མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲོག་སྐྱོབ་རེ་སྐུལ་གྱི་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༣/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཉི་མའི་ཉིན་ནས་བཟུང་ཨོ་སི་ཊོ་ལི་ཡ་དང་སུད་སི་གནས་སྡོད་བོད་མི་ཚོས་བློ་བཟང་དཀོན་མཆོག་ལགས་དང་། སྒྲོལ་མ་སྐྱབས་གཉིས་ཀྱི་ཆེད་སྲོག་སྐྱོབ་རེ་སྐུལ་གྱི་ལས་འགུལ་སྤེལ་ཡོད་འདུག 

ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཨོ་སི་ཊོ་ལི་ཡའི་རྒྱལ་ས་སི་ཌི་ནེའི་ (Sydney) གྲོང་ཁྱེར་གྱི་ཌི་ཝེ་རུ། མདོ་སྨད་སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས་དང་། ཨོ་གླིང་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དགོ་ཚང་ནེ་རྒན། ནེའུ་ཁེ་སི་ཊེལ་ (Newcastle) བོད་རིགས་ཚོགས་གཙོ་མདའ་བཞིའི་ཕུན་ཚོགས་རྒྱ་མཚོ། སི་ཌེ་ནེ་བོད་རིགས་ཚོགས་པའི་དྲུང་ཆེ་ཡ་ལོ་ངག་དབང་ཆོས་འཕེལ། རིག་གཞུང་འགན་འཛིན་ཕུར་བུ་ཚེ་རིང། སི་ཌི་ནེ་བོད་ཀྱི་གཞོན་ནུའི་ཚོགས་གཙོ་བརྩོན་འགྲུས་འོད་ཟེར་བཅས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་མ་ཉེས་ཁག་གཡོག་གིས་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པའི་བོད་མི་སྤྱི་དང་། དམིགས་བསལ་སྲོག་ཁྲིམས་ཀྱི་ཁྲིམས་ཐག་བཅད་ཡོད་པའི་གྲྭ་བློ་བཟང་དཀོན་མཆོག་ལགས་དང་། མི་སྐྱ་སྒྲོལ་མ་སྐྱབས་གཉིས་ལ་ཉེས་མེད་ཉེས་འགེལ་གྱིས་སྲོག་ཁྲིམས་བཅད་པའི་ཐད། རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་མི་ཁོང་གཉིས་ཀྱི་ཚེ་སྲོག་སྐྱོབ་དགོས་པའི་རེ་འབོད་ཀྱི་མཚན་རྟགས་བསྡུ་རུབ་དང་བོད་དོན་དྲིལ་བསྒྲགས་ཀྱི་ཡིག་ཆ་འགྲེམས་སྤེལ་སོགས་བྱས་ཡོད་འདུག

ཁ་སང་ཕྱི་ཚེས་ ༩ ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་འཚོག་བཞིན་པའི་སྐབས་དང་སྟབས་བསྟུན་ཏེ། སུད་སི་ཡོད་པའི་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག བོད་མི་ ༥༠ ལྷག་ཇི་ནེ་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་འཛོམས་ཏེ། རྒྱ་ནག་གཞུང་གིས་གྲྭ་བློ་བཟང་དཀོན་མཆོག་དང་། མི་སྐྱ་སྒྲོལ་མ་སྐྱབས་གཉིས་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་ངོ་རྒོལ་དང་། རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་། དམིགས་བསལ་བོད་མི་ཁོང་གཉིས་ལ་རྒྱལ་སྤྱིའི་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དགོངས་དོན་དང་མི་མཐུན་པའི་ཁྲིམས་ཆད་བཏང་བར། ལྷན་ཚོགས་ཀྱི་ངོས་ནས་དྲང་བདེན་གྱིས་ལན་འདེབས་བྱེད་དགོས་པ་དང་། ཉེས་མེད་བོད་མི་གཉིས་ཀྱི་ཚེ་སྲོག་སྐྱོབ་དགོས་པའི་འབོད་སྐུལ་གནང་ཡོད་འདུག

ལས་འགུལ་ཐོག་སུད་སི་དང་ལིཀ་ཏེན་སིཊ་ཡན་བོད་རིགས་མི་མང་གི་སྐུ་ཚབ་ངག་དབང་ཆོས་གྲགས་ལགས་ཀྱིས། རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུའི་གནས་སྟངས་ངོ་སྤྲོད་བཀའ་སློབ་དང་། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་དཔའ་བོ་ལགས་དང་། ཚོགས་གཞོན་མཁར་འཕགས་ལགས་བཅས་ཀྱི་ཐེངས་འདིའི་ལས་འགུལ་དང་འབྲེལ་བའི་གཏམ་བཤད་བཅས་གནང་ཡོད་པ་མ་ཟད། ཕྱི་ཚེས་ ༩ ནས་ ༢༧ བར་ཚོགས་བཞིན་པའི་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུའི་ཐོག གོང་གསལ་ཚོགས་པ་ཁག་གིས་དང་པོ། རྒྱ་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ནས་བོད་མི་ས་ཡ་གཅིག་ལྷག་དམར་གསོད་དང་། བོད་མིའི་ཆོས་དང་རིག་གཞུང་། ཁོར་ཡུག་བཅས་གཏོར་བཅོམ་བཏང་དང་གཏོང་བཞིན་པར་རྒྱལ་ཚོགས་ཀྱིས་གནོན་ཤུགས་སྤྲོད་རྒྱུ། གཉིས་པ། བོད་ནང་རང་ལུས་མེར་སྲེག་གནང་མཁན་བརྒྱ་དང་ཉི་ཤུ་ལྷག་བྱུང་བར་དྲང་བདེན་གྱི་ཉམས་ཞིབ་བྱ་རྒྱུ། གསུམ་པ། རང་ལུས་མེར་བསྲེཊ་ཀྱི་དོན་རྐྱེན་དང་འབྲེལ་ནས་གྲྭ་བློ་བཟང་དཀོན་མཆོག་དང་སྒྲོལ་མ་སྐྱབས་གཉིས་སྲོག་ཁྲིམས་བཅད་ཡོད་པ་མཚོན། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ནང་མིར་སུན་བཙེར་མནར་གཅོད་གཏོང་བཞིན་པར་གླེང་སློང་བྱ་དགོས་པའི་སྐོར་བཅས་དགོས་འདུན་དོན་ཚན་གསུམ་ཡོད་པའི་སྙན་ཞུ་ཞིག མཉམ་འབྲེལ་རྒྱལ་ཚོགས་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཨེ་ཤ་ཡའི་སྡེ་ཚན་བཅས་སུ་ཕུལ་ཡོད་པ་མ་ཟད། དགོས་འདུན་དོན་ཚན་དེ་དག་དང་བོད་གནས་ཡིག་ཆ་ ༡༠༠༠ ལྷག་པར་བསྐྲུན་འགྲེམས་སྤེལ་བྱས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 2

  1. བསྟན་འཛིན་ཕུན་ཚོགས། says:
    ལོ་ 13 སྔོན།

    དྲ་གྲོགས་ལགས་ཁྱེད་ཀྱིས་བཤད་པ་ཅིའི་མ་བདེན། གཞུང་མང་གཉིས་ཀྱི་ཐོག་ནས་ཤ་ཚ་དགོས་གཏུག་གི་ལས་འགུལ་སྣ་མང་སྤེལ་དགོས་ངེས་རེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གིས་ཀྱང་ལས་འགུལ་དོན་ཕན་ལྡན་པ་ཞིག་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་གནད་ཡོད་མི་སྣ་ཚོར་ད་ལྟའི་བོད་ནང་གི་གནས་བབ་དང་ཉེས་མེད་སྲོག་འཁྲིམས་བཅད་ཡོད་པའི་བོད་མི་དག་གང་མགྱོག་སྐྱོབ་ཐབས་བྱ་དགོས།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    གཞུང་སྒེར་གྱི་ཆབ་སྲིད་རྣོ་ངར་ཚང་མ་འདི་འདྲའི་ལས་འགུལ་ནང་ལ་གཅིག་ཏུ་སྤུངས་དགོས་མི་འདུག་གམ། ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese