རྒྱ་གཞུང་གིས་ཁམས་རྟའུ་རྫོང་གི་བོད་མི་རིན་ཆེན་དར་རྒྱས་ཞུ་བ་རང་ལུས་མེར་བསྲེཊ་དང་འབྲེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་རྒྱ་ནག་གཞུང་གིས། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༨ ཚེས་ ༡༥ ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་ཉ་མཚོ་དགོན་པའི་གྲྭ་ཚེ་དབང་ནོར་བུ་ལགས་ཀྱིས། རང་ལུས་མེར་བསྲེཊ་ཀྱི་རྒྱ་གཞུང་ལ་ངོ་རྒོལ་གནང་རྗེས་སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་འགོག་རྒོལ་བྱེད་མཁན་དང་། སྐུ་ཕུང་བདག་པོ་རྒྱག་མཁན་ཡིན་པའི་ཉེས་མིང་འོག ཁམས་རྟའུ་རྫོང་གི་བོད་མི་རིན་ཆེན་དར་རྒྱས་སམ་མིང་གཞན་ལ་གླ་ར་ཞུ་བ། རྟའུ་རྫོང་ཐོག་ཏུ་གློ་བུར་འཛིན་བཟུང་བྱས་ཏེ། ད་ཆར་ནང་མི་ཉེ་འབྲེལ་ཚོས་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག
རང་ལོ་ ༤༡ ཙམ་ཡིན་པའི་རིན་ཆེན་དར་རྒྱས་ལགས་ནི། དཀར་མཛེས་ཁུལ་རྟའུ་རྫོང་ལོ་བ་གྲོང་ཚོ་ནས་ཡིན་པ་དང་། ཁོང་ནམ་རྒྱུན་ཚོང་ལས་གཉེར་མཁན་ཞིག་ཡིན་འདུག་ལ། ཁོང་ལ་བུ་གཉིས་དང་བུ་མོ་གཅིག་བཅས་ཕྲུ་གུ་གསུམ་ཡོད་འདུག
གསར་འགོད་པ། དོན་གོ
ཟླ་འདི་ཕྱི་ཟླ་ཡིན་ན། ཚེས་འདི་ཕྱི་ཚེས་ཡིན་ཡིན་རེད
ཉིན་རེ་བཞིན་ཉན་མི་བཟོད་པའི་གནས་ཚུལ་གཅིག་རྗེས་གཉིས་མཐུད་དུ་བྱུང་ནའང་ང་ཚོ་གཞུང་སྒེར་གཉིས་ཀྱིས་འགན་ཡོད་ཚད་རྒྱ་གཞུང་ལ་ཡོད་པའི་གསར་འགོད་གསལ་བསྒྲགས་ཤིག་དང་མཆོད་འབུལ་སྨོན་ལམ་ཞིག་ལས་ཅི་ཞིག་འཇོན། འཇོན་གི་མེད་པ་དེ་གཞིས་ལུས་བོད་མི་ཚོས་གསལ་པོ་ཞིག་ཤེས་ན་ཅི་མ་རུང་།