མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞལ་འདེབས་ཧིན་སྒོར་ ༤༨༧༣༤༣༢༥ ཙམ་འབྱོར་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༠༩/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཡུལ་ཤུལ་ས་ཡོམ་ཐད་བོད་ཕྱི་ལོགས་ནས་ཞལ་འདེབས་འབྱོར་བ་སྡོམ་ཧིན་སྒོར་ ༤༨༧༣༤༣༢༥ ཙམ་བྱུང་ཡོད་པ་དང་། དེ་དག་ལས་རྒྱ་སྒོར་ ༥༧༢༩༦༨༩ ཙམ་བོད་ནང་བཏང་ཡོད་ཅིང་། ད་ལྟ་ལྷག་ཡོད་པ་ཧིན་སྒོར་ ༣༢༠༡༨༦༧ ཙམ་ཡོད་ཟེར།

འདི་གར་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་གར་དང་ཕྱི་རྒྱལ་ཁག་ཏུ་གནས་སྡོད་ཕ་ཡུལ་ཁམས་ཡུལ་ཤུལ་ནས་ཡིན་པའི་མི་སྣ་ ༡༩ ཙམ་ཞིག ཟླ་འདིའི་ཚེས་ ༡༣ ནས་ ༢༠ ཉིན་བར་གྱི་ཉིན་ ༨ རིང་། ངྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་ཚོགས་འདུ་བསྐོངས་ཏེ། ༢༠༡༠ ལོའི་ཟླ་ ༤ ཚེས་ ༡༤ ཉིན་ཁམས་ཡུལ་ཤུལ་སྐྱེ་རྒུ་མདོར་ས་ཡོམ་བརྒྱབ་སྐབས། བཙན་བྱོལ་ནང་ནས་ཡུལ་ཤུལ་བ་སྐོར་ཞིག་གིས་༼༤།༡༤ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་༽ཞེས་པ་བཙུགས་ཏེ། འཛམ་གླིང་ཤར་ནུབ་ཀུན་གྱི་རྒྱ་ཆེའི་གཏོང་ཕོད་ཅན་རྣམས་ཀྱིས་ཞལ་འདེབས་བསྡུས་པའི་རྩིས་ཁྲའི་སྐོར་ལ་ཞིབ་འཇུག་གནང་ཡོད་པ་དང་། ཞིབ་འཇུག་གི་བརྒྱུད་རིམ་ཁྲོད་ས་ཡོམ་གདུང་སེལ་ཚོགས་ཆུང་གི་ཚོགས་མི་ཚོ་ཡང་མཉམ་ཞུགས་དྲི་བསྡུར་བརྒྱུད། མཐའ་མའི་རྩིས་ཁྲའི་གནས་སྟངས་སྐོར་ཡིག་ཐོག་ནས་འདི་གའི་གསར་ཁང་ལ་ཕུལ་འབྱོར་སོང་།  

ཡིག་ཐོག་གི་གནས་ཚུལ་ནང་འདི་ལྟར་བཀོད་འདུག ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ ཉིན་བོད་མདོ་ཁམས་སྐྱེ་རྒུ་མདོ་ལ་བོད་ཀྱི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་བསམ་ཡུལ་ལས་འདས་པའི་ས་ཡོམ་ཤུགས་ཆེན་རྒྱབ་པའི་རྐྱེན་ངན་གོད་ཆག་དབང་གིས་མི་གྲངས་ཁྲི་ཕྲག་བརྒལ་བར་རྐྱེན་འདས་དང་། རྨས་སྐྱོན་ཕོག་པ་གྲངས་ལས་འདས་པ་སོགས་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚབས་ཆེན་བྱུང་སྐབས། ངྷ་སར་ཡུལ་ཤུལ་བ་འགའ་ཞིག་གིས་གསར་འཛུགས་བྱས་པའི་༼ ༤།༡༤ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་ ༽ཞེས་པར་ལྷག་བསམ་དང་སྙིང་རྗེ་ལྡན་པའི་གཏོང་ཕོད་ཅན་གྱི་བོད་རིགས་གཙོ་བོར་གྱུར་བའི་འཛམ་གླིང་ཡུལ་གྲུ་གང་ས་ནས་དངུལ་འབོར་ཕོན་ཆེན་བྱུང་བ་རྣམས་ད་བར་ལོ་ངོ་གསུམ་ལྷག་ལ་ཚོགས་ཆུང་གིས་བོད་ནང་འཐུས་མི་ ༤ ཕེབས་ཐུབ་པ་མ་ཟད། སྔ་ཕྱིའི་ལས་དོན་མཐའ་དག་གང་འཚམ་སྒྲུབ་བཞིན་པའི་སྐབས་འདིར། སྤྱི་ཚོགས་ནང་གླེང་སློང་འདྲ་མིན་ཤུགས་ཆེན་བྱུང་དང་འབྱུང་བཞིན་པའི་རྐྱེན་གྱིས་རྒྱ་གར་དང་ཕྱི་རྒྱལ་ཁག་ནང་བཞུགས་པའི་ཡུལ་ཤུལ་བ་གནས་སྡོད་ས་གནས་མང་པོ་ནས་འཐུས་མི་ཁག་ཅིག་ངྷ་སར་ཆེད་བཅར་གྱིས་ཉིན་ ༨ རིང་ས་ཡོམ་གོད་ཆག་ཆེད་ཞལ་འདེབས་བྱུང་བ་དང་། བོད་ནང་དངོས་སུ་གཏོང་ཕྱོགས་སྐོར་སོགས་ཀྱི་ཐད། ལས་དོན་ཅི་བྱས་སོགས་ལ་ཉམས་ཞིབ་བྱས་ཡོད།

དོན་ཚན་དང་པོ། རོགས་དངུལ་བྱུང་བ་དང་སོང་བའི་སྐོར་ལ། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བྱུང་བ་རགས་རྩིས་བྱས་པའི་སྡོམ་ཧིན་སྒོར་ ༤༨༧༣༤༣༢༥ (རྒྱ་སྒོར་ལ་བཀུག་ན་ ༦༦༧༥༩༣༥) ཙམ་ཡོད་པ་ལས་བོད་ནང་དངོས་སུ་གཏོང་ཐུབ་པ་རྒྱ་སྒོར་ ༥༧༢༩༦༨༩ ཙམ་ཡིན།

དོན་ཚན་གཉིས་པ།  གོད་ཆག་ཕོག་ཡུལ་ས་གནས་སུ་རོགས་དངུལ་གཏོང་ཕྱོགས་སྐོར་ལ། རྒྱ་སྒོར་ ༥༠༣༥༡༠༤ ཙམ་གནོད་འཚེ་ཕོག་ཡུལ་ས་ཁུལ་ཁག་ལ་བཏང་ཡོད་ཀྱང་། དེའི་ནང་ནས་རོགས་དངུལ་དང་ཅ་དངོས་སྤྲད་ཡོད་ཟེར་བ་འགའ་ཞིག་ལ། བྱུང་འཛིན་དང་ཁུངས་ཁ་གསལ་མེད་པར་ལྷག་འདུག གོད་ཆགས་ཚབས་ཆེན་མ་ཕོག་པའི་ས་ཁུལ་ཁྲི་འདུ་རྫོང་ཁོངས་སྡོམ་འདར་ཞིང་འབྲོག་སྡེ་ཁག་གཅིག་ལ་ཧིན་སྒོར་ ༣༦༥༩༨༥༥ (རྒྱ་སྒོར་ ༥༠༡༣༥༠) དང་། ནང་ཆེན་ས་ཁུལ་ཁག་གཅིག་ལ་ཧིན་སྒོར་ ༡༠༧༨༤༦༥ (རྒྱ་སྒོར་ ༡༤༧༧༣༥)། ཁྲི་འདུ་ཁ་སྔོན་གྲོང་སྡེ་མི་ཞིག་གིས་རྒྱུད་ནས་ཉམས་ཐག་ཁག་གཅིག་ལ་ཧིན་སྒོར་ ༧༣༠༠༠ (རྒྱ་སྒོར་ ༡༠༠༠༠)། དྭ་ཕྲུག་སློབ་གྲྭ་ཡིན་ཟེར་བ་ཞིག་ལ་ཧིན་སྒོར་ ༢༤༠༩༠༠ (རྒྱ་སྒོར་ ༣༣༠༠༠) ། གཞན། རྒྱ་སྒོར་ ༡༩༥༠༠༠༠ ལྷག་གོད་ཆགས་ཕོག་ཡུལ་མི་མང་ལ་མགྱོགས་མྱུར་སྤྲོད་བདེ་ཡོང་ཆེད་རྒྱ་སྒོར་ ༧༠༠༠༠ སྤྲད་ཡོད་ཟེར་བ་ལས་གསལ་ཁ་མ་བྱུང་།

དོན་ཚན་གསུམ་པ། རགས་རྩིས་བྱས་པའི་བྱུང་སོང་ལྷག་མ་ཧིན་སྒོར་ ༣༢༠༡༨༦༧ ཙམ་ཡོད། གོང་གསལ་གནས་ཚུལ་ཁག་ལ་ང་ཚོའི་འཐུས་མི་རྣམས་ཀྱིས་ད་དུང་ཞིབ་འཇུག་འཐིལ་ཕྱིན་མ་ཐུབ་ཀྱང་། མི་རིང་བར་ ༤།༡༤ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་ནས་རྩིས་ཁྲ་གཙང་བཟོ་བྱེད་འཆར་འདུག་ན། སྐབས་དེར་རྩིས་ཞིབ་ཚོགས་ཆུང་ཟུར་འཛུགས་ཀྱིས་རོགས་དངུལ་ཁག་ལ་རྩིས་ཁྲ་ཞིབ་བཤེར་གནང་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད། ཅེས་ཡུལ་ཤུལ་བ་ས་གནས་འཐུས་མི་ཁག་ཅིག་ནས། ཞེས་སོགས་བཀོད་འདུག

འདི་གའི་གསར་ཁང་གིས་དེ་སྔོན། ཡུལ་ཤུལ་ས་ཡོམ་ཐད་མི་མང་གིས་ཞལ་འདེབས་གནང་བ་དང་། དངུལ་དེ་དག་ས་གནས་ལ་འབྱོར་ཡོད་མེད་ཐོག་ཐེངས་འགར་རྒྱུས་ལོན་བྱས་སྐབས། གདུང་སེལ་ཚོགས་ཆུང་གི་ཚོགས་མི་ཚོས་ངོ་སྤྲོད་གནང་བ་ལྟར་ན། ས་ཡོམ་ཐད་མི་མང་གི་ཞལ་འདེབས་འབྱོར་བའི་དངུལ་མང་ཆེ་བ་བོད་ནང་དངོས་སུ་གཏོང་ཐུབ་པ་བྱུང་ཡོད་པ་དང་། ད་ལྟ་དངུལ་གང་འཚམ་ཞིག་ལྷག་ཡོད་པ་ནི། ཕྱི་རྒྱལ་ཁག་ནས་ཞལ་འདེབས་ཕུལ་བ་དེ་དག་ཚུར་ལེན་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་ཚུལ་བརྗོད་སོང་ལ། ཞལ་འདེབས་ཅི་ཙམ་འབྱོར་ཡོད་པའི་རྩིས་ཁྲ་དང་། བོད་ནང་གཏོང་ཕྱོགས་སོགས་ཀྱི་གནས་ཚུལ་ཆ་ཚང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་སྙན་གསན་ཞུས་ཡོད་སྐོར་སོགས་བརྗོད་བྱུང་།

དེ་སྔ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་འདིའི་སྐོར་ལ་གླེང་སློང་བྱུང་སྐབས། གྲོས་ཚོགས་ཚོགས་གཙོ་མཆོག་གིས་གནད་དོན་དེའི་སྐོར་ལ་སྤྱི་འཐུས་ཀྱིས་ཞིབ་འཇུག་བྱེད་ཀྱིན་ཡོད་པ་དང་། གདུང་སེལ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྒྱུན་ལས་ནང་སྐད་བཏང་སྟེ་སྐད་ཆ་བྱུང་ཡོད་སྐོར་སོགས་གསུངས་ཡོད།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༨ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༩ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༣ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 9

  1. བློ་བཟང་བསྟན་རྒྱས། says:
    ལོ་ 13 སྔོན།

    ཡུལ་ཤུལ་ས་ཡོམ་ཀྱི་ཆེད་བཙུགས་པའི་༡།༡༤ཚོགས་ཆུང་ནས་དཀའ་ངལ་འཛེམ་མེད་ཐོག་འབད་བརྩོན་བགྱིས་འབྲས་ནི་བོད་ནང་དུ་ཡུལ་ས་ཁུལ་ནང་དུ་དངུལ་འབོར་མང་ཆེ་བ་བཏོང་ཐུབ་པར་བྱུང་བ་དེ་གཟི་བརྗིད་ལྡན་པའི་ལས་ཀ་ཞིག་ལ་གཞིས་བྱེས་བོད་མི་ཡོངས་ཀྱིས་ངོས་འཛིན་བྱ་འོས་པ་ཞིག་རེད།
    ཛ་དྲག་གི་གནས་སྟངས་དང་རང་དབང་མེད་པའི་སྒོ་ནས་ལས་ཀ་བྱེད་དགོས་པ་ནི་ལས་སླ་བོ་ཞིག་མ་རེད།
    ད་དུང་ལྷག་བསམ་བཟང་པོས་སྒོ་བཙུགས་པ་ཇི་བཞིན་འཇུག་སྒྲིལ་ཐུབ་པའི་ཡིད་ཆས་ཡོད།
    དེ་བའི་བར་དུ་རྒྱ་ཆེ་མང་ཚོགས་རྣམས་ཀྱིས་བོད་མི་ནང་ཁུལ་ལ་དཀྲོགས་གཏམ་མ་དཔེ་རོགས་ཞུ།

    Reply
  2. ཀརྨ་བསྟན་འཛིན། says:
    ལོ་ 13 སྔོན།

    ད་རེས་ཡུལ་ཤུལ་བ་སྐོར་ཞིག་གིས་མ་སྐུལ་དང་བླངས་ཐོག་རྩིས་ཁྲ་ཞིབ་འཇུག་གནང་བར་ཐུགས་རྗེ་ཆེ། ངས་བསམ་ན་འདི་ལ་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཞིབ་འཇུག་གནང་སྟེ་གསལ་བོ་བཟོ་དགོས་པ་ཞིག་དང་། རྩིས་ཁྲ་གཙང་མ་བཟོས་རྗེས་མང་ཚོགས་ལ་ཡིག་ངག་གཉིས་ཐོག་ནས་གསར་འགོད་གསལ་བསྒྲགས་སྤེལ་དགོས་པ་ཞིག་རེད་དྲན་གྱི་འདུག
    གོང་གསལ་དངུལ་འབོར་དེ་གྲངས་ཀ་ཆུང་ཆུང་ཞིག་རྩ་བ་ནས་མ་རེད། འདི་མི་ཁ་ཤས་ལག་ནས་ཅི་མིན་འདི་མིན་ཞིག་ཆགས་སོང་བ་ཡིན་ན། མང་ཚོགས་ལ་མགོ་སྐོར་བཏང་བའི་བཟོ་འདྲ་བོ་ཞིག་ཆགས་འགྲོ་བ་རེད། མང་ཚོགས་བློ་ཕམ་ཡོང་བ་མ་ཚད། མ་འོངས་པར་གལ་སྲིད་གནས་ཚུལ་གོད་ཆག་དེ་འདྲ་བྱུང་སྐབས་མང་ཚོགས་ཡིད་ཆེས་མེད་པ་ཆགས་འགྲོ་བ་རེད།
    ཐེངས་འདིའི་ཞིབ་འཇུག་གི་གྲུབ་འབྲས་གསལ་བསྒྲགས་སྤེལ་བའི་ནང་དོན་དག་ཁ་ཤས་ཐོག་གནས་ཚུལ་ཆེན་པོ་ལྷག་ཡོད་པ་གསལ་བོར་བཀོད་འདུག་པ་ལྟར་རེད། ཐེངས་འདིར་བོད་ནང་ཧིན་སྒོར་མང་པོ་ཞིག་བཏང་ཟིན་པ་དེ་དག་ཀྱང་གཏོང་མཁན་གཏོང་ཡུལ་ཁ་གསལ་བོ་མེད་པ་དང་། བསྐྱར་དུ་ཞིབ་འཇུག་བྱེད་འཆར་ཡོད་པ་སོགས་གསལ་འདུག དེ་བཞིན་དངུལ་ཕོན་ཆེན་པོ་ཞིག་ལྷག་འདུག་པ་དེ་དག་སུ་ཞིག་གི་ལག་ཏུ་ཡོད་པ་དང་ཇི་ལྟར་ཉར་ཡོད་མེད་སོགས་ཀྱང་གསལ་བོ་གསུང་མི་འདུག

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    ླྲྲྲརྩིས་ཁྲ་ད་དུང་ཏག་ཏག་མ་རེད།
    ༡) ཧིན་སྒོར་ ༤༨༧༣༤༣༢༥ (རྒྱ་སྒོར་ལ་བཀུག་ན་ ༦༦༧༥༩༣༥) དེ་ལྟར་ན། རྒྱ་སྒོར་1 ལ་ཕལ་ཆེར་ཧིན་སྒོར་7.3 རེད།
    ༢) (རྒྱ་སྒོར་ ༦༦༧༥༩༣༥ ལས་་རྒྱ་སྒོར་ ༥༧༢༩༦༨༩ ཙམ་བོད་ལ་བཏང་ཡོད་)ཟེར།
    འོ་ན། ལྷག་དངུལ། རྒྱ་སྒོར། ༩༤༦༢༤༦ རེད། འདི་ཕྱིར་རྒྱ་སྒོར་1 ལ་ཧིན་སྒོར་7.3 ལྟར་ཧིན་སྒོར་ལ་བཀུག་ན། ༦༩༠༥༧༩༥ རེད། འོམ་ཀྱང་གོང་ན་(རགས་རྩིས་བྱས་པའི་བྱུང་སོང་ལྷག་མ་ཧིན་སྒོར་ ༣༢༠༡༨༦༧ ཙམ་ཡོད།) ཅེས་བཀོད་འདུག
    དྲི་བ། དེས་ན་ཧིན་སྒོར་ས་ཡ་གསུམ་ལྷག་དེ་ཅི་བྱས་སམ། (༣༧༠༥༧༢༨)

    Reply
  4. ནང་ཆེན་བསོད་ཚེ། says:
    ལོ་ 13 སྔོན།

    གོང་དུ་མཆན་རྒྱག་མཁན་ཕུན་ཚོགས་ཚེ་རིང་ལགས་ཀྱི་གྲངས་འབོར་འགོད་སྟངས་ནོར་འདུག ང་རང་གིས་རྩིས་ཞིབ་བྱས་པ་ལྟར་ན་གཤམ་གྱི་གྲངས་ཀ་འདི་རེད།

    1. བོད་སྐད་ནང་། (བྱེ་བ་ ༤ ) ལྷག་ཙམ།
    2. རྒྱ་གར་སྐད་ནང་། (Crore 4 ) ལྷག་ཙམ།
    3. དབྱིན་སྐད་ནང་། (million 48) ལྷག་ཙམ།

    ༤༨༧༣༤༣༢༥ གྲངས་འབོར་འདི་ཡིག་ཐོག་ལ་ཕབ་ན། ཧིན་སྒོར་བྱེ་བ་བཞི་དང་ས་ཡ་བརྒྱད། འབུམ་བདུན། ཁྲི་གསུམ། གཞི་སྟོང་། སུམ་བརྒྱ། ཉེར་ལྔ་རེད་དོ།།

    ང་ལ་དྲི་བ་ཞིག་ཡོད་པ་ནི། ༡།༡༤ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་། ཟེར་བ་དེའི་ཚོགས་མི་སུ་དང་སུ་ཡིན་ངོ་སྤྲོད་ཅིག་གནང་རོགས།

    Reply
  5. རྒྱ་མཚོ། says:
    ལོ་ 13 སྔོན།

    ད་ལྟའི་རྩིས་ཁྲའི་གྲངས་འབོར་འདི་དག་གི་འགོད་སྟངས་འདིས། བློ་ཡུལ་ལས་འདས་པའི་གྲངས་འབོར་ཞིག་སྟོན་གྱི་འདུག ཉིན་བརྒྱད་རིང་ལ་རྩིས་གསལ་ཆགས་མ་ཐུབ་པ་ཡིན་དུས། བོད་གཞུང་གི་རྩིས་ཞིབ་ལ་ཕུལ་ནས་རྩིས་གསལ་བྱུང་བ་ཡིན་ན། ལབ་གཞི་གླེང་གཞི་མེད་པ་ཡག་པོ་ཆགས་ཀྱི་རེད།

    Reply
  6. ཕུན་ཚོགས་ཚེ་རིང་། says:
    ལོ་ 13 སྔོན།

    ཧིན་སྒོར་ ༤༨༧༣༤༣༢༥ ཟེར་བ་འདི་དངུལ་འབོར་ཆུང་ཆུང་ཞིག་རྩ་བ་ནས་མ་རེད།
    1. བོད་སྐད་ནང་། (དུང་ཕྱུར་ ༤ ) ལྷག་ཙམ།
    2. རྒྱ་གར་སྐད་ནང་། (Crore 48 ) ལྷག་ཙམ།
    3. དབྱིན་སྐད་ནང་། (million 480) ལྷག་ཙམ།
    ང་རང་གིས་བསམ་བློ་བཏང་ན་འདི་བཙན་བྱོལ་ནང་གི་མི་གཅིག་གཉིས་ཤིག་དང་། ཡུལ་ཤུལ་བ་ཁག་གཅིག་གི་ལས་འགན་ཙམ་མ་རེད། ལས་འགན་འཁུར་ཐུབ་པ་ཞིག་ཀྱང་མ་རེད། བཙན་བྱོལ་བོད་གཞུང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཞིབ་འཇུག་གཙང་སེལ་བཟོ་དགོས་པ་ཞིག་རེད། བོད་གཞུང་གིས་འགན་འཁུར་བར་མདོ་སྟོད་ཆུ་བཞི་སྒང་དྲུག་ཚོགས་པ་དང་ཡུལ་ཤུལ་གདུང་སེལ་ཚོགས་ཆུང་སོགས་ཀྱིས་མཉམ་རུབ་གནང་དགོས་ཀྱི་འདུག་དྲན་ཡོད།

    Reply
  7. བསོད་འོད says:
    ལོ་ 13 སྔོན།

    ༡ ༼གཞན། རྒྱ་སྒོར་ ༡༩༥༠༠༠༠ ལྷག་གོད་ཆགས་ཕོག་ཡུལ་མི་མང་ལ་མགྱོགས་མྱུར་སྤྲོད་བདེ་ཡོང་ཆེད་རྒྱ་སྒོར་ ༧༠༠༠༠ སྤྲད་ཡོད་ཟེར་བ་ལས་གསལ་ཁ་མ་བྱུང་།༽དོགས་འདྲི་ཞུ་རྒྱུར་རྒྱ་སྒོར་༡༩༥༠༠༠༠ སྤྲོད་འཆར་ཡོད་པ་ལས་དོན་དངོས་ཐོག་རྒྱ་སྒོར་ཁྲི་བདུན་ལས་སྤྲོད་མི་འདུག ད་འོ་ན་རྒྱ་སྒོར་ས་ཡ་གཅིག་དང་འབུམ་བརྒྱད་དེ་གང་དུ་ཕྱིན་པ་རེད་དམ།
    ༢ ༼ཁྲི་འདུ་རྫོང་ཁོངས་སྡོམ་འདར་ཞིང་འབྲོག་སྡེ་ཁག་གཅིག་ལ་ཧིན་སྒོར་ ༣༦༥༩༨༥༥ (རྒྱ་སྒོར་ ༥༠༡༣༥༠) དང་།༽སྡོམ་འདར་ནི་འབྲོག་སྡེ་ཁོ་ན་ཡིན་པ་ལས་ཞིང་འབྲོག་ཟུང་འབྲེལ་དེ་འདྲ་གཏན་ནས་མ་རེད། སྐྱེ་རྒུའི་གྲོང་བརྡལ་གྱི་གོད་ཆགས་ཕོག་སྟངས་དུ་བསྡུར་ན་སྡོམ་འདར་གྲོང་ཁུལ་དུ་ཧ་ལམ་གནོད་འཚེ་གང་ཡང་ཕོག་མེད་པ་ཞིག་ལ་ངོས་འཛིན་བྱེད་ཆོག དེ་རྟེན་གནོད་འཚེ་མ་ཕོག་པའི་ས་ཁུལ་དེར་རྒྱ་སྒོར་འབུམ་ལྔ་ལྷག་སྤྲོད་ཡོད་པ་ནི་གོད་ཆགས་ཕོག་ཡུལ་གྱི་རོགས་དངུལ་ལས་བརྒྱ་ཆ་༢༥ཡན་ཟིན་འདུག་པར་དེ་བས་ཡ་མཚན་ཆེ།
    བརྩིས་ཞིབ་ཀྱི་ལས་ཀ་བྱས་མྱོང་མཁན་མི་ཞིག་གིས་དེ་རིང་གི་བརྩིས་ཕྲ་འདི་མཐོང་ན་བྱིས་པའི་རྩེད་མོ་ཞིག་ལས་གང་ཡང་ཡོད་ས་མ་རེད།

    Reply
  8. གངས་ལྡོམ། says:
    ལོ་ 13 སྔོན།

    ཡུལ་ཤུལ་ལ་གོད་ཆགས་བྱུང་ནས་ལོ་འགའ་ཕྱིན་སོང་།
    ཞབས་འདེབས་ཀྱང་བསྡུས་འདུག
    འོན་ཀྱང་དངུལ་ལྷག་མ་རྣམས་ད་དུང་མ་སྤྲད་པར་བཞག་འདུག
    མི་ཚང་མས་ཤེས་གསལ་རེད། མི་སུ་ཞིག་ཡིན་རུང་གོད་ཆགས་བྱུང་པའི་དུས་ཚོད་དེ་ལ་མགྱོགས་མྱུར་གྱི་རོགས་རམ་ཞིག་དགོས་པ་རེད། འོན་ཀྱང་ལོ་འགའ་ཕྱིན་ནས་ད་དུང་རོགས་དངུལ་མ་སྤྲད་པར་བསྡད་འདུག
    དངོས་གནས་ཡ་མཚན་རེད།

    Reply
  9. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    རོགས་དངུལ་དེ་དག་རོགས་རམ་བྱ་ཡུལ་ལ་འཕྲོད་ཡོད་པ་ཙམ་གྱིས་ལས་འགན་འདི་འགྲིགས་ཡོད། དངུལ་གྱི་ཕྱོགས་ནས་བོད་མི་རང་ཉིད་ལ་ཡང་ཡིད་ཆེས་དཀའ་བ་ཞིག་ཏུ་འགྱུར་བཞིན་ཡོད། དེ་བས་གཅིག་ལག་གཅིག་བརྒྱུད་ཀྱིས་གང་ཞིག་ནས་འབོར་ཉེན་ཆེ།
    རོགས་དངུལ་ལྷག་མ་དེ་དག་གིས་ཡུལ་ཤུལ་ནས་ཚུར་འབྱོར་བ་དང་འབྱོར་རྒྱུ་ཡིན་པ་དག་གི་སློབ་སྦྱོང་སོགས་ཀྱི་འཚོ་བའི་མཐུན་རྐྱེན་དུ་སྦྱར་ན་ཧ་ཅང་འཚམ་པར་འདོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese