མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནས་ཚུལ་འདི་རིགས་སྦ་གསང་བྱེད་རྒྱུར་ངོས་ལེན་རྩ་བ་ནས་མེད།

བོད་ཀྱི་དུས་བབ།
༢༠༡༣/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་ཆགས་ཀྱི་གཞིས་གྲོང་ ༧ པའི་བུ་མོ་ལོ་ ༥ ཅན་ཞིག་ལ་སྐྱེས་པ་གཉིས་ཀྱིས་བཙན་གཡེམ་བྱས་པའི་གནས་ཚུལ་བྱུང་ཡོད་པ་དང་། དེའི་རྗེས་རྒྱ་གར་ཉེན་རྟོག་པས་ཕོ་སར་དེ་གཉིས་འཇུ་བཟུང་གིས་གནས་ཚུལ་ཐག་གཅོད་བྱེད་རྒྱུར་སྒུག་ཡོད་འདུག   

ཟླ་འདིའི་ཕྱི་ཚེས་ ༡༧ ཙམ་ལ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་ཆགས་ཀྱི་གཞིས་གྲོང་ ༧ པའི་སྐྱེས་པ་ལོ་ ༤༠ ཅན་ཉི་མ་ཟེར་བ་དང་ལོ་ ༣༧ ཡིན་པའི་ཆོས་འཕེལ་གཉིས་ཀྱིས། གཞིས་གྲོང་གཅིག་པའི་བུ་མོ་ལོ་ ༥ ཅན་ཞིག་ལ་རྔན་པ་སྤྲད་དེ་ཆོས་འཕེལ་ཟེར་བ་དེའི་ཁྱིམ་དུ་ཁྲིད་ནས་བཙན་གཡེམ་བྱེད་སྐབས། སྒེའུ་ཁུང་ནས་བྱིས་པ་གཉིས་ཀྱིས་མཐོང་སྟེ་གནས་ཚུལ་ཕྱི་རུ་ཁྱབ་པ་དང་། ཕྱིས་སུ་བུ་མོའི་ཕ་མ་གཉིས་ཀྱིས་ཤེས་རྟོགས་བྱུང་ཡོད་ཀྱང་། ས་གནས་གནད་ཡོད་མི་སྣས་གནས་ཚུལ་ཕྱིར་བསྒྲགས་བྱས་ན་ཧ་ཅང་ངོ་ཚ་བོ་ཡིན་ལུགས་བརྗོད་དེ་གནས་སྐབས་སུ་གསང་ཐབས་བྱས་ཡོད་འདུག ཡིན་ནའང་། ས་གནས་བུད་མེད་ལྷན་ཚོགས་དང་བུ་མོའི་ཕ་མ་གཉེན་འབྲེལ་བཅས་ཀྱིས་གནས་ཚུལ་དེ་རྒྱ་ཡན་དུ་གཏོང་མི་ཉན་པའི་རེ་བ་བརྒྱབ་པ་ལྟར། བུ་མོའི་པ་ལགས་ཀྱིས་རྒྱ་གར་ཉེན་རྟོག་པར་ཞུ་གཏུག་བྱས་ཏེ། ད་ལྟའི་ཆར་ཉེན་རྟོག་པས་སྐྱེས་པ་གཉིས་འཛིན་བཟུང་གིས་འདྲི་རྩད་བྱེད་བཞིན་ཡོད་པ་དང་། ཆོས་འཕེལ་ཟེར་བ་དེས་རྒྱུན་དུ་ཆང་རག་བཏུང་སྟེ་ཕ་མ་གཉིས་ལ་གཅར་རྡུང་བཏང་བ་སོགས་བྱས་སྟབས། རང་ཁྱིམ་ནས་ཕུད་དེ་མོན་གྷོ་གཞིས་གྲོང་ ༢ པ་རུ་བསྡད་ཡོད་པ་དང་། ཉི་མ་ལ་བཟའ་ཟླ་དང་ཕྲུ་གུ་ཡོད་ཀྱང་། སྔོན་ཆད་ནས་གཉེན་འཐོར་ཏེ་རྒྱུན་དུ་ཆང་རག་འཐུང་ནས་འཁྱམ་ཉུལ་བྱས་ཏེ་བསྡད་ཡོད་འདུག ད་ལྟའི་བར་ཁྱིམ་ཚང་ནང་ཁུལ་ནས་གནད་དོན་ཐག་གཅོད་བྱེད་པར་ཕན་ཚུན་གྲོས་བསྡུར་སོགས་གང་ཡང་བྱས་མེད་པ་རེད།

གསར་འགོད་པས་མོན་གྷོ་ས་གནས་གཞིས་མགོ་ལ་ཁ་པར་ཐེངས་མང་བཏང་ཡང་མཐུད་ཐུབ་མ་སོང་སྟབས། ཕྱི་ཚེས་ ༢༧ ཉིན་ཁ་པར་བརྒྱུད་ས་གནས་སུ་ཆེད་གཏོང་གནང་ཡོད་པའི་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་བསམ་གཏན་ཆོས་སྒྲོན་ལགས་སུ་བཅར་འདྲི་ཞུས་པར་ཁོང་མོས། “ གནས་ཚུལ་དེ་བྱུང་རྗེས་བུ་མོ་ཆུང་དྲགས་ཏེ་ཕ་མ་གཉིས་ལ་བཤད་ཐུབ་མེད་པ་དང་། ཕ་མ་གཉིས་ཀྱིས་བུ་མོའི་མཚན་མའི་ཁར་སྐྱོན་བཟོས་ཡོད་པ་མཐོང་ཡོད་ཀྱང་། གནས་ཚུལ་དེ་འདྲ་བྱུང་བ་ཤེས་ཡོད་པ་མ་རེད། སྟབས་ལེགས་པ་ཞིག་ལ་བུ་མོར་བཙན་གཡེམ་བཏང་སྐབས་སྒེའུ་ཁུང་ནས་བུ་མོ་དེའི་རྩེད་རོགས་བྱིས་པ་གཉིས་ཀྱིས་མཐོང་སྟེ། བུ་མོར་བཙན་གཡེམ་བྱས་སོང་ཟེར་ནས་བྱིས་པ་གཞན་ལ་བཤད་དེ་གནས་ཚུལ་ཕྱི་རུ་ཁྱབ་པ་དང་། ཕྱིས་སུ་བུ་མོའི་པ་ལགས་ཀྱིས་ཐོས་ཏེ་ཡར་མར་སྐད་ཆ་དྲིས་ཏེ་གནས་ཚུལ་གསལ་བོ་ཆགས་ཡོད་པ་རེད། ཡིན་ནའང་བཙན་གཡེམ་རང་གཏོང་ཐུབ་མེད་པ་འདྲ། ཚེས་ ༢༢ ཉིན་ང་ཚོས་བུ་མོའི་ཁྱིམ་དུ་འགྲོ་སྐབས་མོ་རང་རྩེད་མོ་རྩེས་ནས་བསྡད་འདུག སེམས་ལ་དངངས་སྐྲག་དང་གནོན་ཤུགས་གང་ཡང་ཐེབས་མེད་པ་འདྲ་བོ་འདུག སྨན་པས་གཟུགས་པོར་བརྟག་དཔྱད་བྱས་པར་སྐྱོན་གང་ཡང་མེད་ལུགས་བརྗོད་འདུག ཡིན་ནའང་། ཁོ་མོའི་ཨ་མ་ལགས་མང་པོ་ངུ་བཞིན་འདུག་ལ། སེམས་ཁྲལ་ཆེན་པོ་བྱེད་ཀྱི་འདུག” ཅེས་བརྗོད་སོང་།

བུད་མེད་ལྷན་ཚོགས་ཀྱིས་གནས་ཚུལ་དེར་རོགས་རམ་གང་འདྲ་གནང་གི་ཡོད་མེད་དྲིས་པར། “ ང་ཚོ་དབུས་དང་ས་གནས་མཉམ་དུ་བུ་མོའི་ཁྱིམ་ཚང་ལ་བཅར་བ་ཡིན། ང་ཚོའི་ངོས་ནས་དངུལ་སོགས་ཀྱི་རོགས་རམ་ག་རེ་བྱེད་དགོས་ཀྱང་བྱེད་འཆར་ཡོད་མོད། བུ་མོའི་པ་ལགས་ཀྱིས་དཔལ་འབྱོར་གྱི་དཀའ་ངལ་མེད། ཡིན་ནའང་རྒྱ་གར་ཉེན་རྟོག་པ་དང་ལས་ཀ་བྱེད་སྐབས་ཡི་གེ་འབྲི་རྒྱུ་སོགས་ལ་རོགས་པ་ཞིག་བྱེད་ཐུབ་ན་ཡག་པོ་འདུག་གསུངས་བ་ལྟར། ང་ཚོས་ས་གནས་མགོ་འཛིན་ལ་ཞུས་ཏེ་ཞལ་བཞེས་གཙང་མ་གནང་སོང་ལ། ང་ཚོ་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ཀྱང་མཐུན་འགྱུར་རོགས་རམ་གང་ཞིག་དགོས་ཀྱང་བྱེད་འཆར་ཡོད།” ཅེས་དང་། ནང་སྲིད་བཀའ་བློན་མཆོག་ནས་ཚོགས་ཆུང་ཆེད་འཛུགས་ཀྱིས་གནད་དོན་འདི་ལ་ཞིབ་འཇུག་ཐག་གཅོད་བྱས་ན་ཡག་པོ་ཡོད་པའི་ལམ་སྟོན་གནང་ཡོད་སྐོར་སོགས་བརྗོད་སོང་།

ནང་སྲིད་དྲུང་འཕར་དོན་གྲུབ་རྡོ་རྗེ་ལགས་སུ་ནང་སྲིད་ཀྱི་ངོས་ནས་གནད་དོན་འདི་ཐག་གཅོད་ཡོང་ཐབས་སུ་ག་རེ་གནང་ཡོད་མེད་དྲིས་པར་ཁོང་གིས། “གནད་དོན་འདི་ནག་ཉེས་ཀྱི་ཁྲིམས་ཡིན་སྟབས་བོད་མིའི་སྒྲིག་འཛུགས་ནས་ལམ་སྟོན་གསལ་བོ་ཡོད་པ་རེད། ནག་ཉེས་ཀྱི་ཁྲིམས་དང་འབྲེལ་བ་ཆགས་པའི་གནས་ཚུལ་ག་རེ་བྱུང་བ་ཡིན་ནའང་། ཡུལ་ཁྲིམས་རང་ལ་བསྟུན་ནས་འགྲོ་དགོས་པ་ལས་ནང་སྲིད་ཀྱི་ངོས་ནས་ཐག་གཅོད་གནང་རྒྱུ་གང་ཡང་ཡོད་པ་མ་རེད། ནག་ཉེས་ཀྱི་ཁྲིམས་ལས་བརྒལ་བའི་གནད་དོན་ལ་ང་ཚོ་ནང་སྲིད་ལས་ཁུངས་ནས་སྙོབ་ཐུབ་ཀྱི་མེད་ལ། ཐག་གཅོད་བྱས་ན་འགྲིག་གིའང་ཡོད་པ་མ་རེད། ང་ཚོའི་ཐག་གཅོད་དེ་ས་གནས་ལ་བཀོད་ཁྱབ་གཏོང་བ་དང་ཡུལ་ཁྲིམས་ལ་གཏུག་ཟེར་བ་དེ་རེད། ཁྲིམས་གཏུག་ནི་བྱས་ཡོད་པ་རེད། ”ཅེས་བརྗོད་སོང་།

དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་ལགས་སུ། བོད་མིའི་སྤྱི་ཚོགས་ཁྲོད་བཙན་གཡེམ་གྱི་གནས་ཚུལ་བྱུང་བཞིན་ཡོད་ཀྱང་། ངོ་ཚར་འཛེམས་ནས་སྦ་གསང་བྱེད་བཞིན་པར་དགོངས་ཚུལ་ཅི་ཡོད་དྲིས་པར་ཁོང་མོས། “ང་ཚོ་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་གནད་དོན་ཐབས་སྐྱོ་བོ་འདི་རིགས་སྦ་གསང་བྱེད་པར་ངོས་ལེན་རྩ་བ་ནས་མེད། བཙན་གཡེམ་གྱི་ཐོག་ནས་ལས་ཀ་སྡུག་ཅག་བྱེད་མཁན་དེ་བུ་ཡིན་སྟབས། ངོ་ཚ་དགོས་མཁན་དེ་བུ་ཡིན་པ་ལས་བུ་མོ་གཏན་ནས་མ་རེད། བུ་མོའི་མི་ཚེའི་ནང་ངོ་ཚ་དང་སྡུག་བསྔལ་ཡོང་བ་དངོས་ཡོད་རེད། ཡིན་ནའང་། ལས་ཀ་སྡུག་པོ་བྱེད་མཁན་དེ་སྐྱེས་པ་ཕོ་ཡིན་དུས་ང་ཚོ་བུད་མེད་ཀྱི་ཕྱོགས་ནས་དེ་ཙམ་ངོ་གནོང་དགོས་དོན་ཡོད་པ་མ་རེད། བཙན་གཡེམ་གྱི་གནས་ཚུལ་བྱུང་སྐབས་བུ་ཚོས་བཙན་གཡེམ་ཐེབས་པའི་བུ་མོར་རྒྱབ་སྐྱོར་བྱེད་དགོས་པ་མ་ཟད། བཙན་གཡེམ་བྱེད་མཁན་གྱི་བུ་དེར་སློབ་གསོ་དང་། ཡང་ན་སྤྱི་ཚོགས་ནང་ཐེར་འདོན་བྱེད་དགོས་པའི་ལས་འགན་དེ་བུ་ཚོར་མང་བ་ཡོད་པ་རེད། དེ་བཞིན། བཙན་གཡེམ་གྱི་གནས་ཚུལ་འདི་རིགས་སྦ་གསང་བྱེད་རྒྱུར་ངོས་ལེན་རྩ་བ་ནས་མེད། གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ཀྱི་སྲུང་སྐྱོབ་རག་ཐབས་སུ་ཞུ་གཏུག་ངེས་པར་དུ་བྱེད་དགོས་པ་རེད། ཞུ་གཏུག་དེ་མ་འོངས་པར་གནད་དོན་འདི་རིགས་མི་འབྱུང་བའི་ཐབས་ལམ་རེད། མ་འོངས་པར་གནད་དོན་འདི་རིགས་ཐོག་ང་ཚོ་བུད་མེད་ལྷན་ཚོགས་ཀྱིས་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་དང་རོགས་རམ་ཞུ་རྒྱུ་ཡིན། ”ཞེས་བརྗོད་སོང་། 

གོང་གི་པར་མཁོ་སྤྲོད་གནང་མཁན་བོད་ཀྱི་བུད་མེད་ལྷན་ཚོགས་ཡིན།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བལ་ཡུལ་གྱི་བར་བརྒལ་སྲིད་བློན་གསར་པ་ཤི་ལ་ཀཱར་ཀི་ལགས་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ༢༠༢༥།༩།༡༥ བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
Mobile App

བལ་ཡུལ་གྱི་སྲིད་བློན་གསར་པར་འཚམས་འདྲི་ཞུས།

ཆུ་ཚོད་ ༥ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་དང་ལྷན་དུ་སྒོ་རྒྱབ་ཀྱི་འབྲེལ་བ་མུ་མཐུད་འཇོག་བཞིན་ཡོད་འདུག

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༩/༡༣
Mobile App

བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་གྲོས་ཆོད་དོན་ཚན་བདུན་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་། 

༢༠༢༥/༠༩/༡༣
Mobile App

གཏན་འཇགས་ཐབས་ཇུས་ཚོགས་ཆུང་དང་འབྲེལ་བའི་སྐར་རྟགས་ཅན་གྱི་དྲི་བར་ལན་འདེབས་གསལ་བཤད་གནང་།

༢༠༢༥/༠༩/༡༣
Mobile App

བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་དང་རྒྱ་ནག་གི་ཆབ་སྲིད་ལག་ཆ།

༢༠༢༥/༠༩/༡༢

མཆན། 19

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ཨ་རིར་བཙན་གཡེམ་བྱས་ན། ལོ་གསུམ་ནས་ལོ་བཅུ་བཙོན་འཇུག་བྱེད་པ་དང་། ཡང་། བཙན་གཡེམ་བྱེད་སྟངས་གདུག་རྩུབ་ཅན་དག་ལ་ལོ་བཅུ་ལས་བརྒལ་བའི་བཙོན་འཇུག་དང་། འགའ་ཤས་ལ་ཚེ་བཙོན་དང་སྲོག་ཁྲིམས་ཀྱང་གཅོད་བགྱིད་ཡོད་པ་རེད་འདུག་པས་་་་

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ད་ལྟ་རང་། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ནང་གི་གཏམ་གླེང་ཞལ་པར་སྐབས་མི་སྨྱོ་རྫས་པ་གཉིས་ཀྱིས་བུ་མོ་ལོ་ཆུང་ལོ་ལྔ་ཡས་མས་ཅིག་ལ་བཙན་གཡེམ་བྱེད་འགོ་བཙུགས་པ་ལས། བཙན་གཡེམ་བྱས་མེད་པར་གསལ་བཤད་བྱས་སོང་།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    བྱེས་འབྱོར་བོད་མའི་ཁྲིམས་བརྒལ་དང་། ཉེས་བྱེད་བྱས་རིགས་སྦས་གསང་བྱེད་རྒྱུ་མེད་པ་འདི་ཤིནད་ཏུ་ནས་བདེན་ན་ཡང་། ཉེས་པའི་རིགས་འགའ་ཤས་དབུས་སྒྲིག་འཛུགས་ཀྱི་ཆ་མཐོའི་ཁྲིམས་ཁང་ནས་ཀྱང་ཉེས་ཆད་བཏང་ནས། གཙང་སེལ་བྱ་རྒྱུའི་ལས་རིམ་ཅིག་ཀྱང་ཁ་གསལ་བཟོ་དགོས་རེད་སྙམ་མོ།། །།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ཁོང་གཉིས་ཚེ་བཙོན་ནམ་སྲོག་ཁྲིམས་བཅད་ན་ཡག་པོ་རེད་ཤག ་་་་་ཟེར་ན། བུ་མོ་དེས་ཀྱང་རྔན་ལག་ཏུ་བླངས་འདུག ཁང་མིག་ནང་ལ་འཁྲིད་དུས་ངུ་འབོད་བྱས་མི་འདུག་པ་འདིས་གང་མཚོན་ནམ། ལགས། གངས་ལྡོམ་ལགས།

    Reply
  5. གངས་ལྡོམ། says:
    ལོ་ 12 སྔོན།

    རྒྱ་གར་བ་རྣམས་ལོ་གསུམ་བཞི་ནས་བཅུ་བར་གྱི་བུ་མོ་རྣམས་ལ་བཙན་གཡེམ་བྱེད་ཡ་གོམས་ལོབ་ཏུ་ཆགས་པའི་སྤྱོད་ངན་དེར་ཁོང་གཉིས་ཀས་སློབ་སྦྱོང་བྱས་པ་རེད།
    ཁོང་གཉིས་ཚེ་བཙོན་ནམ་སྲོག་ཁྲིམས་བཅད་ན་ཡག་པོ་རེད་ཤག

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་ རྒྱ་གར་ལྡི་ལི་ལ་བཙན་གཡེམ་གྱི་གནས་ཚུལ་བྱུང་སྐབས་ག་འདྲ་ཆགས་སོང་། ང་ཚོའི་མང་ཚོགས་ཚོས་ཀྱང་དེ་འདྲ་བྱེད་དགོས་པ་རེད། ་་་་་ཟེར།

    Reply
  7. སྤེན་པ་རྡོ་རྗེ། says:
    ལོ་ 12 སྔོན།

    གནས་ཚུལ་འདི་རིགས་ཁྱབ་བསྒྲགས་གང་ཐུབ་བྱེད་མོས་མཐུན་བརྒྱ་ཆའི་བརྒྱ་ཡོད། ཉི་མ་དང་ཆོས་འཕེལ་ཟེར་བ་དེ་གཉིས་ཀྱི་པར་མང་པོ་ཞིག་གསར་འགྱུར་བརྒྱུད་ལམ་གཞན་མང་པོ་ཞིག་ཏུ་འགྲོ་བཞིན་འདུག་ཀྱང་། གནས་ཚུལ་དེ་ཙམ་ཞིབ་ཚགས་པོ་རང་མི་འདུག ང་རང་གིས་བསམ་ན་བོད་པའི་བུད་མེད་ཚོགས་པའི་ལས་ཀ་དངོས་གནས་དེ་འདིའི་རིགས་རེད་དྲན་གྱི་འདུག ངོ་དེབ་དང་wechat་སོགས་སུ་མི་ངན་འདི་གཉིས་པར་ཡར་མར་བརྒྱུད་གཏོང་བྱེད་བཞིན་པ་མཐོང་སོང་། ང་རང་ཁོང་ཁྲོ་ཆེན་པོ་ཟོས་སོང་། རྒྱ་གར་ལྡི་ལི་ལ་བཙན་གཡེམ་གྱི་གནས་ཚུལ་བྱུང་སྐབས་ག་འདྲ་ཆགས་སོང་། ང་ཚོའི་མང་ཚོགས་ཚོས་ཀྱང་དེ་འདྲ་བྱེད་དགོས་པ་རེད།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་ ང་ཚོ་བཙན་བྱོལ་བོད་མི་ཚོས་༸རྒྱལ་བའི་བཀའ་དགོངས་ཟེར་བའི་ཚིག་འདི་སྐྱོར་བ་ཙམ་མིན་པར་བློས་གཏོང་ལྡན་པའི་ནུས་ཚོད་ཀྱི་ལས་དོན་མ་བྱས་དུས། ལྟད་མོ་རྗེས་ལ་ཡོང་གི་རེད་བསམས་ལ། ་་་་་་་ཟེར།

    Reply
  9. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    ཐད་ཀར་ང་ཚོ་ཚང་མས་ཐ་མག་ནག་པོ་ལོས་འཐུང་བསམས་པ་འདི་གཉིས་ལ་གཤེ་གཤེ་བཏང་དང་གཏོང་བཞིན་པ་རེད།
    ཡིན་ནའང། དེའི་རྒྱབ་ལྗོངས་འདི་སྤྱིར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་གནས་སྟངས་དང་འབྲེལ་བ་ཡོད་པས་མ་ཟད། བཙན་བྱོལ་ནང་འཚར་ལོངས་བྱུང་བའི་བོད་མིའི་བསམ་སྤྱོད་ལའང་འབྲེལ་བ་དམ་ཟབ་ཡོད་པ་རེད་འདོད། འདི་རྣམས་གཙོ་བོ་དཀའ་ངལ་ལྟེ་བ་ཡོང་ཁུངས་ལ་ཞིབ་འཇུག་བྱས་ནས། གཞུང་སྒེར་སུས་ཀྱང་གཞི་བརྟན་པོ་དང་མདུན་ལམ་ཡག་པོ་ཡོང་རྒྱུར་ལས་དོན་ནམ་རོགས་རམ་བྱེད་རྒྱུར་དགོངས་པ་མ་བཞེས་དུས། འཕྲལ་དུ་རྫིག་གཏམ་སྦག་གཏམ་ག་ཚོད་བཤད་ཀྱང་ཁྱད་པར་གང་ཡང་ཡོད་པ་མ་རེད་ལ། ལྷག་པར་དཀའ་ངལ་འདི་ཚོ་བོད་ནང་གི་བོད་མི་ཚོས་གསན་ན་ཡིད་ཆད་འགྲོ་བ་ནི་ཚང་མས་ཤེས་གསལ་རེད། དེའི་རྐྱེན་ང་ཚོ་བཙན་བྱོལ་བོད་མི་ཚོས་༸རྒྱལ་བའི་བཀའ་དགོངས་ཟེར་བའི་ཚིག་འདི་སྐྱོར་བ་ཙམ་མིན་པར་བློས་གཏོང་ལྡན་པའི་ནུས་ཚོད་ཀྱི་ལས་དོན་མ་བྱས་དུས། ལྟད་མོ་རྗེས་ལ་ཡོང་གི་རེད་བསམས་ལ། བཙན་གཡེམ་ནང་གི་ཐབས་རྡུག་འདིའང་བཙན་བྱོལ་སྒྲིག་འཛུགས་ཀྱི་ཡ་རབས་བཟང་སྤྱོད་ཀྱི་སློབ་གསོ་དང་གཞིས་ཆགས་ཁག་གི་ཁོ་ར་ཁོར་ཡུག་གི་མཁའ་དབུགས་དང་འབྲེལ་བ་མེད་ཅེས་སུས་ཀྱང་སྨྲ་ག་ལ་ཐུབ།།

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    མི་གཅིག་བཟའ་བྲལ་ཡིན་པ་དང་། མི་གཅིག་ནང་མི་ནས་ཀྱང་ཕུད་པ་རེད་འདུག དེས་ན་མི་འདི་གཉིས་ལ་སེམས་ནད་འཕྲོད་བསྟེན་ཟབ་སྦྱོང་ཟེར་བ་དེ་སྤྲོད་དགོས་རེད་དྲན་བཞིན་འདུག

    Reply
  11. སེམས་ཚོར། says:
    ལོ་ 12 སྔོན།

    ༑ལོ་༤༠ཅན་པ་དང་ལོ་༣༧ཅན་པ་གཉིས་ནི་”ཕོ་སར་”(ཕོ་གསར་)མ་རེད། མི་དར་མ་དང་མི་རྒན་ལ་ཉེ་བ་རེད།

    རྒྱ་གར་ཉེན་རྟོག་པ་དང་མཉམ་དུ་ཡོད་པའི་འདྲ་དཔར་དེར་ཁྲིམས་ཀྱི་འགྲོ་ལུགས་ལྟར་ཉེས་ཅན་དུ་འདོགས་པ་ཁོ་གཉིས་ཀྱི་ངོ་གདོང་གབ་འདུག་ཀྱང་། འདྲ་དཔར་དང་པོ་དེར་དེ་འདྲ་མིན་འདུག །རྩ་བའི་ཁྲིམས་ཀྱི་ཐོག་ནས་བཤད་ན། ཁྲིམས་ཁང་ནས་ཐག་མ་བཅད་པར་དེ་འདྲ་གསལ་སྟོན་མི་ཆོག་པ་དེའང་། ཁྲིམས་ཀྱི་ཞིབ་དཔྱད་དང་ཁྲིམས་ཀྱི་གྲོས་མི་རྣམས་ཀྱི་བསམ་པ་སྔོན་ཚུད་ནས་མི་བསྒྱུར་བའི་ཆེད་རེད། དེ་ནི་གསར་འགོད་འགྲོ་སྟངས་ངོ་མའི་ཐོག་ནས་ཀྱང་ཐུགས་སྣང་གནང་དགོས་ཤིག་ཡིན་པར་སེམས། དུས་རྒྱུན་དེ་འདྲ་སྔོན་འདོན་བྱས་ན་ཁྲིམས་ཁང་གིས་གསར་འགོད་ཁང་དེར་ཉེས་ཆད་བཙོན་བཅུག་ཀྱང་ཡོང་བ་ཁྲིམས་ལ་ཡོད།

    ད་ལྟའི་གནས་ཚུལ་འདི་ནི་ངེས་པར་བློ་ཡུལ་ལས་འདས་པའི་བྱ་སྤྱོད་ཅིག་རེད། གང་དུ་གནས་པའི་ཡུལ་གྱི་ཁྲིམས་དང་མཐུན་པའི་ཁྲིམས་གཅོད་དགོས་ངེས།

    Reply
  12. ཀེ་ཏ་ཀ says:
    ལོ་ 12 སྔོན།

    ཨ་ཁ་ཁ། ད་ཅི་བྱ། ཉེས་རྡུང་བཏང་ནའང་གོ་རྒྱུ་ཡོད་མཁན་གྱི་བཟོ་ལྟ་ཞིག་མི་འདུག

    དེ་བཞིན། ལས་མེད་བུད་མེད་ཚོགས་པའང་ལས་ཀ་ཞིག་རག་སོང་བ་དེ་ཡག་པོ་འདུག་གཱ

    Reply
  13. Dawai Shonu says:
    ལོ་ 12 སྔོན།

    བེུད་ཚོགས་པ་ཧ་ཅང་འཇོན་པོ་དང་དྲང་པོ་རེད། དངོས་གནས་སྟོད་བསྔགས་ཡོད། འོན་ཀྱང་བཙན་གཡེམ་གྱི་གནས་ཚུལ་མང་པོ་བྱུང་ཡོད་པ་རེད། རྒྱ་གར་བ་ཚོས་བོད་པའི་བོུ་དང་ཨ་ནེ་མང་པོར་བཙན་གཡེམ་བྱས་པ་རེད། སྐབས་དེར་བེུད་ཚོགས་པས་གང་ཡང་མ་བྱས་པའམ་བྱེད་མི་ཐུབ་པ་གང་ཡིན་རུང་ཐབས་སྐྱོ་བོ་རེད། མ་་འོངས་པར་གནས་ཚུལ་དེ་རིགས་ཚང་མར་གཅིག་པ་གནང་རོག ཐུབ་མ་ཐུབ་མིན་པར་བཙན་གཡེམ་སུས་བྱས་ཀྱང་ད་ལྟ་བཞིན་བྱེད་རོགས་་ཞུ་རྒྱུ།།།།།

    Reply
  14. གཅན་བཟོད་རྒྱམ། says:
    ལོ་ 12 སྔོན།

    སྤྱི་ཚོགས་ལ་འགན་ཆེན་པོ་ཞིག་འཁྱེར་འདོད་ན་ལས་ཀ་འདི་འདྲའི་རིགས་ལ་དྲང་བདེན་སྐྱོང་བར་འབད་དགོས་པ་རེད།
    དུས་བབ་ཚང་གིས་ལོ་གཅིག་ཙམ་གྱི་སྔོན་ནས་འགན་ཆེན་པོ་ཞིག་བླངས་ཏེ་རང་རེའི་སྤྱི་ཚོགས་ནང་གི་ནག་ཉེས་ཏེར་འདོན་ལ་འབད་འབུངས་བྱས་དང་བྱེད་བཞིན་པར་བསྔགས་བརྗོད་ཞུ།

    མི་ངན་ནི་ནམ་ཡང་མི་ངན་ཡིན་པས་བྱས་ཉེས་ཏེར་འདོན་བྱ་རྒྱུ་དེ་སྤྱི་ཚོགས་ནང་གི་ཡ་རབས་ཀྱི་ལས་ཀ་བཟང་པོ་ཞིག་ཅི་ལ་མིན།
    ད་དུང་མུ་མཐུད་ནས་འབད་པས་བསྒྲུབ་རོགས་ཞུ།

    Reply
  15. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    མི་གསུམ་གྱི་མི་ཚེ་ལ་གནོད་སྐྱོན་ཆེན་པོ་ཐེབས་འགྲོ་བ་དེ་ཡང་ཤེས་དགོས་པ་ཅིག་རེད་དོ།།

    Reply
  16. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་ ཅན་ཞིག་ལ་རྔན་པ་སྤྲད་དེ་ཆོས་འཕེལ་ཟེར་བ་དེའི་ཁྱིམ་དུ་ཁྲིད་ནས་་་་་་་

    Reply
  17. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    སྤེན་པ་རྡོ་རྗེ་ལགས་ཁྱེད་རང་ལས་བྱེད་མིན་ནམ་ཡང་། ལས་བྱེད་ཅིག་གི་སྤུན་མཆེད་ཡིན་པ་འདྲ། ཧཧཧ།

    Reply
  18. སྤེན་པ་རྡོ་རྗེ། says:
    ལོ་ 12 སྔོན།

    ཀརྨ་རྡོ་རྗེ་ལགས། ཧིན་སྒོར་འབུམ་ལྔ་དྲུག་ལྐོག་ཟ་བྱས་པ་དང་། བུད་མེད་ལ་བཙན་གཡེམ་བྱས་པ་གཉིས་ལ་གང་ཞིག་ནག་ཉེས་ཆེ་བ་ཡོད་པ་རེད། ལྷག་པར་དུ་བྱིས་པ་ཆུང་ཆུང་ལོ་ ༥ ་ཅན་ཞིག་ལ་བཙན་གཡེམ་བྱས་ན་ནག་ཉེས་གང་འདྲ་ཡོད་པ་རེད། རྒྱལ་ཁབ་མང་པོ་ཞིག་གིས་སྲོག་ཐོག་ལ་གཏོང་རྐྱང་བྱེད་ཀྱི་ཡོད་པ་རེད། གནས་ལུགས་རྒྱུ་མཚན་ཧ་གོ་བའི་ཐོག་ནས་མཆན་བརྒྱབ་ན་རང་བཞན་གཉིས་ལ་ཕན་ཐོགས་གི་རེད། ར་བཟི་ཡིན་མིན་གྱི་སྐད་ཆ་འདི་ང་ཚོས་རྒྱ་གར་གཞུང་ལ་བཤད་དེ་འགྲིག་འཇགས་ཡོང་ཐབས་ཤིག་གནང་དགོས་པ་རེད་མ་གཏོགས། བོད་པ་ནང་ཁུལ་དུ་ཐེར་འདོན་ཁྱབ་བསྒྲགས་བྱེད་དགོས་པ་རེད། དངོས་གནས་བྱས་ན་བུད་མེད་ཚོགས་པས་ཕོ་གསར་དེ་གཉིས་གཞིས་ཆགས་ཁག་ནང་འཁྲིད་དགོས་པ་རེད།

    Reply
  19. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཁང་ནས། རྒྱ་གར་གཞུང་གི་ཁྲིམས་ཡིག་ནང་ལ་ཡོད་པའི། བཙན་གཡེམ་བྱས་ན་ལོ་ག་ཚོད་ཙམ་བཙོན་ཁང་ནང་ལ་སྡོད་དགོས་པ་དང་།
    དེ་བཞིན་མི་བསད་ན་དང་། རྐུ་མ་བརྒྱབ་ན་ཉེས་ཆད་ག་ཚོད་ཙམ་ཕོག་བགྱིད་ཡོད་མེད་དེ་ཚོ་བོད་སྐད་ཐོག་ལ་བསྒྱུར་ནས། བོད་རིགས་ཡོད་དོ་ཅོག་གིས་ཤེས་ཐབས་ལ་འབད་བརྩོན་དགོས་པ་རེད་སྙམ་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese