མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀརྨ་པ་མཆོག་སྨན་རིའི་གླིང་དུ་ཞབས་སོར་བཀོད།

བོད་ཀྱི་དུས་བབ།
༢༠༡༣/༠༩/༠༦
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཟླ་བའི་ཉིན་དཔལ་རྒྱལ་དབང་ཀརྨ་པ་མཆོག་གཡུང་དྲུང་བོན་གྱི་གདན་ས་སྨན་རིའི་གླིང་དུ་ཞབས་སོར་བཀོད་ཡོད་འདུག

ཟླ་འདིའི་ཚེས་ ༤ཉིན་དཔལ་རྒྱལ་བ་ཀརྨ་པ་མཆོག་བྱེས་ཡུལ་གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་སྨན་རིའི་གླིང་དུ་ཞབས་སོར་བཀོད་ཡོད་འདུག ཉིན་དེའི་ཉིན་གུང་ཆུ་ཚོད་ ༡༢།༣༠ སྟེང་སྨན་རིའི་ཁྲི་འཛིན་མཆོག་གིས་དབུས་པའི་བོན་གཞིས་ས་གནས་འཐུས་མི་ལྷན་ཚོགས་དང་བོན་གཞིས་ས་གནས་མགོ་འཛིན། སྨན་རི་དགོན་གྱི་གྲྭ་མང་དང་བོན་གཞིས་མི་མང་། ས་གནས་ཉིན་སློབ་ཀྱི་སློབ་ཕྲུག་བཅས་ཀྱིས་ལྷ་བསང་དང་ཆེ་བསྟོད་གཤེན་རབ་མཆོད་རྔའི་མཆོད་འབུལ་གྱི་དབུས་ནས་ཕེབས་བསུ་ཞུས་ཡོད་ཅིང་། འདུ་ཁང་གི་བཞུགས་ཁྲིར་མངའ་གསོལ་རྗེས་གྲྭ་མང་གིས་ཁྲི་གསོལ་ཚིག་བཤད་གྱེར་འདོན་དང་འབྲེལ་སྨན་རིའི་བཤད་སྒྲུབ་མཁན་རིན་པོ་ཆེ་དང་བཤད་སྒྲུབ་སློབ་དཔོན་རིན་པོ་ཆེ་རྣམ་གཉིས་ཀྱིས་མཎྚལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་ཡོད་འདུག

ཉིན་རྒྱབ་ཆུ་ཚོད་ ༢ སྟེང་། སྨན་རིའི་གཙུག་ལག་ཁང་མདུན་དུ་ཞབས་སོར་བཀོད་དེ། བླ་ཁྲི་མཁན་པོ་དགེ་བཤེས་ཉི་གྲགས་པ་རིན་པོ་ཆེ་ལགས་ནས་དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་དང་འབྲེལ་བའི་གཏམ་བཤད་དང་། དེ་རྗེས་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་བོན་གཞིས་སེར་སྐྱ་མང་ཚོགས་ལ་བཀའ་སློབ་བསྩལ་དོན། “ད་ལན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་འདིར་ཕྲན་དངོས་སུ་བཅར་ཐུབ་པ་འདིར་ཧ་ཅང་གིས་སྐལ་པ་བཟང་པོ་བྱུང་། སྔར་ནས་རྒྱལ་དབང་ཀརྨ་པའི་སྐུ་ཕྲེང་རིམ་བྱོན་དང་གཡུང་དྲུང་བོན་གྱི་བསྟན་པ་འཛིན་པ་དཔལ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིམ་བྱོན་རྣམས་ཕན་ཚུན་ལས་སྨོན་དང་འབྲེལ་འདྲིས་ཟབ་ཅིང་། ཕྲན་ནས་ཀྱང་གཤེན་བསྟན་ལ་དགའ་གུས་ཆེན་པོ་ཡོད་ཅིང་། བསྟན་པ་དར་རྒྱས་ཀྱི་སྨོན་འདུན་རྩེ་གཅིག་ཏུ་ཞུ་བཞིན་ཡོད་”ཅེས་དང་། ཁོང་གིས་མུ་མཐུད་དུ་ “ང་རང་ཚོ་དེ་རིང་འདིར་བཅར་བྱས།  མཇལ་ཐུབ་པ་དེ་ང་རང་གི་ཡིན་ན་ཡང་དམིགས་བསལ་གྱི་དོན་ཆེན་པོ་ཞིག་འགྲུབ་སོང་སྙམ་པ་ཞིག་དང་། སོ་སོ་མི་ཚེའི་ནང་གི་གང་ཅིའི་དོན་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་རྒྱུ་ཡིན། མ་འོངས་པར་ཡིན་ན་ཡང་གཡུང་དྲུང་བོན་གྱི་གདན་ས་འདིར་མཇལ་ཐུབ་པའི་རེ་བ་དང་སྨོན་ལམ་ཞུ་གི་ཡིན།”ཞེས་སོགས་གསུངས་ཡོད་འདུག

མཇུག་ཏུ་སྨན་རིའི་མཁན་རིན་པོ་ཆེ་ལགས་ནས་ཐུགས་རྗེ་ལེགས་གསོལ་གྱི་གཏམ་བཤད་དང་བཅས་མཛད་སྒོ་མཇུག་གྲུབ་རྗེས། གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དང་བོན་གཞིས་གསང་སྔགས་སྒོམ་སྒྲུབ་གླིང་བཅས་ལ་གཟིགས་སྐོར་གནང་ཞིང་། ཕྱི་དྲོའི་ཆུ་ཚོད་ ༣།༣༠ ཙམ་ལ་སྨན་རིའི་ཁྲི་འཛིན་གཙོས་བོན་གཞིས་སེར་སྐྱ་མང་ཚོགས་ཡོངས་ནས་ཕེབས་སྐྱེལ་ཞུས་ཡོད་འདུག གནས་ཚུལ་དང་པར་མཁོ་སྤྲོད་གནང་མཁན་ཁྲི་གཡུང་དྲུང་ཡིན།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 5

  1. མངའ་རིས་འཕྲིན་ལས། says:
    ལོ་ 12 སྔོན།

    བཀའ་བོན་གྱི་བསྟན་པའི་མངའ་བདག་རྣམ་གཉིས་གསེར་ཞལ་ལྷན་འཛོམ་གྱིས། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བཀའ་བོན་དམ་ཚིག་འོ་ཆུ་གཅིག་འདྲེས་ཀྱི་མཛད་རྗེས་ལ་གུས་འདུད་དང་། སླད་ཀྱང་བཀའ་བོན་བསྟན་པའི་མངའ་བདག་བླ་ཆེན་རྣམ་པ་དང་། དགེ་འདུན་གྱི་སྡེ་ཕན་ཚུན་ཁོང་རྣམ་པའི་མཛད་པར་འཕྲོ་མཐུད་ནས་དམ་ཚིག་རྡོག་རྩ་གཅིག་སྒྲིལ་གནང་དགོས་པ་ནི་དུས་དང་འཚམས་ལ་ལོ་རྒྱུས་ཀྱི་ཡང་སྙིང་དུ་ངེས་སོ།།

    Reply
  2. ཐོ་རེངས། says:
    ལོ་ 12 སྔོན།

    ཤ་སྐལ་ཆེ་དུས་བནྡེའི་ནང་། ཐུད་སྐལ་ཆེ་དུས་བོན་པོའི་ནང་།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ༸དཔལ་རྒྱལ་བ་ཀརྨ་པ་མཆོག་དང་། ༸དཔལ་རྒྱལ་བ་སྨན་རི་བ་མཆོག་རྣམ་གཉིས་ཀྱི། ༸སྐུ་ཚེ་ཡུན་དུ་བརྟན་ཅིང་། མཛད་འཕྲིན་ཕྱོགས་ཀུནད་ཏུ། རྒྱས་པའི་སྨོན་འདུན་ཞུའོ།། །།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་ དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་བོན་གཞིས་སེར་སྐྱ་མང་ཚོགས་ལ་བཀའ་སློབ་བསྩལ་དོན།
    “ད་ལན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་འདིར་ཕྲན་དངོས་སུ་བཅར་ཐུབ་པ་འདིར་ཧ་ཅང་གིས་སྐལ་པ་བཟང་པོ་བྱུང་། སྔར་ནས་རྒྱལ་དབང་ཀརྨ་པའི་སྐུ་ཕྲེང་རིམ་བྱོན་དང་གཡུང་དྲུང་བོན་གྱི་བསྟན་པ་འཛིན་པ་དཔལ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིམ་བྱོན་རྣམས་ཕན་ཚུན་ལས་སྨོན་དང་འབྲེལ་འདྲིས་ཟབ་ཅིང་། ཕྲན་ནས་ཀྱང་གཤེན་བསྟན་ལ་དགའ་གུས་ཆེན་པོ་ཡོད་ཅིང་། བསྟན་པ་དར་རྒྱས་ཀྱི་སྨོན་འདུན་རྩེ་གཅིག་ཏུ་ཞུ་བཞིན་ཡོད་”
    ཅེས་དང་། ་་་་་་

    Reply
  5. སྣང་རྒྱལ་ཤེར་དགེ says:
    ལོ་ 12 སྔོན།

    བླ་ཆེན་ཁག་གི་མཐུན་སྒྲིལ་ནི་ཆོས་ལུགས་ཁག་གི་མཐུན་སྒྲིལ་ཡིན་ཞིང་། ཆོས་ལུགས་ཁག་གི་མཐུན་སྒྲིལ་ནི་ང་ཚོའི་མི་རིགས་ཀྱི་མཐུན་སྒྲིལ་ཡིན། ༸དཔལ་རྒྱལ་བ་ཀརྨ་པ་མཆོག་དང་༸སྨན་རིའི་ཁྲི་འཛིན་རིན་པོ་ཆེ་རྣམ་པ་གཉིས་ཀྱི་མཛད་འཕྲིན་ལ་སྙིང་ནས་གུས་འདུད་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese