མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཤག་གི་གསལ་བཤད།

བོད་ཀྱི་དུས་བབ།
༢༠༡༣/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བཀའ་ཤག་གིས་གསལ་བཤད་ཅིག་གནང་སྟེ་གཟའ་པ་སངས་ཉིན་བོད་མི་མང་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་གསལ་བཤད་ཅིག་གནང་བའི་ནང་དོན་བདེན་པ་མིན་སྐོར་བརྗོད་འདུག

བཀའ་ཤག་གི་གསལ་བསྒྲགས་གནང་བཀོད་དོན། ཕྱི་ཚེས་  ༦ ཉིན་བོད་མི་མང་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཁོང་གིས་གྲོས་ཚོགས་ནང་ྋགོང་ས་མཆོག་ནས་ལམ་དབུ་མ་གསུང་གི་ཡོད་ཀྱང་ཐུགས་ནང་རང་བཙན་ཡོད་ལུགས་ལབ་མེད་སྐོར་དང་། གལ་སྲིད་དེ་ལྟར་ལབ་ཡོད་ན་གྲོས་ཚོགས་ནང་བཀའ་ཤག་དང་སྤྱི་འཐུས་བཞུགས་ཡོད་སྟབས། དགག་ལན་ངེས་པར་དུ་རྒྱག་དགོས་པ་ཞིག་ཡིན་ཡང་བརྒྱབ་མེད་ཟེར་བ་དེ་བདེན་པ་མིན་པའི་གསལ་བཤད་གནང་འདུག

བཀུར་འོས་སྤྱི་འཐུས་ཀྱིས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་ལྔ་པ་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༧ ཉིན་སྤྱི་འཐུས་སྒེར་གྱི་གསལ་བཤད་བྱ་རྒྱུའི་གོ་སྐབས་བཟུང་སྟེ་ “ངས་ཤེས་ཚོད་བྱས་པ་ཡིན་ན་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་དབུ་མ་དེ་ཛ་དྲག་དང་དེ་འདྲའི་གནས་སྟངས་ཤིག་ལ་གཟིགས་ནས་ཐབས་བརྒྱ་ཇུས་སྟོང་གིས་ཐབས་ཤེས་ཤིག་བཏོན་གནང་བ་རེད་མ་གཏོགས། དགོས་པ་དེ་ྋསྐུ་མདུན་གྱི་དགོངས་པའི་ནང་དུ་ཡང་རང་དབང་རང་བཙན་རེད་བསམ་པ་དེ་ཡོད།” ཅེས་སོགས་ལམ་དབུ་མ་དང་འབྲེལ་བའི་གསུང་བཤད་དེ་གནང་བ་རེད། གསུང་བཤད་དེ་གྲུབ་མ་ཐག་ཏུ་དཔལ་ལྡན་ཚོགས་གཙོ་མཆོག་སྐུ་བཞེངས་ཀྱིས་སྤྱི་འཐུས་སྒེར་གྱི་གསལ་བཤད་དེའི་ཐོག་གྲོས་ཚོགས་ནང་བགྲོ་གླེང་གནང་མི་དགོས་པའི་རྒྱུ་མཚན་འགྲེལ་བཤད་བཅས་བཏང་འཛིན་ལམ་སྟོན་གནང་བ་ལ་བརྟེན་ནས་བཀའ་ཤག་ལ་སྐབས་དེར་དགོངས་ཚུལ་གསུང་རྒྱུའི་གོ་སྐབས་བྱུང་མེད།

འོན་ཀྱང་ཕྱི་ཉིན་བཀའ་ཤག་གི་གསལ་བཤད་ལ་སྤྱི་འཐུས་རྣམ་པའི་བགྲོ་གླེང་རྗེས་ ལན་འདེབས་གནང་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གནད་དོན་དེ་གལ་ཆེར་བརྩིས་ནས་ “བཀུར་འོས་སྤྱི་འཐུས་གཅིག་གིས་ྋགོང་ས་མཆོག་གི་ཞལ་ནས་དབུ་མའི་ལམ་གསུངས་ཀྱི་ ཡོད་ནའང༌། ཐུགས་ལ་རང་བཙན་གྱི་དགོངས་པ་ཡོད་པའི་ཚོད་དཔག་གཅིག་གནང་སོང༌། ཚོད་དཔག་གནང་བ་དེ་གཞི་རྩ་ཡོད་མ་རེད་ཅེས་ཞུ་རྒྱུ་ཡིན། གང་ཡིན་ཞེ་ན། ྋགོང་ས་མཆོག་གི་དགོངས་པ་དེ་ཞལ་ཞེ་གཉིས་མེད། སྔ་ཕྱི་བར་གསུམ་ལ་གསལ་པོ་བཀའ་གནང་བསྒྲུབས་པ་རེད། དེ་འདྲ་གསུངས་ཡོང་དུས་ྋགོང་ས་མཆོག་གི་ཐུགས་ལ་གཅིག་ཡོད་པ་དང༌། ཞལ་ནས་གཅིག་གསུངས་པ་རེད་ཟེར་བ་དེ་གཞི་རྩ་མེད་པ་རེད་ཞུ་རྒྱུ་ཡིན།” ཞེས་སོགས་དགག་ལན་གནད་བསྡུས་ཤིག་གྲོས་ཚོགས་དེ་རང་ལ་གནང་ཡོད། ཅེས་སོགས་བཀོད་འདུག

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 12

  1. འདྲེ་མགོ་རྡོ། says:
    ལོ་ 12 སྔོན།

    སྐུ་ཞབས་ཤར་ཕྱོགས་ཁུག་རྟའི་དགོངས་ཚུལ་དེ་བརྒྱུད་འགོད་ཆོག་མཆན་གནང་རོགས་ཞུ།།

    Reply
  2. མངའ་རིས་འཕྲིན་ལས། says:
    ལོ་ 12 སྔོན།

    པདྨའི་དྲི་བསུང་ལགས་ཀྱིས།༼སྤྱི་འཐུས་ཀར་ཆོས་འཕེལ་ནི། ཀམ་ཚང་བཀའ་བརྒྱུད་ཀྱི་འོས་ཤོག་བླུག་པ་རེད། འབྲི་གུང་བཀའ་བརྒྱཡད་དང་། འབྲུག་པ་བཀའ་བརྒྱུད་གཉིས་ནས་མོས་མཐུན་རྩ་བ་ནས་མེད། འོན་ཀྱང་འོས་ཤོག་བརྫུན་མ་མག་པོ་བཟོས་ནས་་ཚང་གིས་བླུག་པ་ཤ་སྟག་རེད།༽ཟེར་བ་ནི་ཀརྨ་ཆོས་འཕེལ་མི་སྒེར་ལ་འཁོན་འཛིན་གྱིས་ཀཾ་ཚང་ལ་ཟུར་གྱིས་ཟས་འདུག་པར་བློ་ཕམ་ཡོད། མ་གཞི་རྒྱ་གར་རང་དབང་ལུང་པ་རེད། སྨྲ་བརྗོད་རང་དབང་རེད། འོན་ཀྱང་རང་དབང་མང་གཙོ་ལོངས་སུ་སྤྱོད་མ་ཤེས་ན་སྤུ་གུའི་ལག་ཏུ་སྤུ་གྲི་སྤྲད་པ་དང་གཅིག་པ་རེད། བཤད་ཚད་བྱས་ཚད་རང་དབང་ཡིན་བསམ་ནས་ཁ་བདག་མེད་གང་དྲན་བཤད། ལག་བདག་མེད་གང་དྲན་བྲིས། རེད་དེ་འབྲི་འབྲུག་གཉིས་ཀྱི་ཚབ་དེ་ཁྱོད་ཀྱི་མཚོན་ཐུབ་དང་མི་ཐུབ། འོས་སམ་མི་འོས། འགྲིག་གམ་མི་འགྲིག་བསམ་བློ་སྔོན་དུ་གཏོང་རོགས། ཀརྨ་ཆོས་འཕེལ་ཀཾ་ཚང་གཅིག་པུས་འོས་ཤོག་རྫུན་མ་བཟོས་ནས་བླུགས་ཡིན་པ་ཁྱོད་ལ་དཔང་པོ་ཡོད་ཚོད་རེད། དེ་དུས་ཁྱོད་ཀྱི་ཧ་གོ་བཞིན་དུ་འོས་བསྡུ་ལས་ཁུངས་སོགས་འབྲེལ་ཡོད་བཤད་མ་ཕོད་པ་གང་བྱས་པ་རེད། དེས་ཁྱོད་རང་གི་ངོ་གདོང་དམར་རྗེན་སྟོན་འདུག་པས་གཟབ་པར་འཚལ། བུང་བུ་སྔོན་ས་རབ་རྗེས་ཟེར་བ་དེ་ཁྱོད་རེད་འདུག གང་ལྟར་སོ་སོས་བཤད་པ་དེ་བདག་པོ་ཡོད་པ་ཞིག་དང་འགན་ལེན་ཡོད་པའི་ཐོག་ནས་བཤད་རྒྱུ་དང་བྱེད་རྒྱུ་གལ་ཆེན་པོ་རེད། དེ་མིན་ཁ་ལ་ཚོད་མེད་རྐུབ་ལ་ཉོ་བའི་གཞི་ཞེས་པ་ལས་མ་འདས་སོ།།

    Reply
  3. འཇམ་གཅེས ། says:
    ལོ་ 12 སྔོན།

    དེ་རིང་བཀའ་ཤག་གིས་གསལ་བཤད་ཡག་པོ་གནང་འདུག་པས་དགའ་བསུ་ཞུ་འོས། དེ་མིན་མི་རིགས་ཀྱི་རྩ་དོན་ཁ་ལ་འཁྱེར་ནས་འགྲོ་བཞིན་པའི་དྲྭ་བའི་འབུ་ངན་སྤྱི་དང་། ལྷག་པར་དུ་ཡང་དྲྭ་འབུ་གསེར་འབྲུག་མིང་ཅན་འདིས་བཤད་རྒྱུར། ༼བོད་མི་རིགས་འདི་ནང་ཁུལ་དམའ་འབེབས་རྒྱུ་དང་ངན་སྨྲས་ཀྱལ་ཀ་གཏོང་རྒྱུར་སྟག་འདྲ་པོ་ཆགས་འགྲོ་ལ། རོ་ཁ་རྒྱ་ལ་བསྐོར་དུས་ཞི་མི་ལྟར་ཆགས་འགྲོ་བ་དེ་ཡ་མཚན་རང་རེད། ༽ཟེར། ཡང་ན་ཁོ་རང་ཉིད་མི་གང་འདྲ་ཞིག་ཡིན་ནམ། ཕ་རོལ་པོའི་སྔོན་དུ་སྟག་ལྟར་ག་ཚོད་གཟི་འཆང་ཡོད་པ་ཡིན་ནམ། དོན་ངོ་མའི་ལ་རྒྱ་ཅན་ཟིག་ཡིན་ན་སྤྱི་ཚོགས་དྲྭ་འབུ་འཁྲབ་དགོས་དོན་མེད་པ་རེད།

    Reply
  4. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    ཀརྨ་ཆོས་འཕེལ། སྐྱག་རྫུན་མ་བཤད།

    ༄༅།། ༢༠༡༣ ཟླ ༩ ཚེས ༢ ཉིན་གཞུང་ཞབས་སྡེ་འགན་ཡན་ལ་༸གོང་ས་ཆེན་པོས་ཞལ་མཇལ་བཀའ་སློབ་བཀའ་དྲིན་བསྐྱངས་སྐབས། ༸མགོན་པོ་གང་ཉིད་ཐུགས་ཕམ་གྱི་བཀའ་སློབ་རྗེས་ཟློས་ཙམ་ཡང་བྱེད་མི་ཕོད་པ་དེའི་བྱུང་རྐྱེན་ནང། ཀརྨ་ཆོས་འཕེལ་གྱིས་སྤྱི་ལྷན་སྐབས་བཅོ་ལྔའི་གྲོས་ཚོགས་ཚོགས་དུས་ལྔ་པ་བཀའ་ཤག་གི་ཚོགས་ཁང་ནང་སྐོང་འཚོགས་གནང་བའི་སྟེང་༼ ༢༠༡༣། ༣། ༢༧། ༽ཉིན་སྤྱི་འཐུས་སྒེར་གྱི་གསལ་བཤད་ཀྱི་མིང་འཁྱེར་ནས་༸གོང་ས་མཆོག་གི་འཁྲིས་ནས་༸མགོན་པོ་གང་གི་དགོངས་གཞིར་ལོག་འགྲེལ་དང། འཕྲོས་བཤད་དབུ་མའི་ལམ་གྱི་ཐུགས་འདུན་ཞལ་ཞེ་གཉིས་མེད་མིན་ཚུལ་གྱི་སྐུར་འདེབས་བྱས་པ་དེ་དག་ཚུད་ཡོད་ནའང། ཟླ་འདིའི་ཚེས ༦ ཉིན་ཁོ་པས་མང་གཙོ་དང་དྲང་བདེན། བོད་མིའི་ཐུན་མིན་ཡ་རབས་སྲོལ་རྒྱུན་རིག་གནས་དང་འགལ་ཟླར་ཕྱིན་པའི་དྲིན་ལན་ལོག་མཇལ་གྱི་བྱ་སྤྱོད་རྣམས་སྔ་འགྱོད་ཕྱིས་སྡོམ་བྱེད་རྒྱུ་ལས་ལྡོག་སྟེ། ཚེས་ ༢ ཉིན་གྱི་ཐུགས་ཕམ་བཀའ་སློབ་གནད་ཆེ་དེ་ཁོ་པ་དང་འབྲེལ་བ་མེད་ཚུལ། དེ་བཞིན་དེ་སྔའི་སྐུར་འདེབས་དེའང་ཉི་ཤར་སྦར་མོས་འགེབས་ཐབས་བྲལ་ཡང་མངོན་སུམ་ལ་བསྙོན་པ་མ་ཟད། བཤད་ས་དྲི་བ་གཏོང་མཁན་གྱི་ཕོ་གསར་དེ་ཡིན་མདོག་མདོག་གིས་ཉན་ས་༸གོང་ས་ཆེན་པོར་ཐད་ཀར་ཟུར་ཟ་བྱས་ཏེ། ཁོ་པ་” མ་བིན ” བཟོ་མཁན་༸གོང་ས་མཆོག་ཉིད་ཡིན་པ་དང། ཁྲིམས་ཁང་དུའང་བསྐྱལ་ངེས་པའི་གཡོ་གཏམ་བཤད་འདུག་པས། ཁོ་བོའི་བྱེད་བབ་འདི་དག་དུས་ནམ་ཡང་བོད་མི་ཚོས་ངོས་ལེན་མི་བྱེད་པ་གཞིར་བཞག་ཐོག་མདུང་རྩེ་ཁ་སྤྲོད་ཀྱིས་བདེན་པའི་ངོ་རྒོལ་མཐའ་གཅིག་ཏུ་བྱ་གལ་དང། བཀའ་སྤྱི་གཉིས་ནས་ངེས་པར་དུ་ཁོང་གིས་དེ་སྔར་གྲོས་ཚོགས་ནང་བཤད་པའི་”ང་རས་ཤེས་ཚོད་བྱས་པ་ཡིན་ན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་དབུ་མ་དེ་ཛ་དྲག་དང་། དེ་འདྲའི་གནས་སྟངས་གཟིགས་ནས་ཐབས་བརྒྱ་ཇུས་སྟོང་གི་ཐབས་ཤེས་ཞིག་བཏོན་གནང་པ་རེད་མ་གཏོགས། དགོས་ཡ་དེ་ད་ང་ཚོར་རང་དབང་རང་བཙན་རེད་ཝ་ཞེས་སྐུ་མདུན་གྱི་དགོངས་པའི་ནང་ན་དེ་ཡོད་པ་རེད་བསམས་ཀྱི་ཡོད།”ཅེས་དང། ཚེས་༦ ཉིན་སྤེལ་བའི་གསར་འགོད་གསལ་བསྒྲགས་ཟེར་བ་སོགས་༸གོང་ས་ཆེན་པོར་སྐུར་འདེབས་དང་བོད་ཀྱི་རྩ་དོན་ཕན་འབྲས་ཏིལ་ཙམ་མེད་པའི་གསལ་བསྒྲགས་མྱུར་ཏུ་བསྐྱངས་རོགས་ཞེས་འབོད་སྐུལ་དང། སྤྱི་འཐུས་རྣམས་པ་སྤྱི་པའི་འཐུས་མི་ཡིན་ན་མི་མང་གི་བཞེངས་ཕྱོགས་ལྟར་གཏམ་སྤྱོད་འདི་རིགས་ལ་ཤ་སོ་སོ་དང་གྲི་ཁ་ཁའི་རྣམ་འགྱུར་བསྟན་དགོས་པ་མ་ཟད། ༸རྒྱལ་བ་ཀརྨ་པ་དང་འབྲི་གུང་སྐྱབས་མགོན་རིན་པོ་ཆེ། ཏཱ་ཡི་སི་ཏི་རིན་པོ་ཆེ་གཙོས་བཀའ་བརྒྱུད་པ་སེར་སྐྱ་མགོ་མང་ཡོངས་ལའང་གནད་དོན་འདི་རིགས་ལ་ངེས་པར་ཐུགས་སྣང་དམིགས་བསལ་གནང་རྒྱུའི་འབོད་སྐུལ་དུ།། །།

    ཤར་ཕྱོགས་ཁུག་རྟས།
    ༢༠༡༣། ༩། ༩། ཉིན།

    Reply
  5. ཀླུ། says:
    ལོ་ 12 སྔོན།

    བཀུར་འོས་སྤྱི་འཐུས་ཞིག་གི་གསལ་བཤད་གཡུག་ནས་བཀའ་ཤག་གི་གསལ་བཤད་བཞག་པ་སུ་ཞིག་གི་གནོན་ཤུགས་རེད

    Reply
  6. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 12 སྔོན།

    དབུ་མའི་ལམ་གྱི་སྲིད་བྱུས་དེ་༸རྒྱལ་བ་རིན་པོ་ཆེས་བསྐུལ་བཞག་པ་ཞིག་མིན་པ་དེ་གསལ་པོ་བཟོ་དགོས།།ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༧ རེས་གཟའ་སྤེན་པའི་ཉིན་དྷ་ས་མེག་གྷན་སྟོད་པ་སྐྱིད་སྡུག་ཚོགས་ཁང་དུ་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་སྐབས་གསུམ་པ་སྐོང་ཚོགས་གནང་ཡོད། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུ་མའི་ལམ་གྱི་སྐོར་གསུང་བཤད་གནང་དོན། “དབུ་མའི་ལམ་ལ་མོས་མཐུན་དང་རྒྱབ་སྐྱོར་གནང་མཁན་མང་པོ་ཞིག་གི་དགོངས་པ་བཞེས་ཕྱོགས་དང་བཀའ་མོལ་གནང་ཕྱོགས་ལ་བལྟས་པ་ཡིན་ན། རང་རང་སོ་སོའི་རྣམ་དཔྱོད་ཀྱི་ཐོག་ནས་བརྟག་དཔྱད་བརྒྱུད་དགོས་པ་རྒྱུ་མཚན་ལ་གཟིགས་ཏེ་དབུ་མའི་ལམ་ལ་མོས་མཐུན་རྒྱབ་སྐྱོར་དང་མཉམ་ཞུགས་གནང་གི་ཡོད་པ་དེ་གསལ་བོ་སྟོན་མ་ཐུབ་པར། དབུ་མའི་ལམ་གྱི་ནང་མཉམ་ཞུགས་གནང་རྒྱུ་དེ་༸རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་ཡིན། ཞེས་ཞེས་དགོངས་པ་བཞེས་མཁན་དང་བཀའ་གནང་མཁན། ཕྱི་ལོགས་མིས་མཐོང་བསྡད་པ་མང་པོ་ཞིག་ཡོད། མཐོང་ཚུལ་དེ་མེད་པ་བཟོ་རྒྱུ་དང་དངོས་ཡོད་གནས་ཚུལ་གསལ་བོ་བཟོ་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག ༸རྒྱལ་བ་རིན་པོ་ཆེས་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་ན་ཡག་པོ་ཡོང་ས་རེད་ཅེས་ཐོག་མར་དགོངས་འཆར་གནང་ཡོད་འོན་ཀྱང་། དེའི་རྗེས་སུ་ང་རང་ཚོའི་མཁྱེན་གསལ་ལྟར། དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་གསལ་བསྒྲགས་མ་གནང་གོང་སྟེ། བདུན་ཅུ་དོན་གྲངས་ནས་བཟུང་༸སྐྱབས་མགོན་རིན་པོ་ཆེའི་མང་གཙོའི་བརྒྱུད་རིམ་ནང་ནས་མི་མང་གིས་ཐག་གཅོད་གནང་བའི་གནས་སྟངས། གྲོས་ཚོགས་ཀྱིས་ཐག་གཅོད་གནང་བའི་གནས་སྟངས། དམིགས་བསལ་ཚོགས་ཆེན་སྐབས་ཐག་གཅོད་གནང་བའི་གནས་སྟངས་དེ་ཚོ་ང་ཚོས་ཐུགས་ལ་བཞག་སྟེ། མི་མང་རང་གིས་ཐག་གཅོད་བྱས་པའི་སྲིད་བྱུས་ཤིག་རེད་མ་གཏོགས་༸སྐྱབས་མགོན་རིན་པོ་ཆེའི་བཀའ་ལ་བརྩིས་ནས་ཐག་གཅོད་བྱས་པ་ཞིག་དང་། ཡང་ན་༸རྒྱལ་བ་རིན་པོ་ཆེས་ཐུགས་བཙན་དབང་གིས་མི་མང་ལ་དེ་འདྲ་བྱེད་དགོས་པ་རེད་ཅེས། བཀའ་གནང་མེད་པར་དམངས་གཙོའི་རང་དབང་ཆ་ཚང་ལོངས་སུ་སྤྱད་པའི་ཐོག་ནས་སྡིངས་ཆ་རིམ་པའི་ཐོག་ལ་གོ་བསྡུར་དང་བསམ་ཞིབ་ལྷུག་པོ་བྱས་མཐར། མི་མང་གིས་རང་འདོད་ཀྱི་ཐོག་ནས་ཐག་གཅོད་བྱས་པའི་གཞིས་བྱེས་གཉིས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱི་མང་མོས་ཡོད་པའི་གནས་བབ་ཅིག་ཡིན། ཁོང་གིས་མུ་མཐུད་དུ། “དེའི་ཕྱིར་དབུ་མའི་ལམ་གྱི་སྲིད་བྱུས་ལ་མོས་མཐུན་དང་རྒྱབ་སྐྱོར་མི་གནང་མཁན་ཚོར། ༸རྒྱལ་བ་རིན་པོ་ཆེའི་བཀའ་སྒྲུབ་ཀྱི་ཡོད་པ་མ་རེད། བཀའ་དང་འགལ་གྱི་ཡོད་པ་རེད་གསུང་བ་དེ་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་རྩ་བ་ནས་ཆགས་ཀྱི་ཡོད་པ་མ་རེད། ༸སྐྱབས་མགོན་རིན་པོ་ཆེས་ག་དུས་ཡིན་ཡང་དམངས་གཙོའི་ལམ་སྲོལ་རང་གི་ཐོག་ནས་མི་མང་སོ་སོའི་ཆབ་སྲིད་ལངས་ཕྱོགས་ག་འདྲ་འཛིན་པ་ཡིན་ནའང་སོ་སོའི་རང་དབང་རེད་ཅེས། ང་ཚོ་རྒྱ་གར་དུ་བསླེབས་པ་ནས་བཟུང་དགོངས་གཞི་དེ་ཡིན་ལ། བཀའ་ཡང་དེ་རང་གནང་ཡོད་པ་རེད།

    Reply
  7. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    བོད་མི་རིགས་འདི་ནང་ཁུལ་དམའ་འབེབས་རྒྱུ་དང་ངན་སྨྲས་ཀྱལ་ཀ་གཏོང་རྒྱུར་སྟག་འདྲ་པོ་ཆགས་འགྲོ་ལ། རོ་ཁ་རྒྱ་ལ་བསྐོར་དུས་ཞི་མི་ལྟར་ཆགས་འགྲོ་བ་དེ་ཡ་མཚན་རང་རེད།

    དེས་ན་བཀུར་འོས་སྤྱི་མཐུས་ཀརྨ་ཆོས་འཕེལ་གྱིས་༧རྒྱལ་བ་རིན་པོ་ཆེས་ལམ་དབུ་མའི་ཐབས་ལམ་དེ་ཡུལ་དུས་གནས་སྐབས་ལ་བསྟུན་ནས་ཐབས་ལམ་གཞན་མེད་པར་གདམས་པར་བཤད་པ་ནི་བདེན་པ་རེད་ལ། གལ་ཏེ་དེ་ལྟར་མ་ཡིན་པར་༧རྒྱལ་བ་རིན་པོ་ཆེས་དང་པོ་ཉིད་ནས་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་དགྱེས་ཞིང་སྤྲོ་ཞིང་བཞུགས་འདོད་ཀྱི་ཞལ་ཞེ་མཐུན་ཡོད་ན་ངོས་ལེན་ནམ་ཡང་མེད། འོན་ཀྱང་ད་ལྟའི་རྒྱ་ནག་གི་གནས་བབས་དང་། རྒྱལ་སྤྱིའི་གནས་བབས། བོད་ནང་གི་ཛ་དྲག་གི་གནས་བབས་ཕྱོགས་ཡོངས་ལ་གཟིགས་ནས་དབུ་མའི་ཐབས་ལམ་དེ་བརྩལ་ཡོད་ན་མོས་མཐུན་ཡོད། དེ་ལྟ་བས་ན་བཀུར་འོས་སྤྱི་མཐུས་ཀརྨ་ཆོས་འཕེལ་གྱིས་༧རྒྱལ་བ་རིན་པོ་ཆེས་གནས་བབས་གལ་ཆེན་གསུམ་ལ་གཟིགས་ནས། བོད་དང་བོད་མི་རིགས་ཀྱི་རྩ་དོན་མུག་ཤི་ཐེབས་གྲབས་ལས་སྐྱོབས་ཕྱིར་། དབུ་མའི་ཐབས་ལམ་བརྩལ་བ་ནས་བཟུངས་ཞལ་ཞེ་མི་མཐུན་པ་བཤད་ཀྱིན་ཡོད་ན་ནི་དེ་བདེན་པ་མ་རེད། འོན་ཀྱང་༧རྒྱལ་བ་རིན་པོ་ཆེའི་ཐུགས་ལ་བོད་རྒྱལ་ཁབ་གཅིག་གི་བདག་དབང་དང་མི་རིགས་གཅིག་གི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་དེ་ཐུགས་དགོངས་ལ་རྩ་བ་ཉིད་ནས་མེད་པར་མཆིལ་མའི་ཐལ་བ་བཞིན་དོར་ཡོད་ན་ནི་དགའ་བསུ་ནམ་ཡང་མི་ཞུ་ཁོ་ཐག་ཡིན།

    Reply
  8. ཆོས་བཟང་། says:
    ལོ་ 12 སྔོན།

    བཀུར་འོས་སྤྱི་འཐུས་ཞེས་རུལ་མས་རང་བསྟོད་དང་ཁྭ་ཏས་སྐྱག་བསྟོད་བྱེད་ནི་རེད། ཉེ་སྔོན་ཆུ་སྒང་རྙིང་བའི་དུས་དྲན་མཛད་སྒོ་དང་། དེ་རིགས་དེ་མཚུངས་ཀྱི་མཛད་སྒོ་ཁ་ཤས་སུ་ཀརྨ་ཆོས་འཕེལ་སྐུ་མགྲོན་གཙོ་བོ་རེད་འདུག་སྤྱང་ཀི་ལ་རྣ་ཚལ་དང་ཁྲམ་པར་གཏང་རག་གཏོང་བ་ནི་ང་ཚོའི་སྤྱི་ཚོགས་འདིའི་སྣང་བརྙན་གསོན་པོ་དེ་རེད། ཡང་ཕྱོགས་གཅིག་ནས་ཁོང་ཚོ་ལངས་ཕྱོགས་གཅིག་པའི་ཞེན་ཁོག་མཚོན་རྟགས་ཡིན་རྒྱུ་རེད།

    Reply
  9. ཨ་ཁུ་སྟོན་པ། says:
    ལོ་ 12 སྔོན།

    བཀའ་ཤག་ལ་འབོད་སྐུལ་ཞུ་རྒྱུར། བཀུར་འོས་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་སྐད་ཆ་རྙིང་པ་དེ་དག་བསྐྱར་དུ་མི་མང་ནང་མ་བླངས་རོགས། དེས་བོད་མི་ནང་ཁུལ་གྱི་ཆམ་མཐུན་མེད་པ་བཟོས་པ་ལས་ཕན་ཐོགས་གང་ཡང་མིན་འདུག །བོད་མི་ནང་རྡོག་རྩ་ཆིག་སྒྲིལ་བཟོ་ཐབས་ཀྱི་ལམ་ལ་འབད་པ་གནང་རྒྱུ་གལ་ཆེ། །

    Reply
  10. འདྲེ་མགོ་རྡོ། says:
    ལོ་ 12 སྔོན།

    བཀའ་ཤག་གིས་ད་དུང་བཀུར་འོས་ཞེས་པའི་ཚིག་འདི་བེད་སྤྱོད་གནང་འདུག བཀུར་འོས་ཟེར་བ་འདི་མི་ཁྲམ་པ་ཧམ་ཆེན་དེ་འདྲ་ལ་འཇུག་གི་རེད་ཝེ། ད་དུང་༸རྒྱལ་བའི་དགོངས་གཞི་དཀྲུགས་མཁན་༸རྒྱལ་མཆོག་ཐམས་ཅད་མཁྱེན་པར་སྐུར་འདེབས་བྱེད་མཁན། བཀའ་སྤྱི་གཉིས་ཀྱི་གྲོས་ཚོགས་ནང་སྐབས་དེར་གསལ་བཤད་བྱས་ཀྱང་གང་ཡང་བཤད་མཁན་མ་བྱུང་ཟེར་མཁན། ཉུང་མཐར་བཟང་སྤྱོད་ཏིལ་ཙམ་མེད་པ། ལག་ཏུ་ཕྲེང་བ་འཁྱེར་བའི་ཧམ་ཆེན་ཁྲམ་པ་འདི་འདྲར་བཀུར་འོས་ཟེར་བའི་ཚིག་འདི་བེད་སྤྱོད་བཏང་ན། ༼ བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག༽་ཅེས་པ་དེ་ད་ཐེངས་གྲོས་ཚོགས་ནང་བཟོ་བཅོས་བྱས་ཏེ་༼ སྐྱག་རྫུན་ཉིད་རྣམ་པར་རྒྱལ་གྱུར་ཅིག༽་ཏུ་གཏན་འཁེལ་གནང་རོགས། མི་དབང་བཀའ་ཤག་ལྷན་རྒྱས་ལགས།

    ཁ་སང་༸རྒྱལ་བས་བཀའ་སློབ་ཕེབས་སྐབས། སྲིད་སྐྱོང་གི་དབུ་ཞབས་བར་དུ་ཟགས་གྲུབ་དང། ནང་སྲིད་བཀའ་བློན་གྱིས་སྤྱན་ཆབ་རྦབ་ཆུ་འབབ་འབབ་བྱས་པ་རེད་ཟེར། དེ་ཡིན་ན། ད་དུང་ཀར་ཆོས་ལྟ་བུ་ལ་བཀུར་འོས་ཟེར་དོན་ག་རེ་ཡིན་ན། ཤེས་ཡོན་ཅན་གྱི་བཀའ་ཤག་ལགས།།

    Reply
  11. པདྨའི་དྲི་བསུང་། says:
    ལོ་ 12 སྔོན།

    སྤྱི་འཐུས་ཀར་ཆོས་འཕེལ་ནི། ཀམ་ཚང་བཀའ་བརྒྱུད་ཀྱི་འོས་ཤོག་བླུག་པ་རེད། འབྲི་གུང་བཀའ་བརྒྱཡད་དང་། འབྲུག་པ་བཀའ་བརྒྱུད་གཉིས་ནས་མོས་མཐུན་རྩ་བ་ནས་མེད། འོན་ཀྱང་འོས་ཤོག་བརྫུན་མ་མག་པོ་བཟོས་ནས་་ཚང་གིས་བླུག་པ་ཤ་སྟག་རེད།

    Reply
  12. འཇམ་དཔལ་གྲགས་པ། says:
    ལོ་ 12 སྔོན།

    ད་མང་པོ་མི་བཤད། བློ་ཕམ་རོགས་རེད། མདོ་དོན་བཙན་བྱོལ་ནང་གི་བཀའ་བརྒྱུད་པ་ཡོངས་ཀྱིས་དགོངས་པ་གཏིང་ཟབ་བཞེས་གནང་རྒྱུའི་དུས་ཚོད་ཕྱི་འགྲོ་བཞིན་འདུག བཙན་བྱོལ་བོད་མི་ཆིག་འབུམ་བཞི་ཁྲི་ལྷག་ལ་ཡོད་པ་དེ་༧གོང་ས་ཡིད་བཞིན་ནོར་བུ་དང་། རང་གཞུང་བཀའ་ཤག་གི་བཀའ་བློན་ཁྲི་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སོགས་རེད། འདི་བོད་ཕྱི་ནང་གཉིས་ཀྱི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ཡིན་ཟེར་ཡང་ཆོག་གི་རེད་དྲན་ཡོད། དེ་ལས་གཞན་པ་གང་ཚོར་ཅི་གང་ཡོད་པ་མ་རེད་བསམ་གྱི་ཡོད། ད་དགོངས་པ་ཏན་ཏན་བཞཻས་རན་རེད། སྐུ་མཁྱེན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese