མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་མི་སེར་བཟོ་བར་དགག་བྱ་མེད་ལ་རྒྱབ་སྐྱོར་ཡང་མེད་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་ལོ་ཤས་གོང་ནས་བཟུང་རྒྱ་གར་ནང་གི་སྐྱབས་བཅོལ་བོད་མི་ཚོས་རྒྱ་གར་གྱི་མི་སེར་ཐོབ་ཐང་བཟོ་བའི་གནས་ཚུལ་ཞིག་བྱུང་ཡོད་པ་དང་། གནས་ཚུལ་དེར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དགག་བྱ་མེད་ལ། ངོས་སྦྱོར་ཡི་གེ་སྤྲོད་རྒྱུ་ཙམ་ལས་མཐུན་འགྱུར་རོགས་རམ་ཡང་མེད་ཅེས་བརྗོད་བྱུང་།

ཉེ་བའི་ལོ་ཤས་གོང་ནས་བཙན་བྱོལ་བོད་མི་ཚོས་རྒྱ་གར་མི་སེར་བཟོ་བཞིན་ཡོད་པའི་གནས་ཚུལ་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་དང་། ཕྱི་ཚེས་ ༢༢ ཉིན་རྒྱ་གར་དུས་བབ་ཚགས་པར་སྟེང་གནས་ཚུལ་བཀོད་པ་ལྟར་ན། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་ནང་གནས་སྡོད་བྱེད་བཞིན་པའི་བཙན་བྱོལ་བོད་མི་ཚོས་རྒྱ་གར་གྱི་མི་སེར་ཐོབ་ཐང་བཟོ་ཆོག་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་ཚོར་རྒྱ་གར་མི་སེར་ཐོབ་ཐང་བཟོ་བར་རྒྱབ་གཉེར་ཡིག་ཆའི་རོགས་རམ་གནང་རྒྱུ་ཡིན་ཞེས་བརྗོད་ཡོད། ཁོང་གིས་ “ བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་ཚོས་རྒྱ་གར་གྱི་མི་སེར་བཟོ་བར་བཀག་འགོག་བྱེད་ཀྱི་མེད་ལ། མི་སྒེར་གྱིས་རྒྱ་གར་རམ་རྒྱལ་ཁབ་གང་རུང་ཞིག་གི་མི་སེར་ཐོབ་ཐང་བཟོ་ན་གང་ཟག་སོ་སོས་ཐག་གཅོད་ཅིག་རེད་” ཅེས་བརྗོད་འདུག སྲིད་སྐྱོང་མཆོག་གིས་མུ་མཐུད་དུ། ཁོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་འགན་དབང་འཁུར་བའི་ལོ་གཉིས་རིང་བོད་མི་ ༡༤ ཙམ་གྱིས་བོད་མིའི་སྒྲིག་འཛུགས་འབྲེལ་ཡོད་ལས་ཁུངས་ལ་རྒྱ་གར་མི་སེར་བཟོ་རྒྱུར་སྙན་ཞུ་འབྱོར་བ་རྣམས་ལ་གཞུང་གིས་རྒྱབ་གཉེར་མཐུན་འགྱུར་ཞུས་ཡོད་སྐོར་གསུངས་འདུག

གསར་འགོད་པས་བོད་མིའི་སྒྲིག་འཛུགས་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་ལ། བོད་མི་ཚོས་རྒྱ་གར་མི་སེར་ཐོབ་ཐང་བཟོ་བར་སྙན་ཞུ་འབུལ་ཕྱོགས་དང་། བདེ་སྲུང་གིས་དེ་ལ་མཐུན་འགྱུར་ཞུ་སྟངས་གང་འདྲ་ཡོད་མེད་བཅར་འདྲི་ཞུས་པར་ཁོང་གིས། “ རྒྱ་གར་མི་སེར་བཟོ་རྒྱུ་ཡིན་ཟེར་ནས་ངོ་སྦྱོར་ཞུ་མཁན་ཚོར་ཡིག་ཆ་སྤྲོད་པ་ཙམ་ལས། ང་ཚོས་རྒྱ་གར་མི་སེར་བཟོ་རྒྱུར་སྐུལ་སློང་དང་ཁྱབ་བསྒྲགས་དེ་འདྲ་གང་ཡང་བྱེད་ཀྱི་ཡོད་པ་མ་རེད། བར་སྐབས་སྤྱི་ཚོགས་ནང་ཧ་ལམ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་ཚོར་རྒྱ་གར་མི་སེར་བཟོ་བར་ཞེ་དྲག་བཀག་འགོག་བྱེད་ཀྱི་ཡོད་པའི་སྐད་ཆ་དང་འབྲི་རྩོམ་སྤེལ་མཁན་བྱུང་བ་རེད། ཁ་ཤས་ཀྱིས་ཁྲིམས་ལུགས་ལ་ཡག་པོ་མ་བལྟས་པར་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི་ཚོས་འགྲིག་པ་དང་། རྒྱ་གར་ནང་ཡོད་པའི་བོད་མི་ཚོས་མ་འགྲིག་པའི་སྐད་ཆ་གྲོས་ཚོགས་ནང་དུའང་བྱུང་བ་རེད། སྲིད་སྐྱོང་གཙོས་མཛད་གཙོ་རྣམ་པ་ཚོ་ཕྱི་རྒྱལ་ཁག་ཏུ་ཕྱོགས་སྐྱོད་སྐབས་དེའི་སྐོར་ལ་སྐད་ཆ་དྲི་མཁན་དང་བསམ་ཚུལ་མང་པོ་བྱུང་བསྡད་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་ཁྲིམས་ཀྱི་འགྲོ་སྟངས་འདི་རེད། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་འདི་ཡིན་ཞེས་གསལ་བཤད་བྱས་པ་ཙམ་རེད། རྒྱ་གར་མི་སེར་ཐོབ་ཐང་བཟོ་བར་བོད་མིའི་སྒྲིག་འཛུགས་ཀྱིས་དགག་བྱེད་ཀྱི་ཡོད་པ་མ་རེད། མི་སེར་ཐོབ་ཐང་དེ་ལེན་དང་མ་ལེན་དོ་བདག་སོ་སོའི་བསམ་བློ་གཏོང་དགོས་པ་ཞིག་རེད ” ཅེས་བརྗོད་སོང་།

ཡང་ཁོང་ལ། བཙན་བྱོལ་བོད་མི་ཚོས་རྒྱ་གར་མི་སེར་བཟོ་བཞིན་པ་འདིས་རྩ་དོན་འཐབ་རྩོད་ཐོག་ཁྱད་པར་འགྲོ་མིན་དྲིས་པར། “ དེ་སོ་སོའི་བསམ་བློ་གཏོང་ཕྱོགས་རེད། ང་ཡིན་ན་ཁྱད་པར་ཆེན་པོ་འགྲོ་བ་རེད་བསམ་གྱི་ཡོད། བོད་མི་ཡིན་ན་བོད་མི་རང་བྱས་ཏེ་སྡོད་དགོས་རེད། བོད་མི་རྒྱ་གར་ནང་སྐྱབས་བཅོལ་དུ་བསྡད་དེ་ལོ་ ༦༠ ལྷག་འགྲོ་བཞིན་ཡོད་པ་དང་། རྒྱ་གར་ཆབ་སྲིད་ནང་ཞུགས་ཏེ་འོས་ཤོག་ལྡུག་པའི་ཐོབ་ཐང་མེད་པ་མ་གཏོགས་གཞན་རྒྱ་གར་གྱི་མི་སེར་ཞིག་གིས་ལོངས་སུ་སྤྱོད་བཞིན་པའི་ཐོབ་ཐང་དང་ཁེ་ཕན་ཡོངས་རྫོགས་བོད་མི་ཚོར་ཡང་རག་གི་ཡོད་པ་རེད། སོ་སོ་བོད་པ་ཞིག་ཡིན་པ་དང་ལྷག་པར་བོད་པ་སྐྱབས་བཅོལ་པ་ཞིག་ཡིན་སྟབས། ང་རང་གིས་སོ་སོའི་གནས་བབ་གང་ཡིན་པ་རང་གི་ཐོག་ནས་བསྡད་ན་ཡག་གི་རེད་བསམ་གྱི་ཡོད་ལ། དེ་ལྟར་བཤད་མཁན་གྲས་ཀྱང་ཡིན” ཞེས་བརྗོད་སོང་།

རྒྱ་གར་མི་སེར་བཟོ་རྒྱུ་ཡིན་ཟེར་ནས་བོད་མིའི་སྒྲིག་འཛུགས་ལ་རྒྱབ་གཉེར་ཞུ་མཁན་ཚོས་རྒྱུ་མཚན་གང་འདྲ་བགྲང་གི་ཡོད་མེད་དྲིས་པར། “ སྤྱིར་བཏང་ ༡༩༥༩ ལོར་ནས་བཟུང་བོད་མི་རེ་ཟུང་གིས་རྒྱ་གར་མི་སེར་ཐོབ་ཐང་བཟོས་པ་ཏན་ཏན་ཡོད་རྒྱུ་རེད། རྒྱ་གར་མི་སེར་ཐོབ་ཐང་ལེན་པའི་དགོས་པ་རྒྱུ་མཚན་གཙོ་བོ་དེ་དོ་བདག་སོ་སོའི་ཁེ་ཕན་དང་དཀའ་ངལ་རེད་བསམ་གྱི་ཡོད། ཁྲིམས་ཡིག་གི་དགོས་མཁོའི་ནང་། དེ་སྔ་སོ་སོ་རྒྱལ་ཁབ་གང་གི་ཁུངས་གཏོགས་ཡིན་ན་དེས་དགག་བྱ་མེད་པའི་ངོ་སྦྱོར་ཡི་གེ་དགོས་སྟབས། བོད་མི་ཞིག་གིས་རྒྱ་གར་མི་སེར་ཐོབ་ཐང་བཟོ་རྒྱུ་ཡིན་ཟེར་ནས་ཞུས་པ་ཡིན་ན། བོད་མིའི་སྒྲིག་འཛུགས་ཀྱིས་དེར་དགག་བྱ་མེད་པའི་ངོ་སྦྱོར་ཡི་གེ་ཙམ་སྤྲོད་པ་ལས། དེ་ལ་ང་ཚོས་མཐུན་སྦྱོར་དང་རྒྱ་གར་མི་སེར་བཟོ་བར་འབད་བརྩོན་གང་ཡང་བྱེད་ཀྱི་ཡོད་པ་མ་རེད། ངོ་སྤྲོད་ཡི་གེ་དེ་སྔོན་མ་བཀའ་ཤག་གིས་གནང་གི་ཡོད་ཀྱང་། བཀའ་ཤག་སྐབས་བཅུ་བཞི་བས་ལས་འགན་དེ་བདེ་སྲུང་ལ་སྤྲད་པ་རེད། ད་བར་བོད་མི་བཅོ་ལྔ་བཅུ་དྲུག་ཅིག་ལ་ངོ་སྦྱོར་སྤྲད་ཡོད་པ་རེད། ཁོ་ཚོའི་རྒྱ་གར་མི་སེར་བཟོ་དགོས་པའི་རྒྱུ་མཚན་གཙོ་བོ་མི་སྒེར་སོ་སོའི་སློབ་སྦྱོང་དང་ལས་ཀ ཚོང་ལས་སོགས་བྱེད་ཐུབ་མ་ཐུབ་ཀྱི་དཀའ་ངལ་ཐོག་ནས་ཞུས་པ་ཞིག་ལ་མཐོང་སོང ” ཅེས་བརྗོད་བྱུང་།

ཡང་གསར་འགོད་པས། གལ་སྲིད་བོད་མི་ཞིག་གིས་རྒྱ་གར་མི་སེར་ཐོབ་ཐང་བླངས་ཡོད་པ་ཡིན་ན། མི་དེས་རང་བཙན་ལག་དེབ་དང་བཙན་བྱོལ་བོད་མིའི་ཐོབ་ཐང་ཁག་རག་གི་ཡོད་མེད་དྲིས་པར། ཁོང་གིས་ “ དཔྱ་ཁྲལ་ལག་དེབ་བཟོ་ཆོག་གི་རེད། གང་ཡིན་ཟེར་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་། བོད་མི་སྐྱབས་བཅོལ་བ་ཚོས་རྒྱལ་ཁབ་གཉིས་ཀྱི་ཐོབ་ཐང་བླང་ཆོག་གི་ཡོད་པའི་ཆ་རྐྱེན་སྤྲད་ཡོད་པ་རེད” ཅེས་བརྗོད་བྱུང་། བོད་མིའི་སྒྲིག་འཛུགས་ཀྱི་སློབ་ཡོན་སོགས་ཀྱི་གོ་སྐབས་རག་མིན་དྲིས་པར། “ སློབ་ཡོན་སྤྲོད་མཁན་གྱི་ཆ་རྐྱེན་ལ་ལྟ་དགོས་ཆགས་ཀྱི་རེད། སྤྱིར་བཏང་ཁོ་བོད་པ་ཡིན་ནའང་རྒྱལ་ཁབ་གཞན་ཞིག་གི་མི་སེར་ལག་འཁྱེར་བཟོས་ཡོད་ན། ཁོ་མི་རིགས་བོད་རིགས་ཡིན་མིན་ལ་མ་ལྟོས་པར་ཁྲིམས་ཐོག་ནས་ཁོ་བོད་པ་མ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཁག་གི་ཆ་རྐྱེན་མང་ཆེ་བའི་ནང་། བོད་མིའི་དཔྱ་ཁྲལ་ལག་དེབ་དང་བོད་པ་སྐྱབས་བཅོལ་བ་ཡིན་པའི་ལག་དེབ་ RC གཉིས་འཁོད་ཡོད་པ་རེད། རྒྱལ་ཁབ་གཞན་ཞིག་གི་མི་ཟེར་བཟོས་པ་ཡིན་ན། སྐྱབས་བཅོལ་ལག་དེབ་ RC ཡོད་པ་མ་རེད། ཁྲིམས་ཐོག་ན་རྒྱ་གར་མི་སེར་ཡིན་པ་གསལ་བསྡད་ཡོད་པ་རེད ” ཅེས་བརྗོད་སོང་།

གསར་འགོད་པས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སུ། གོང་གི་གནད་དོན་དེའི་ཐད་དགོངས་ཚུལ་གང་འདྲ་ཡོད་མེད་དྲིས་པར། གཞོན་ནུའི་དྲུང་ཆེ་བཀྲ་ཤིས་ལམ་བཟང་ལགས་ཀྱིས། “ གནས་ཚུལ་དེ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ད་སྔ་བཙན་བྱོལ་བོད་མི་ཚོར་མི་སེར་ཐོབ་ཐང་མེད་པར་དུས་རྒྱུན་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་འདིས་ཏན་ཏན་གང་ཟག་སྒེར་ལ་ཕན་ཐོགས་ཡོང་གི་རེད་སྙམ། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཀའི་ས་མིག་ཚང་མར་སྐྱབས་བཅོལ་ལག་དེབ་ཡོད་དགོས་པའི་ཆ་རྐྱེན་བཞག་ཡོད་སྟབས། མ་འོངས་པར་གཞུང་ཞབས་ཚུད་རྒྱུགས་ཀྱི་ཆ་རྐྱེན་ནང་སྐྱབས་བཅོལ་ལག་དེབ་དགོས་མིན་དེ་ཡང་ཁ་གསལ་པོ་བཟོ་དགོས་པ་རེད་བསམ་གྱི་འདུག བོད་མི་ཚོ་རྒྱལ་ཁབ་གང་ཞིག་གི་མི་སེར་ཆགས་རྗེས་དེ་དང་འབྲེལ་བའི་ཐོབ་ཐང་ཆ་ཚང་ཡོད་སྟབས། སོ་སོ་སྐྱབས་བཅོལ་བ་ཡིན་པའི་ཚོར་བ་མི་བརླག་པར་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༣ པའི་དགོངས་དོན་ལྟར་འགན་འཁུར་རྒྱུ་གལ་ཆེན་པོ་རེད། ” ཅེས་བརྗོད་སོང་།

དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ལ་དགོངས་ཚུལ་དྲིས་པར། གནས་ཚུལ་དེའི་སྐོར་རྒྱུན་ལས་ནང་ཁུལ་གོ་བསྡུར་བྱེད་དགོས་སྐོར་བརྗོད་སོང་ལ། ཆུ་ཚོད་ཕྱེད་ཙམ་རྗེས་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་ལགས་ཀྱིས་གསར་འགོད་པར། “ སྤྱིར་མི་སུ་ཞིག་ཡིན་རུང་ཡུལ་གང་དུ་སྐྱེས་ན་དེ་གའི་མི་སེར་ཐོབ་ཐང་བླང་ཆོག་གི་ཡོད་སྟབས། སྐྱབས་བཅོལ་བོད་མི་ཚོས་རྒྱ་གར་མི་སེར་ཐོབ་ཐང་བཟོ་ཆོག་གི་ཡོད་མེད་ཐད་ཞུ་རྒྱུ་གང་ཡང་མེད། གཙོ་བོ་གང་ཟག་སྒེར་སོ་སོའི་བསམ་བློ་གཏོང་ཕྱོགས་ལ་ཐུག་ཡོད་པ་རེད་དྲན་གྱི་འདུག” ཅེས་བརྗོད་སོང་། གསར་འགོད་པས་ངྷ་སའི་ཁྲོམ་སྟོན་མཁན་བོད་མི་ཁ་ཤས་ལ། བོད་མི་ཚོས་རྒྱ་གར་མི་སེར་བཟོ་རྒྱུའི་ཐད་བསམ་ཚུལ་གང་འདྲ་ཡོད་མེད་དྲིས་པར། ཁོང་ཅག་མང་ཆེ་བས་གནས་ཚུལ་དེའི་སྐོར་གསལ་བོ་ཤེས་ཀྱི་མེད་ཀྱང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་ཚོས་གནས་ཡུལ་རྒྱལ་ཁབ་དེའི་མི་སེར་ཐོབ་ཐང་བཟོས་དང་བཟོ་བཞིན་ཡོད་ཀྱང་། བོད་དོན་འཐབ་རྩོད་ཐོག་ནུས་པ་ཆིག་སྒྲིལ་དང་ལས་འགུལ་མུ་མཐུད་སྤེལ་གྱི་ཡོད་སྐོར་བརྗོད་བྱུང་།

རྒྱ་གར་གྱི་མི་སེར་ཐོབ་ཐང་རྩ་ཁྲིམས་ནང་། “ ཕྱི་ལོ་ ༡༩༥༠ ལོའི་ཟླ་ ༡ ཚེས་ ༢༦ ཉིན་ནས་ ༡༩༨༧ ལོའི་ཟླ་ ༧ ཚེས་ ༡ ཉིན་བར་རྒྱ་གར་ནང་སྐྱེས་པ་ཡིན་ན་རྒྱ་གར་མི་སེར་ཐོབ་ཐང་བཟོ་ཆོག ” ཅེས་བཀོད་ཡོད་སྟབས། ༢༠༡༡ ལོར་བོད་རིགས་བུད་མེད་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་ལྡི་ལི་མཐོ་རིམ་ཁྲིམས་ཁང་བརྒྱུད་ཡོངས་གྲགས་ཐོག རྒྱ་གར་གྱི་མི་སེར་ཐོབ་ཐང་རག་པ་དེ་ནི་བོད་མི་ཞིག་ལ་ཁྲིམས་མཐུན་ཐོག་རྒྱ་གར་མི་སེར་ཐོབ་ཐང་རག་པ་ཐོག་མ་དེ་ཆགས་ཡོད། ཕྱི་ཚེས་ ༢༥ ཉིན་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་( Deccan chronicle)ཞེས་པའི་སྟེང་གནས་ཚུལ་ཐོན་པར། འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༥ ཉིན་བྷིང་ལོར་གྲོང་ཁྱེར་ནང་བོད་མི་ཞིག་གིས་ས་གནས་མི་སེར་ལག་ཁྱེར་ལས་ཁུངས་ལ། རྒྱ་གར་མི་སེར་ཐོབ་ཐང་ཞུ་བའི་སྙན་ཞུ་ཕུལ་ཡོད་ཀྱང་། ལས་ཁུངས་དེས་གནད་དོན་དེར་ཐག་གཅོད་མ་ཐུབ་པར་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ལ་བཀའ་འདྲི་བྱས་ཡོད་པ་དང་། ནང་སྲིད་ལས་ཁུངས་ཀྱིས་ཁོ་རང་བོད་པ་སྐྱབས་བཅོལ་བ་ཡིན་སྟབས་རྒྱ་གར་མི་སེར་ཐོབ་ཐང་རག་གི་མ་རེད་ཅེས་པའི་རྒྱུ་མཚན་ཙམ་བགྲངས་ཏེ་བཀག་འགོག་བྱས་ཡོད་སྟབས། བོད་མི་དེས་སླར་ཡང་ཀཱར་ན་ཊ་ཀ་མངའ་སྡེའི་མཐོ་རིམ་ཁྲིམས་ཁང་ལ་ཁྲིམས་གཏུགས་བྱས་ཡོད་པ་དང་། ཁྲིམས་ཁང་གིས་ས་གནས་མི་སེར་ལག་ཁྱེར་ལས་ཁུངས་ལ། བཀའ་ཁྱབ་བཏང་དོན། རེ་འདུན་ལྟར་དགོས་མཁོའི་ཡིག་ཆ་ཚང་མ་ཕུལ་རྗེས་ཀྱི་ཟླ་ ༢ ནང་ཐག་གཅོད་ཐུབ་པ་བྱ་རྒྱུའི་ལམ་སྟོན་བྱས་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད། ༽

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 4

  1. ཀེ་ཏ་ཀ says:
    ལོ་ 12 སྔོན།

    ཞེ་དྲག་ཁ་གསལ་བོའི་ལན་འདེབས་དང་བཀའ་ཤག་གི་རྒྱུ་མཚན་གསལ་བོར་གསུངས་པ་ཐུགས་རྗེ་ཆེ། ཁ་སྔོན་ཤོག་བུའི་སེང་གེས་མི་སེར་སྐོར་འདི་ཡང་ཁོང་གིས་གསར་བཏོད་པའི་རྣམ་པ་འདྲ་བོའམ། ཡང་ན་གུ་ཡངས་མདོག་དང། མ་འོངས་པའི་གནད་འགག་ཅིག་མཐོང་མདོག་གིས་འགྲེལ་བཤད་རྒྱབ་པ་དང། དེ་རིང་གི་བཀའ་བློ་མཁྱེན་འཇོན་ཅན་གྱི་གསལ་བཤད་གནང་བ་གཉིས་ལ་གནམ་སའི་ཁྱད་པར་འདུག བོད་མི་རིགས་འདིའི་བསོད་ནམས་ཅུང་ཙམ་བསགས་ཡོད་ན། ཤོག་སེང་བློ་སེང་ལས་འབྲོང་ཆུང་འདི་ཉིད་སྲིད་སྐྱོང་ཡིན་ན་ཅིས་མི་དགའ།།།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་ སྤྱིར་བཏང་ཁོ་བོད་པ་ཡིན་ནའང་རྒྱལ་ཁབ་གཞན་ཞིག་གི་མི་སེར་ལག་འཁྱེར་བཟོས་ཡོད་ན། ཁོ་མི་རིགས་བོད་རིགས་ཡིན་མིན་ལ་མ་ལྟོས་པར་ཁྲིམས་ཐོག་ནས་ཁོ་བོད་པ་མ་རེད། ་་་་་ཟེར།

    Reply
  3. གྲགས་པ་དར་རྒྱས། says:
    ལོ་ 12 སྔོན།

    བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རྒྱ་གར་གྱི་མི་ཟེར་ཐོབ་ཐང་བཟོས་ཡོད་པ་གསར་པ་དང་རྙིང་པ་ཧ་ཅང་མང་པོ་ཞིག་ཡོད་པ་རེད། ང་དགུ་ལོའི་རྗེས་སུ་འབྱོར་མཁན་མང་པོ་ཞིག་གིས་ཁྲིམས་འགལ་ཐོག་ནས་དངུལ་སྤྲད་དེ་རྒྱ་གར་མི་སེར་བཟོས་ཡོད་པ་རེད། བཙན་བྱོལ་བོད་གཞུང་གིས་གསར་འབྱོར་ཚོ་ལ་བདག་པོ་རྒྱག་མི་ཐུབ་པ་ཡིན་ན་རྒྱ་གར་མི་སེར་བཟོ་རྒྱུ་ལས་ཐབས་ཡོད་པ་མ་རེད། ཡིན་ནའང་བོད་པའི་རྩ་དོན་དང་མི་རིགས་ཀྱི་ལ་ཞེན་བརླག་མི་རུང་སྙམ།

    Reply
  4. གངས་ལྡོམ། says:
    ལོ་ 12 སྔོན།

    ༼ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་རྒྱལ་ཁབ་དེའི་མི་སེར་ཐོབ་ཐང་བཟོས་ཡོད་ཀྱང་། བོད་དོན་འཐབ་རྩོད་ཐོག་ནུས་པ་ཆིག་སྒྲིལ་དང་ལས་འགུལ་མུ་མཐུད་སྤེལ་གྱི་འདུག༽

    འདི་དངོས་གནས་རེད་ཤག

    ༼ ཁོ་མི་རིགས་བོད་རིགས་ཡིན་མིན་ལ་མ་ལྟོས་པར་
    ཁྲིམས་ཐོག་ནས་ཁོ་བོད་པ་མ་རེད། ༽ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese