མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཞིག་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༣/༠༩/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྨ་ཆུ་རྫོང་དབལ་པན་སྡེ་བའི་བོད་མི་ཞིག་ཆབ་སྲིད་ཀྱི་དོགས་གཞིའི་འོག་སྔ་ཕྱི་ཐེངས་གཉིས་འཛིན་བཟུང་བྱས་ཏེ། ད་ཆར་ཁྲིན་ཏུའུ་གྲོང་ཁྱེར་གྱི་ལྟ་སྲུང་ཁང་དུ་བཀག་ཉར་བྱས་ཡོད་འདུག

ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། རྒྱ་ནག་གཞུང་གིས་སྔར་ལོའི་ཕྱི་ཟླ་ ༥ ཚེས་ ༡༥ ཡས་མས་སུ་ཀན་ལྷོ་ཁུལ་རྨ་ཆུ་རྫོང་དབལ་པན་སྡེ་བའི་གཞོན་སྐྱེས་བློ་བཟང་རྣམ་རྒྱལ་ཞུ་བ། ཁྲིན་ཏུའུ་གྲོང་ཁྱེར་བོད་མིའི་ཁྲོམ་གྱི་བྷུ་དྷ་རིག་གནས་ལས་བྱ་ཁང་དུ་ཞོར་ལས་བྱེད་སྐབས། གློ་བུར་རྒྱ་འཛིན་བཟུང་བྱས་ཏེ་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་ཡོད་པ་དང་།  ཟླ་ ༩ ཙམ་གྱི་རྗེས་སུ་ནང་མི་ཉེ་འབྲེལ་ཚོས་རྒྱ་གཞུང་གིས་ཁོང་ལ། ༧གོང་ས་མཆོག་གི་བཀའ་སློབ་དང་། ཆབ་སྲིད་དང་འགལ་བའི་ཡིག་ཆ་དཔར་བསྐྲུན་བྱས་པའི་ཉེས་འཛུགས་འོག  ཁྲིན་ཏུའུ་གྲོང་ཁྱེར་ལྟ་སྲུང་ཁང་དུ་བཙོན་འཇུག་བཀག་ཉར་བྱས་ཡོད་ཚུལ་ཤེས་རྟོགས་བྱུང་ཡོད་འདུག

༢༠༠༨ ལོར་བོད་མདོ་སྨད་རྨ་ཆུ་རྫོང་དུ་བོད་མི་ཚོས་ཞི་བའི་ངོ་རྒོལ་བྱེད་སྐབས། རྒྱ་ནག་གཞུང་གིས་ས་གནས་ཀྱི་བོད་མི་ ༡༨ འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། སྐབས་དེར་གེ་སར་ནང་མ་ཁང་དུ་བོད་མི་ ༦ འཛིན་བཟུང་བྱས་ཡོད་པའི་ཁྲོད་བློ་བཟང་རྣམ་རྒྱལ་ཀྱང་ཚུད་ཡོད་འདུག་ལ།   སྔར་ལོ་འཛིན་བཟུང་བྱས་རྗེས་ཉེན་རྟོག་པས་ནང་མིར་ཁོང་གིས་ནག་ཉེས་ཆེན་པོ་བསགས་ཡོད་ཚུལ་གྱི་སྡིག་ར་སྐུལ་བ་དང་། བཙོན་ཁང་དུ་ཟ་མ་དང་གྱོན་ཆས་སོགས་གཅིག་ཀྱང་སྤྲོད་བཅུག་མེད་པ་སོགས་ཀྱི་དབང་གིས། ད་ཆར་ཉེ་འབྲེལ་ཚོས་རྒྱ་གཞུང་གིས་ཁོང་ལ་མ་ཉེས་ཁ་གཡོག་གིས་ནག་ཉེས་འདྲ་མིན་བཀལ་ཏེ་ཉེས་ཆད་ལྕི་མོ་གཅོད་སྲིད་པའི་སེམས་ཁྲལ་བྱེད་ཀྱི་ཡོད་འདུག

རང་ལོ་ ༢༦ ཡིན་པའི་བློ་བཟང་རྣམ་རྒྱལ་ལགས་ནི། ཀན་ལྷོ་ཁུལ་རྨ་ཆུ་རྫོང་དབལ་པན་སྡེ་བའི་སྐོང་གནས་རུ་ཆེན། ཡག་ཤུལ་རོ་ཞེས་པ་ནས་ཡིན་པ་དང་། ཕ་མིང་ལ་ཚེ་བརྟན་དང་མ་མིང་ལ་པདྨ་འབོད་ཀྱི་ཡོད་འདུག ཁོང་སློབ་གྲྭ་ཆུང་འབྲིང་འགྲིམས་མྱོང་མཁན་ཞིག་ཡིན་པ་མ་ཟད། ༢༠༡༡ ལོར་རྒྱ་ཤེས་རིག་གླིང་ནས་སློབ་མཐར་ཕྱིན་ཡོད་འདུག་ལ། སློབ་མཐར་ཕྱིན་སྐབས་ ༼འཚོལ༽ཞེས་པའི་སྙན་དེབ་ཅིག་བརྩམས་ཏེ་པར་བསྐྲུན་འགྲེམས་སྤེལ་བྱས་ཡོད་འདུག  

 
གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་ཁག

ཆུ་ཚོད་ ༢༢ སྔོན་ལ།
བསམ་ཚུལ།

ཨ་མ་ངེད་གཉིས་ཀྱི་གླེང་མོལ།

༢༠༢༦/༠༢/༢༢
Mobile App

རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་དང་བོད་ཀྱི་སྐད་ཡིག་གི་གནས་བབ།

༢༠༢༦/༠༢/༢༡
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་རྒྱ་གར་ལྷོ་ཕྱོགས་སུ་ཉིན་གྲངས་ ༦༠ རིང་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

༢༠༢༦/༠༢/༢༡
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

༢༠༢༦/༠༢/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese