མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་གཉིས་ལ་བྲོས་བྱོལ་བྱས་མཐར་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར།

བོད་ཀྱི་དུས་བབ།
༢༠༡༣/༠༩/༠༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་མིར་རང་དབང་དགོས་པའི་སྦྱར་ཡིག་བཀྲམ་རྗེས་ལོ་གཉིས་རིང་རྒྱ་གཞུང་ལ་ཉེན་གཡོལ་བྲོས་བྱོལ་བྱས་མཐར་ཉེ་ཆར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་ཡོད་པ་བློ་བཟང་ཐུབ་བསྟན་ལགས་སུ་བཅར་འདྲི་ཞུས་ཡོད།

ཟི་ཁྲོན་དཀར་མཛེས་ཁུལ་སྡེ་དགེ་རྫོང་རྫ་ཁོག་ཞང་། ཀ་ཡུལ་གྲོང་ཚོ་ནས་ཡིན་པའི་བློ་བཟང་ཐུབ་བསྟན་ལགས་རྒྱ་གཞུང་གི་ཆབ་སྲིད་ཉེས་མིང་འོག ཁོས་ལོ་ ༢ རིང་བོད་ནང་གི་ས་ཁུལ་མང་པོར་ཉེན་གཡོལ་བྲོས་བྱོལ་བྱས་མཐར། ཉེ་ཆར་ཕྱི་ཟླ་ ༨ ཚེས་ ༥ ཉིན་རྒྱ་གར་ངྷ་རམ་ས་ལའི་དབུས་སྣེ་ལེན་ཁང་དུ་འབྱོར་ཡོད་པ་དང་། འདི་གའི་གསར་འགོད་པས་ཁོང་ལ་ཐུག་འཕྲད་བྱས་ཏེ། ཁོས་བོད་ནང་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་ཇི་ལྟར་སྤེལ་བ་དང་། རྒྱ་གཞུང་གི་འཛིན་བཟུང་བཀའ་རྒྱའི་འོག་ས་ཆ་གང་དག་ལ་བྲོས་བྱོལ་བྱས་པ། མཐར་རྒྱ་གར་ལ་ཇི་ལྟར་ཡོང་བ་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུས་ཡོད།

བློ་བཟང་ཐུབ་བསྟན་ལགས་ཀྱིས་བརྗོད་པ་ལྟར་ན། ཁོ་རང་ཆུང་ཆུང་ཡིན་སྐབས་ཁོའི་སྤོ་བོ་དང་རྨོ་མོ་གཉིས་ཀྱིས་ང་དགུ་ལོར་རྒྱ་དམར་གིས་བོད་ཡོངས་རྫོགས་བཙན་བཟུང་བྱས་ཏེ་བོད་མི་མང་པོ་དམར་གསོད་བཏང་བ་དང་། བཙོན་འཇུག་མནར་གཅོད་བཏང་བའི་ལོ་རྒྱུས་མང་པོ་བཤད་པའི་བག་ཆགས་སེམས་ངོར་འབྱར་ཡོད་པ་དང་། ཁོ་རང་འཚར་ལོངས་བྱུང་རྗེས་རྒྱ་གཞུང་གིས་བཙན་ཤེད་ཀྱིས་བོད་མིའི་ས་ཞིང་ཐོག་ཤིང་སྡོང་འདེབས་འཛུགས་དང་འབྲོག་པའི་རྩྭ་སར་ལྕགས་རྭ་སྐོར་བ། ཕྱུགས་ཟོག་ཚོད་འཛིན་བྱས་པ་སོགས་ཀྱི་སྲིད་ཇུས་རབ་དང་རིམ་པ་སྤེལ་བ། ལྷག་པར་དུ་ ༢༠༠༨ ལོའི་བོད་མིའི་གྱེན་ལངས་ཆེན་མོ་བྱུང་སྟེ་རྒྱ་གཞུང་གིས་བོད་མིར་དྲག་གནོན་བྱས་སོགས་སེམས་ནང་བཟོད་བསྲན་མ་ཐུབ་པར། ཕྱི་ལོ་ ༢༠༡༡ ལོའི་བོད་ཟླ་ ༡ ཚེས་ ༢ ཉིན་ཁམས་སྡེ་དགེ་རྫོང་རྫ་ཁོག་ཞང་དུ། ཁོ་རང་དང་ཚེ་རིང་སྐྱབས་པོ་དང་། བྱམས་པ་དངོས་གྲུབ་མི་གསུམ་གྱིས་སྡེ་དགེ་རྫོང་གི་ས་གནས་ཁག་མང་པོའི་ནང་། “ ༸གོང་ས་མཆོག་ཕོ་བྲང་པོ་ཏ་ལར་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས། རྒྱ་མི་བོད་ནས་མཐར་སྐྲོད་གཏོང་དགོས། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་ཤོག ” སོགས་འཁོད་པའི་ཡིག་ཆ་བཀྲམ་ཡོད་འདུག

ཁོང་གསུམ་གྱིས་སྦྱར་ཡིག་དེ་དག་བཀྲམ་རྗེས་བྲོས་བྱོལ་བྱས་ཏེ་དཀར་མཛེས་རྫོང་གོང་ལམ་ཞང་མདའ་ཧོར་གྲོང་དུ་ཟླ་གཅིག་ལྷག་རིང་ཉེན་ཡོལ་བྱས་ཡོད་པ་དང་། ཉིན་དེའི་ཕྱི་དྲོར་རྒྱ་ནག་གི་དམག་མི་དང་ཉེན་རྟོག་པ་མང་པོ་འབྱོར་ཏེ་སྡེ་བའི་མཐའ་སྐོར་ཞིང་། མང་ཚོགས་ལ་འཇིགས་སྣང་སྐུལ་ཏེ་རྩད་གཅོད་བྱེད་སྐབས། སྦྱར་ཡིག་བཀྲམས་མཁན་ཁོང་གསུམ་ཡིན་པ་ཤེས་རྟོགས་བྱུང་ཡོད་པ་དང་། ཁོང་གསུམ་གྱི་ཁྱིམ་ཡོངས་སྔོག་བཤེར་བྱས་ཏེ་རྒྱུ་དངོས་མང་པོ་འཕྲོག་བཅོམ་བྱས་ཡོད་པ་མ་ཟད། བློ་བཟང་ཐུབ་བསྟན་ལགས་ཀྱི་ཨ་མ་རང་ལོ་ ༦༣ ཡིན་པ་འཛིན་བཟུང་བྱས་ཡོད་འདུག ལོ་དེའི་བོད་ཟླ་ ༣ པའི་ནང་རྒྱ་ནག་གཞུང་གིས་སྡེ་དགེ་རྫོང་གི་ས་གནས་ཁག་ཡོངས་ནང་། བློ་བཟང་ཐུབ་བསྟན་དང་ཚེ་རིང་སྐྱབས་པོ། བྱམས་པ་དངོས་གྲུབ་གསུམ་འཛིན་བཟུང་བྱེད་མཁན་ཡོད་ན་རྒྱ་སྒོར་ཁྲི་ ༡༢ རེ་སྤྲོད་རྒྱའི་གསལ་བསྒྲགས་སྦྱར་ཡོད་པ་མ་ཟད། ཉེན་རྟོག་པས་ག་ས་གང་དུ་རྩད་གཅོད་བྱེད་ཀྱི་ཡོད་སྟབས། ཁོ་གསུམ་མཉམ་དུ་སྐྱོད་ན་ཉེན་ཁ་ཆེ་བར་གཟིགས་ཏེ། བློ་བཟང་ཐུབ་བསྟན་དཀར་མཛེས་ནས་རྫ་ཆུ་ཁ་དང་། དེ་ནས་ས་གནས་རིམ་པ་བརྒྱུད་དེ་ཕྱི་ཟླ་ ༩ བའི་ནང་ལྷ་སར་འབྱོར་ཡོད་འདུག

སྐབས་དེར་ལྷ་སར་ཁམས་དང་ཨ་མདོའི་ཕྱོགས་ཀྱི་བོད་མི་ཚོར་ཐོབ་ཐང་ལག་འཁྱེར་མེད་ན་སྡོད་གནས་རག་གི་མེད་པའི་དཀའ་ངལ་འོག ལྷ་སའི་འབྲས་སྤུངས་དང་སེ་ར་དགོན་པའི་ཉེ་འཁྲིས་སོགས་སུ་ཉིན་དཀར་རི་མགོར་སྦས་སྐུང་དང་། མཚན་མོ་དགོན་པའི་ཉེ་སར་བཅར་ཏེ་ཟ་མ་དང་ཉལ་ས་ངན་ངོན་རེ་རག་ཐབས་བྱས་ཏེ་ཟླ་ ༢ ཙམ་བསྡད་ཡོད་འདུག སྐབས་དེར་ཕ་ཡུལ་གཅིག་པ་འགར་ཐུག་སྟེ་སྦྱར་ཡིག་བཀྲམ་རོགས་ཚེ་རིང་སྐྱབས་པོ་ལགས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་ཆགས་ཡོད་པ་དང་། བྱམས་པ་དངོས་གྲུབ་ལགས་སྔོན་མ་ཁོང་གསུམ་ཁ་གྱེས་པའི་རྗེས་ལ་གར་སོང་ཅི་ཆགས་ཀྱི་གནས་ཚུལ་མི་གཅིག་གིས་ཀྱང་ཤེས་རྟོགས་མེད་པ་ཆགས་པ་སོགས་གོ་ཡོད་འདུག གནས་ཚུལ་དེ་དག་ཐོས་རྗེས་ཕྱིར་རང་ཡུལ་དུ་འགྲོ་ས་མེད་པ་ཤེས་ཏེ་རྒྱ་གར་ནང་སྐྱབས་བཅོལ་དུ་འགྲོ་རྒྱུའི་སེམས་ཐག་བཅད་དེ། ༢༠༡༢ ལོའི་ལོ་མགོར་ལྷ་ས་ནས་མངའ་རིས་ཕྱོགས་སུ་སོང་སྟེ་ཟླ་ཤས་རིང་འབྲོག་པ་ཚོར་ཕྱུགས་འཚོ་རོགས་བྱས་ཏེ་བསྡད་ཡོད་ཅིང་། ལོ་དེའི་བོད་ཟླ་ ༥ པ་ཡས་མས་སུ་བོད་དང་བལ་བོའི་ས་མཚམས་སྤུ་ཧྲེང་དུ་འབྱོར་ཏེ་ས་བརྐོ་རྡོ་སློག་གི་ལས་ཀ་བྱས་ཏེ་ཟླ་ཤས་རིང་བསྡད་ཡོད་པ་དང་། སྐབས་དེར་ལམ་ཁྲིད་པ་མེད་པར་ཐེངས་གཅིག་ལ་གངས་རི་བརྒྱུད་དེ་ས་མཚམས་བརྒལ་ཐབས་བྱས་ཀྱང་ལམ་ནོར་ཐེབས་ཏེ་ཕྱིར་ལོག་དགོས་བྱུང་ཡོད་འདུག

སྤུ་ཧྲེང་ས་གནས་ཀྱི་མི་ལ་སྐད་ཆ་དྲིས་ཏེ་ས་མཚམས་ཀྱི་གནས་སྟངས་དང་། རྒྱ་གར་དང་བལ་ཡུལ་ནང་ལམ་ཁ་གང་དུ་ཡོད་མེད་སོགས་ལ་རྒྱུས་ལོན་ཡག་པོ་བྱས་ཏེ། བོད་ཟླ་ ༡༡ པའི་ནང་ས་མཚམས་ཀྱི་དམག་སྒར་བརྒལ་ཏེ་ཟླ་གཅིག་ལྷག་རིང་གོམ་པ་བརྒྱབ་མཐར། རྒྱ་གར་ཨུ་ཊིར་ཀང་མངའ་སྡེའི་ལྡེ་ར་རྡུན་ཕྱོགས་སུ་འབྱོར་ཡོད་པ་དང་། གྷང་ཇི་ལཱ་ས་གནས་སུ་འབྱོར་སྐབས་རྒྱ་གར་དམག་མིས་འཛིན་བཟུང་བྱས་ཡོད་འདུག དམག་མི་ཚོས་ཁོང་ལ་ཟ་མ་དང་གྱོན་ཆས་སོགས་སྤྲད་ཡོད་པ་དང་། ཕྱིས་སུ་མདའ་ཆུང་ལ་ཞེས་པའི་ས་ཆར་ཁྲིད་དེ་བོད་པའི་སྐད་སྒྱུར་བ་འཁྲིད་ཡོང་སྟེ་འདྲི་རྩད་བྱས་རྗེས། ཊེ་ཊེ་ཨེར་ཌི་ཞེས་པའི་བཙོན་ཁང་དུ་ཟླ་ ༢ ལྷག་རིང་བཀག་ཉར་བྱས་ཡོད་པ་དང་། ཨ་ལོ་མུ་རཱ་ཞེས་པའི་ས་གནས་བཙོན་ཁང་དུ་ཟླ་ ༤ ཙམ་ལ་བཅུག་རྗེས་རྒྱ་གར་དང་བལ་བོའི་ས་མཚམས་ཤིག་ཏུ་ཀློད་གྲོལ་བཏང་ཡོད་འདུག

ཁོ་བཙོན་ཁང་དུ་སྡོད་རིང་བལ་ཡུལ་གྱི་བཙོན་པ་ཞིག་ས་ནས་བལ་ཡུལ་མཆོད་རྟེན་དང་རྒྱ་གར་ལྡི་ལི། ལྡེ་ར་རྡུན་སོགས་ཀྱི་བོད་མི་སྡོད་ཡུལ་ས་གནས་ཁག་ཅིག་གི་མིང་ཡིག་ཐོག་ཏུ་བྲིས་ཡོད་པ་དེ་རྒྱ་གར་བ་ཚོར་བསྟན་པ་དང་། སྐབས་དེར་ཁོ་ལ་རྒྱ་སྒོར་ ༤༠༠ ཙམ་ཡོད་པ་དེ་བརྗེ་བོ་རྒྱག་ས་མ་རག་པར་དཀའ་ངལ་མང་པོ་འཕྲད་ཡོད་འདུག་ལ། མཐར་ལག་མགོའི་ཆུ་ཚོད་བཙོང་སྟེ་རླངས་འཁོར་ཞིག་ལ་བསྡད་དེ་ལྡི་ལིར་འབྱོར་ཡོད་འདུག ལྡི་ལི་ནས་ཡར་འཁྱམ་མར་འཁྱམ་བྱས་མཐར་བོད་མི་ཁག་ཅིག་ལ་ཐུག་སྟེ་ལྡི་ལིའི་སྣེ་ལེན་ཁང་ལ་བསྐྱལ་ཡོད་པ་དང་། ལྡི་ལིའི་སྣེ་ལེན་ཁང་དུ་ཞག་ ༢ ལ་བསྡད་རྗེས་བལ་ཡུལ་སྣེ་ལེན་ཁང་དུ་བསྐྱལ་ཡོད་འདུག དེ་གར་ཉིན་ ༢༥ རིང་བསྡད་རྗེས་ཉེ་ཆར་སླར་རྒྱ་གར་ངྷ་རམ་ས་ལའི་དབུས་སྣེ་ལེན་ཁང་དུ་འབྱོར་ཡོད་འདུག  

ཁོང་ལ་ནང་མི་ཚོས་ཁོ་རང་གི་གནས་ཚུལ་ཧ་གོ་ཡོད་མེད་དང་རྒྱ་གར་ནང་འབྱོར་རྗེས་ཕ་ཡུལ་དུ་འབྲེལ་བ་བྱས་ཡོད་དྲིས་པར། “ ང་ཚོ་ཕ་ཡུལ་དང་ཁ་བྲལ་རྗེས་རྒྱ་གཞུང་གིས་ཡུལ་མི་ཚོར་དམ་དྲག་བྱེད་ཀྱི་ཡོད་པ་དང་། ནང་མི་འགའ་རེ་འཛིན་བཟུང་བྱས་སོང་བ་གོ་སོང་། དེིའི་རྗེས་ནས་བཟུང་གནས་ཚུལ་གཅིག་ཀྱང་གོ་མ་སོང་། ང་རང་གི་ནང་མིས་ང་ཤི་གསོན་གང་བྱུང་ཧ་གོ་ཡོད་པ་མ་རེད། ང་ངྷ་རམ་ས་ལར་འབྱོར་རྗེས་མཱེག་ལོར་ནས་ཕ་ཡུལ་གཅིག་པ་ཞིག་ལ་ཐུག་སྟེ། ཁོས་ངའི་ནང་མིར་ཁ་པར་བཏང་སྟེ་ང་ཤི་མེད་པར་རྒྱ་གར་ལ་འབྱོར་ཡོད་པ་བཤད་ཡོད་པ་རེད” ཅེས་བརྗོད་བྱུང་། 

མཇུག་ཏུ་བློ་བཟང་ཐུབ་བསྟན་ལགས་སུ་ཁོང་ལ་རྒྱ་གར་ནང་འབྱོར་བར་སེམས་ཚོར་གང་འདྲ་ཡོད་མེད་དྲིས་པར། “ ད་ང་རང་རྒྱ་གར་རང་དབང་ལུང་པར་ཐར་ཙམ་བྱུང་སོང་། ཡིན་ནའང་བོད་ནང་བོད་མི་མང་པོ་ཞིག་རྒྱ་གཞུང་གི་བཙན་གནོན་འོག་དཀའ་སྡུག་མྱོང་གི་ཡོད་པ་རེད། ལྷག་པར་དུ་བཙོན་འོག་ཏུ་ཚུད་པ་མང་པོ་ཞིག་གིས་ཉིན་འཁྱོལ་ཡང་མཚན་མ་འཁྱོལ་བར་མནར་གཅོད་མྱོང་གི་ཡོད། ད་དུང་ང་དང་ང་ལྟ་བུ་མང་པོ་ཞིག་བྲོས་བྱོལ་བྱས་ཏེ་དངངས་སྐྲག་འོག་བསྡད་ཡོད། དེ་དག་གི་ཆེད་དུ་ང་ཚོས་ག་རེ་བྱེད་དགོས་པ་རེད། ངའི་སེམས་ཚོར་ཆེ་ཤོས་དེ་རེད”ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད། ༽

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་ ང་རང་གི་ནང་མིས་ང་ཤི་གསོན་གང་བྱུང་ཧ་གོ་ཡོད་པ་མ་རེད། ང་ངྷ་རམ་ས་ལར་འབྱོར་རྗེས་མཱེག་ལོར་ནས་ཕ་ཡུལ་གཅིག་པ་ཞིག་ལ་ཐུག་སྟེ།
    ཁོས་ངའི་ནང་མིར་ཁ་པར་བཏང་སྟེ་ང་ཤི་མེད་པར་རྒྱ་གར་ལ་འབྱོར་ཡོད་པ་བཤད་ཡོད་པ་རེད” ཅེས་བརྗོད་བྱུང་། ་་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese