚོན་ན་མི་ ༤༠༠ ལྷག་གིས་བརྗོད་གཞིའི་རྣམ་གྲངས་མང་པོའི་ཐོག་ཞིབ་འཇུག་རྩོམ་ཡིག་སྤེལ་ཡོད་པ་རེད། རྩོམ་ཡིག་གི་གྲངས་ཚད་མང་པོ་ཡིན་དུས་དཔར་སྐྲུན་འགྲོ་སོང་ཐད་ནས་ཀྱང་དཀའ་ངལ་ཡོད་པ་རེད། ཞིབ་འཇུག་གི་རྩོམ་ཡིག་མང་ཆེ་བ་མཁས་པ་ཚོས་ལྟ་ཀློག་བྱ་རྒྱུ་ལས་མང་ཚོགས་ནང་རྒྱ་ཁྱབ་ཏུ་བཀྲམ་ན་དགོས་པ་ཡོད་མེད་བཤད་ཁག་པོ་རེད། མ་འོངས་པར་སྒྲིག་འཛུགས་ཤིག་གི་ངོས་ནས་རིམ་པ་བཞིན་འདོན་སྤེལ་བྱེད་ཐུབ་ན་ཡག་པོ་ཡོང་གི་རེད་སྙམ། ”
    འདིའི་ཐད་ལ་ཚོགས་གཙོས་གསུང་བཤད་སྐབས་སུ་རྩོམ་ཡིག་ལ་དབྱེ་གསེས་བྱས་ཏེ་དཔེ་དེབ་སྐྲུན་རྒྱུ་དང་གཞན་དག་རྐྱང་སྔར་ཡོད་བོད་རིག་པའི་ཞིབ་འཇུག་དྲ་རྒྱ་དང་དེ་ལས་གཞན་པའི་དྲ་རྒྱ་ཞིག་གསར་བཟོས་ཀྱི་དྲ་ལམ་ཁག་ནས་ཀློག་མང་པོས་ལྟ་ཏུབ་པ་ཞིག་བྱ་འཆར་ཡོད་སྐོར་གསུངས་སོང་།
    “ཡང་བོད་ནས་ཕེབས་མཁན་མང་པོ་ཞིག་གིས་སོ་སོའི་ཉིན་རེའི་འཚོ་བ་དང་སོ་སོའི་ལས་གནས་རང་གི་ཐོག་ནས་ཞིབ་འཇུག་རྩོམ་ཡིག་བྲིས་ཡོང་གི་འདུག ང་ཚོ་བཙན་བྱོལ་ནས་ཕེབས་མཁན་ཕལ་ཆེ་བ་ཞིག་གིས་སོ་སོའི་ལས་གནས་ལ་འབྲེལ་བ་མེད་པའི་བརྗོད་གཞི་དེ་འདྲའི་སྟེང་ཞིབ་འཇུག་རྩོམ་ཡིག་བྲིས་ཡོང་གི་འདུག” འདི་ཡང་བདེན་པ་རེད།

    Reply
  4. འདབ་པ་ཚེ་དབང་མགོན་པོ། says:
    ལོ་ 12 སྔོན།

    སྔར་གླེང་མ་ཚར་བའི་གནད་དོན་ཞིག་གླེང་དགོས་བྱུང་ན། གཞི་ནས་འགྲོ་བ་མི་གསར་པ་ཞིག་ཆགས་ན་མ་གཏོགས་ག་ནས་རག དེང་སང་བོད་པའི་སྤྱི་ཚོགས་ནང་སློབ་སྦྱོང་ཅང་ཟུད་ཡོད་མདོག་ལྟར་བྱེད་མཁན་འགའ་ཞིག་གིས། ཐུགས་གཡེང་ཤོར་བ་ཡིན་ན་འདྲ། ཐོལ་བྱུང་གི་སྐད་ཆ་ཡིན་མདོག་ལྟར་བྱེད་ན་འདྲ། གསར་གཏོད་བྱེད་མདོག་ཡིན་ན་འདྲ། གཞན་དང་མ་འདྲ་བའི་སྐད་ཆ་བཤད་མདོག་དང་། མཁས་མདོག་བྱེད་མཁན་རྣམས་ཀྱིས་སྐབས་རེ་ལྐུགས་རྟགས་ངོ་མ་སྟོན་གྱིན་ད། དེ་ལས་བློ་རྣལ་དུ་བབས་ཏེ་དོན་ཆུང་གི་སྐད་ལ་འགའ་ཞིག་ལས་མེད་ནའང་། དྲང་བདེན་གྱི་སྒོ་བཤད་ན་མི་མཛེས་སམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese