མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་སྨན་ཞབས་པ་ཚོས་རྒྱ་གར་ནང་ལས་ཀ་བྱེད་མི་ཆོག་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་རྒྱ་གར་དབུས་སྨན་ཞབས་ལྟ་རྟོག་ལྷན་ཁང་གིས་བཀའ་ཁྱབ་ཅིག་བསྒྲགས་ཏེ། རྒྱ་གར་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་དང་འབྲུག བལ་ཡུལ་སོགས་ཀྱི་མི་རིགས་ཚོས་རྒྱ་གར་ནང་སྨན་ཞབས་ལས་ཀ་བྱེད་མི་ཆོག་ཚུལ་བཀོད་ཡོད་པ་དེར། བོད་རིགས་སྨན་ཞབས་ཚོས་ཐུགས་ཁྲལ་གནང་གི་ཡོད་འདུག

ཉེ་ཆར་བོད་རིགས་སྨན་ཞབས་པ་ཐོན་མཁན་ཚོར་རྒྱ་གར་ནང་ལས་ཀ་བྱ་ཆོག་མིན་གྱི་གནས་ཚུལ་ཞིག་འཐོན་ཡོད་པ་དང་། རྒྱ་གར་དབུས་སྨན་ཞབས་ལྟ་རྟོག་ལྷན་ཁང་(INC) གིས་ ༢༠༡༣ ཟླ་ ༣ ཚེས་ ༢༥ འཁོད་པའི་རྒྱ་གར་ཡུལ་མི་དང་ཕྱི་རྒྱལ་སློབ་ཕྲུག་ཚོའི་སློབ་སྦྱོང་སློབ་འཇུག་བྱེད་ཕྱོགས་སྐོར་ལ་བཀའ་ཁྱབ་ཅིག་མངའ་སྡེ་སོ་སོའི་སྨན་ཞབས་ལྟ་རྟོག་ལྷན་ཁང་དང་སློབ་ཆེན་དག་ལ་བཀྲམས་ཡོད་ཅིང་། ཡིག་ཆ་དེའི་ཚན་པ་དང་པོ་ཕྱི་རྒྱལ་མི་རིགས་ཐད་ཀྱི་ནང་གསེས་༼ཀ་བ༽ནང་། “བལ་བོ་དང་བྷང་ལཱ་ཌེ་ཤཱི་བ། འབྲུག་པ། བོད་མི་སྐྱབས་བཅོལ་བ་བཅས་ཚུད་པའི་ཕྱི་རྒྱལ་མི་རིགས་ཚོར་སྨན་ཞབས་(Nurse)དང་། སྐྱེ་གཡོག་(Midwife)སོགས་ཀྱི་སློབ་སྦྱོང་བྱ་རྒྱུའི་ཆ་རྐྱེན་ཚང་རིགས་ལ་རྒྱ་གར་ནང་མུ་མཐུད་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་སྤྲོད་ཆོག་པ་ལས། སློབ་སྦྱོང་གི་དུས་ཡུན་སྐབས་དང་སློབ་སྦྱོང་ཐོན་རྗེས་ཕྱིར་སོ་སོའི་རྒྱལ་ཁབ་ཏུ་ལོག་སྟེ་ལས་ཀ་བྱ་དགོས་པ་མ་གཏོགས། རྒྱ་གར་ནང་གནས་བབ་དང་ཁོར་ཡུག་གང་འདྲ་ཞིག་གི་འོག་ནས་ཀྱང་ལས་ཀ་བྱེད་ཆོག་གི་མེད” ཅེས་སོགས་བཀོད་ཡོད་འདུག

ཉེ་ཆར་ལྡི་ལིར་བོད་རིགས་སྨན་ཞབས་སློབ་ཐོན་པ་ཁག་ཅིག་གིས་རྒྱ་གར་སྨན་ཁང་ནང་ལས་ཀ་བྱེད་རྒྱུར་དཀའ་ངལ་ཞིག་འཕྲད་ཡོད་སྟབས། གསར་འགོད་པས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ལ་གནད་དོན་དེའི་ཐད་བཅར་འདྲི་ཞུས་པར། ཁོང་མོས “ ཉེ་ཆར་ལྡི་ལིར་བོད་པའི་སྨན་ཞབས་པ་ཁག་ཅིག་གི་ཡིག་ཆའི་ཐོག་དཀའ་ངལ་ཞིག་འཕྲད་པ་དེ་དངོས་ཡོད་རེད། དེའི་ཐད་ལྡི་ལི་དོན་གཅོད་སྐུ་ངོ་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་རྒྱ་གར་གཞུང་ལ་འབྲེལ་བ་གནང་སྟེ་གནས་སྐབས་རིང་དཀའ་ངལ་དེ་སེལ་ཡོད་པ་ཞིག་གོ་སོང་། ང་རང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་མི་སུ་འདྲ་ཞིག་ལ་སྨན་ཞབས་བྱེད་ཕྱོགས་ཀྱི་ཐོག་ནས་དཀའ་ངལ་འཕྲད་པ་ཡིན་ན། སྣང་མེད་དུ་འཇོག་རྒྱུ་མ་ཡིན་པར་ངེས་པར་དུ་འབྲེལ་ཡོད་ལས་ཁུངས་དང་ཡང་ན་ལྡི་ལི་དོན་གཅོད་ལ་འབྲེལ་བ་ཞུས་པ་ཡིན་ན། ལམ་ཁ་ཞིག་རག་གི་རེད་བསམ་གྱི་ཡོད”ཅེས་བརྗོད་བྱུང་།

ཡང་ཁོང་མོར་མ་འོངས་པར་དཀའ་ངལ་དེ་འདྲ་བྱུང་མིན་ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་དགོངས་པ་གང་འདྲ་བཞེས་ཀྱི་ཡོད་མེད་དྲིས་པར་ “དཀའ་ངལ་འདི་རིགས་སེལ་ཐབས་བྱ་རྒྱུ་དེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་གལ་ཆེ་ཤོས་ཤིག་རེད། རྒྱ་གར་གཞུང་ལའང་ཏན་ཏན་ལས་འགན་ཡོད་པ་རེད། རྒྱ་གར་གཞུང་བཀའ་དྲིན་ཆེན་པོ་ཞེ་དྲག་རེད། ང་ཚོ་སྐྱབས་བཅོལ་ལ་བསྡད་བཅུག་པ་རེད། སྔོན་མ་ནའེ་རོ་དང་༸གོང་ས་མཆོག་མཇལ་འཕྲད་སྐབས། གལ་ཆེ་ཤོས་དང་པོ་སློབ་གྲྭ་ཁག་བཙུགས་པ་རེད། སློབ་གྲྭ་མཐར་ཕྱིན་སྐབས་ལས་ཀ་བྱེད་ཆོག་གི་མེད་ཟེར་ན་ནི། སྐྱབས་བཅོལ་གྱི་ཐོབ་ཐང་ཞིག་གནང་དགོས་པ་རེད། དེ་མིན་ན་ལས་ཀ་བྱེད་ཆོག་དགོས་པ་རེད། དེར་བརྟེན། འདི་རིགས་རྒྱ་གར་གཞུང་ལ་ཞུས་པ་ཡིན་ན་ཏན་ཏན་ལམ་ཀ་ཞིག་རག་གིོ་རེད་བསམ་གྱི་ཡོད”ཅེས་གསུངས་སོང་།

གསར་འགོད་པས་ལྡི་ལི་དོན་གཅོད་བསྟན་པ་ཚེ་རིང་མཆོག་ལ་ཁ་པར་བརྒྱུད་བཅར་འདྲི་ཞུས་པར། ཁོང་གིས། “གནས་ཚུལ་འདི་ལྡི་ལི་ནས་རྒྱ་གར་སྨན་ཁང་ནང་ལས་ཀ་བྱེད་མཁན་བུ་མོ་ ༦ ལ་ཡིག་ཆ་མ་སྤྲད་པའི་དཀའ་ངལ་ཞིག་བྱུང་འདུག སྐབས་དེར་ངས་རྒྱ་གར་ཕྱི་སྲིད་ལས་ཁུངས་ལ་འབྲེལ་བ་བྱས་པ་ཡིན། ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་གར་དབུས་སྨན་ཞབས་ལྟ་རྟོག་ལྷན་ཁང་ལ་བོད་རིགས་སྨན་ཞབས་པ་དེ་དག་ལ་རྒྱབ་གཉེར་ཡིག་ཆ་འཕྲོད་རོགས་ཞེས་ཡི་གེ་ཞིག་གནང་ཡོད་ས་རེད། ཡི་གེ་དེར་ནུས་པ་གང་འདྲ་ཡོད་མེད་སྨན་ཞབས་པ་ཁོ་ཚོར་སྨན་ཞབས་ལྟ་རྟོག་ལྷན་ཁང་གིས་ཡིག་ཆ་སྤྲད་རྗེས་ཧ་གོ་ཡོང་གི་རེད་”ཅེས་དང་། ཡང་དཀའ་ངལ་འདི་ལྡི་ལི་ནང་འཕྲད་ཡོད་པ་ལས་མངའ་སྡེ་གཞན་དག་ནང་འཕྲད་ཀྱི་ཡོད་མེད་ད་སྔ་གནས་ཚུལ་གང་ཡང་འབྱོར་མེད་སྐོར་གསུངས་སོང་།  

ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་གནད་དོན་དེའི་ཐད། ཡིག་ཆ་དེའི་ནང་། བལ་བོ་དང་བྷང་ལཱ་ཌེ་ཤཱི་བ། འབྲུག་པ། བོད་མི་སྐྱབས་བཅོལ་བ་བཅས་སྨན་ཞབས་པ་ཚོར་རྒྱ་གར་ནང་ལས་ཀ་བྱེད་རྒྱུར་ཆོག་མཆན་སྤྲོད་མི་ཆོག་པར། ཕྱིར་སོ་སོའི་རྒྱལ་ཁབ་ཏུ་ལོག་སྟེ་ལས་ཀ་བྱ་དགོས་པར་གསལ་ཡོད་ཀྱང་། བོད་མི་སྐྱབས་བཅོལ་བ་ཚོ་མི་རིགས་གཞན་ལྟར། ཕྱིར་ལོག་ས་དང་ལས་ཀ་བྱེད་ས་མེད་དུས་ཐབས་ལམ་ཞིག་རག་རེས་ཡིན་ཚུལ་བརྗོད་བྱུང་།

གསར་འགོད་པས་ལྡི་ལིར་སྨན་ཞབས་ལས་ཀ་བྱེད་བཞིན་པའི་བུ་མོ་དབྱངས་ཅན་སྒྲོལ་དཀར་ལགས་སུ་བཅར་འདྲི་ཞུས་པར། ཁོང་མོས་ “ ང་ཚོས་དང་ཐོག་ལྡི་ལི་སྨན་ཞབས་ལྟ་རྟོག་ལྷན་ཁང་(DNC) ལ་ལྡི་ལི་རྒྱ་གར་སྨན་ཁང་ནང་ལས་ཀ་བྱེད་ཆོག་པའི་ཐོ་འགོད་ཡིག་ཆ་ཞུས་པར། བོད་རིགས་ཚོས་རྒྱ་གར་སྨན་ཁང་ནང་ལས་ཀ་བྱེད་མི་ཆོག་པའི་ཐག་གཅོད་བྱུང་ཡོད་སྟབས། གལ་སྲིད་ང་ཚོས་ཡིག་ཆ་སྤྲོད་དགོས་ན་དང་པོ་རྒྱ་གར་དབུས་སྨན་ཞབས་ལྟ་རྟོག་ལྷན་ཁང་གི་མཆོག་མཆན་ཡི་གེ་ཁྱེར་ཤོག་ལབ་སོང་། དེ་ནས་ང་ཚོ་དབུས་སྨན་ཞབས་ལྟ་རྟོག་ལྷན་ཁང་ལ་སོང་སྟེ་སོ་སོ་རྒྱ་གར་ནང་སྐྱེས་ཡོད་པ་དང་། རྒྱ་གར་གྱི་སྨན་ཁང་ནས་སློབ་སྦྱོང་ཐོན་པ་སོགས་ཆ་རྐྱེན་ཚང་ཡོད་སྐོར་ཞུས་སྐབས། ཆ་རྐྱེན་ག་རེ་ཡོད་ཀྱང་བོད་རིགས་ཡིན་པ་ཙམ་གྱིས་ལས་ཀ་བྱ་ཆོག་གི་མ་རེད། འདི་ཁྲིམས་ཀྱི་གཏན་འབེབས་རེད། ལྡི་ལི་ཙམ་མ་ཡིན་པར་རྒྱ་གར་གྱི་མངའ་སྡེ་གང་དུའང་ལས་ཀ་བྱེད་ཆོག་གི་མ་རེད། ཁྱེད་ཚོ་བོད་མི་ཚོ་རྒྱ་གར་སྨན་ཁང་ནང་ལས་ཀ་བྱེད་མཁན་མང་པོ་ཡོད་རེད། དེ་ཚང་མ་ཁྲིམས་འགལ་རེད། འདི་ལོའི་ཕྱི་ཟླ་ ༡༠ བར་ང་ཚོས་སྨན་ཁང་ཆེ་ཁག་ཚང་མར་བཀའ་ཁྱབ་བཏང་སྟེ། བོད་རིགས་སྨན་ཞབས་ལས་ཀ་བྱེད་མཁན་ཚོར་ལས་མཚམས་འཇོག་ཏུ་འཇུག་རྒྱུ་ཡིན་ལབ་སོང”ཞེས་བརྗོད་བྱུང་། ཁོ་མོས་མུ་མཐུད་དུ། ང་ཚོས་གནས་ཚུལ་དེ་ལྡི་ལི་དོན་གཅོད་མཆོག་ལ་ཞུས་པ་ཡིན། དོན་གཅོད་མཆོག་གིས་ང་ཚོར་ཕྱག་རོགས་ཧ་ལས་པ་གནང་བྱུང་། རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་དབུས་སྨན་ཞབས་ལྟ་རྟོག་ལྷན་ཁང་ལ་ང་ཚོ་བོད་རིགས་ཚོར་དམིགས་བསལ་བྱས་ཏེ་ཆོག་མཆན་ཐོ་གོད་ཡིག་ཆ་སྤྲོད་རོགས་ཞེས་ཡི་གེ་ཞིག་ཕུལ་ཡོད་རེད། དེ་ཕུལ་རྗེས་ང་ཚོ་བསྐྱར་དུ་དབུས་རྒྱ་གར་སྨན་ཞབས་ལྟ་རྟོག་ལྷན་ཁང་ལ་སོང་སྟེ་སྐད་ཆ་བཤད་སྐབས། ང་ཚོས་ལྟ་དགོས། ཉིན་ ༡༠ རིང་སྒུག་ཅེས་བརྗོད་བྱུང་”ཟེར།

གསར་འགོད་པས་བོད་རིགས་སྨན་ཞབས་པའི་སློབ་སྦྱོང་དང་ལས་ཀ་བྱེད་མཁན་མང་པོ་ཡོད་པའི་ས་གནས་ལྡི་ལི་དང་བྷིང་ལོར། མཱང་མོར། རྡེ་རཱ་ལྡུན་སོགས་སུ་འབྲེལ་བ་བྱས་ཏེ། གནས་ཚུལ་དེ་རིགས་བྱུང་ཡོད་མེད་སྐད་ཆ་དྲིས་པར། ས་གནས་གཞན་ནང་ད་སྔ་གནས་ཚུལ་དེ་འདྲ་འདྲ་བྱུང་མེད་ཀྱང་། བོད་རིགས་སྨན་ཞབས་ཚང་མས་གནས་ཚུལ་དེའི་ཐད་ཐུགས་འཚབ་གནང་གི་ཡོད་པ་དང་། ཉེ་ཆར་རང་རྒྱ་གར་ལྷོ་ཕྱོགས་མཱ་ནེ་པལ་སྨན་ཁང་དུ་སྨན་ཞབས་པའི་ལས་ཀ་རག་མཁན་བསྟན་འཛིན་ཚེ་བརྟན་གྱིས། “ ང་ད་ལོའི་ཕྱི་ཟླ་ ༦ ནང་སྨན་ཞབས་ཐོན་པ་ཡིན། ཕྱི་ཟླ་ ༧ ནང་ཀཱ་ཎ་ཊ་ཀཱི་སྨན་ཞབས་ལྟ་རྟོག་ལྷན་ཁང་ལ་ཡིག་ཆ་ཞུས་ཏེ་ཕྱི་ཟླ་ ༨ ནང་རག་བྱུང་། བཀའ་ཁྱབ་དེ་ཀཱ་ཎ་ཊ་ཀ་མངའ་སྡེ་ནང་ལག་བསྟར་བྱ་མིན་སྐབས་རྗེས་མའི་སློབ་ཐོན་པ་ཚོའི་སྐབས་སུ་གསལ་བོ་ཆགས་ཡོང་གི་རེད་”ཅེས་བརྗོད་བྱུང་།

བྷིང་ལོར་གྲོང་ཁྱེར་དུ་སྨན་ཞབས་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་བུ་མོ་བསྟན་འཛིན་ཚེ་རྒྱལ་ལགས་སུ་དགོངས་ཚུལ་དྲིས་པར། “རྒྱ་གར་སྨན་ཁང་ནང་སྨན་ཞབས་ཀྱི་ལས་ཀ་བྱེད་བཞིན་པའི་བོད་རིགས་བརྒྱ་ཆ་ ༩༨ སྒེར་གཉེར་སྨན་ཁང་རྐྱང་ཡིན་པ་དང་། བརྒྱ་ཆ་ཉུང་ཤས་ཤིག་རྒྱ་གར་གཞུང་གི་སྨན་ཁང་ནང་ལས་ཀ་རག་ཡོད་པ་ཚོ་ལ་རྒྱ་གར་མི་སེར་ལག་འཁྱེར་དང་། མི་སེར་ནང་ནས་ཀྱང་དམིགས་བསལ་ལྟ་རྟོག་ཐོབ་པའི་རྗེས་ལུས་ཅན་གྱི་ལག་འཁྱེར་(ST, SC, OBC) ཡོད་མཁན་རིགས་ཡིན་སྟབས་དཀའ་ངལ་ཆེན་པོ་ཨེ་ཡོང་ན་བསམ་གྱི་འདུག ང་ཚོས་ཀཱ་ཎ་ཊ་ཀ་མངའ་སྡེའི་སྨན་ཞབས་ལྟ་རྟོག་ལྷན་ཁང་(KNC) ལ་འབྲེལ་བ་བྱས་དུས། ཁྱེད་ཚོ་ཀཱ་ཎ་ཊ་ཀ་མངའ་སྡེ་ནང་སྨན་ཞབས་ཐོན་པ་ཡིན་ན། འདིར་བོད་རིགས་སྨན་ཞབས་པ་ཚོར་གནད་དོན་དེའི་ཐད་དཀའ་ངལ་མེད་ལབ་སོང”ཞེས་བརྗོད་བྱུང་།

གསར་འགོད་པ། བནྡེ་སྐྱབས།

༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད། ༽

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༨ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༩ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༣ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 8

  1. གངས་ལྡོམ། says:
    ལོ་ 13 སྔོན།

    ད་རྒྱ་གར་གཞུང་གིས་ཀྱང་ཁ་ནས་བོད་པ་སྐྱབས་བཅོལ་པ་རྣམས་རོགས་པ་བྱེད་མདོག་མདོག་གི་སྒོ་ནས་སྐེ་བཙིར་གི་འདུག་ག བོད་པ་སྐྱབས་བཅོལ་པ་ཚོས་རྒྱ་གར་ནང་སློབ་སྦྱོང་མཐར་ཕྱིན་རྗེས་རྒྱ་གར་ནང་ལས་ཀ་མི་བྱེད་ན་གང་དུ་བྱེད་དགོས་སམ། ད་འདི་ནི་བོད་མིའི་སྒྲིག་འཛུགས་ཀྱི་དཔོན་རིགས་རྣམས་ཀྱིས་གང་ཡང་འཇོན་གི་མེད་པ་དང་། གང་ཡང་སྒྲུབ་གི་མེད་པ་མཚོན་ཐུབ་བོ།།

    འདི་ནི་སྐྱབས་བཅོལ་ལ་ཡོང་པའི་ལས་དབང་རེད་ཡ།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    “གྲང་ལྟོགས་ཞུ་ས་ཕ་མ། སྐྱིད་སྡུག་ཞུ་ས་དཔོན་པོ།” གཏམ་དཔེ་འདི་གནའ་སྔོན་མའི་རེད། འདིས་སྤྱི་ཚོགས་རྙིང་པར་ཡང་དཔོན་བཟང་པོ་ཡོད་པ་མཚོན་ཐུབ། འདིས་དཔོན་ཞིག་ཡིན་ན་དམངས་ཀྱི་བདེ་སྡུག་ལ་འགན་འཁུར་མཁན་ཞིག་ཡིན་པ་བསྟན་ཡོད།
    དེང་སང་ང་རང་ཚོའི་གནས་སྟངས་ལ་མཚོན་ན། གྲང་ལྟོགས་ཞུ་ས་ཡང་གཞུང་ཡིན།
    གཞུང་ཟེར་བ་འདི་དེད་སོང་ན་དཔོན་པོ་ཚོར་ཐུག་ཡོད།
    དེང་སང་ང་ཚོའི་སྤྱི་ཚོགས་དམངས་གཙོ་རེད། དཔོན་པོ་ཚོ་ཡང་དམངས་ཀྱིས་བདམས་པ་རེད། དཔོན་དེ་མི་བཟང་ན། མི་འཇོན་ན། ཡང་དམངས་ལ་དབང་ཆ་ཡོད།
    གནས་ལུགས་རྒྱུ་མཚན་གསལ་བར་བགྲངས་ཏེ་སྐྱིད་སྡུག་ཞུ་དགོས། འོན་ཀྱང་གུས་ཞབས་ཡོད་དགོས། ཤོད་་་ངུས་་་འདི་ངུ་ས་དང་བཤད་ས་རེད་ཡ་་

    Reply
  3. སྦྲ་རོག་རོག། says:
    ལོ་ 13 སྔོན།

    ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མས”བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་རྒྱ་གར་གཞུང་ལ་འབྲེལ་བ་གནང་སྟེ་གནས་སྐབས་རིང་དཀའ་ངལ་དེ་སེལ་ཡོད་པ་ཞིག་གོ་སོང”། གོ་སོང་ཨེ། སྐད་ཆ་འདི་ནང་སྲིད་བློན་ཆེན་ཞིག་སྐད་ཆ་རེད་དམ། གོ་སོང་ཞེས་བའི་སྐད་ཆ་འདིའི་ཉེ་ཆར་ལྡི་ལིར་བོད་རིགས་སྨན་ཞབས་སློབ་ཐོན་པ་ཁག་ཅིག་གིས་རྒྱ་གར་སྨན་ཁང་ནང་ལས་ཀ་བྱེད་རྒྱུར་དཀའ་ངལ་ཞིག་འཕྲད་ཡོད་པར་དོ་སྣང་སྤུ་ཙམ་ཡང་བྱས་མེད་རྟོགས་ཐུབ། གོ་བ་མ་གཏོགས་ནང་སྲིད་བློན་ཆེན་ཞིག་གི་ངོས་ནས་ཁོ་མོར་གནས་ཚུལ་འདིའི་སྐོར་གསལ་བོ་ཞིག་ཞུ་རྒྱུ་མེད་ཡ་མཚན་རེད།
    མ་འོངས་བར་བོད་རིགས་སྨན་ཞབས་པ་ཚོས་རྒྱ་གར་ནང་ལས་ཀ་བྱེད་མི་ཆོག་པ་དེ་སྣང་མེད་དུ་འཇོག་རྒྱུ་འདི་ལྟར་རོ “ང་རང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་མི་སུ་འདྲ་ཞིག་ལ་སྨན་ཞབས་བྱེད་ཕྱོགས་ཀྱི་ཐོག་ནས་དཀའ་ངལ་འཕྲད་པ་ཡིན་ན། སྣང་མེད་དུ་འཇོག་རྒྱུ་མ་ཡིན་པར་ངེས་པར་དུ་འབྲེལ་ཡོད་ལས་ཁུངས་དང་ཡང་ན་ལྡི་ལི་དོན་གཅོད་ལ་འབྲེལ་བ་ཞུས་པ་ཡིན་ན། ལམ་ཁ་ཞིག་རག་གི་རེད་བསམ་གྱི་ཡོད”ཅེས་བརྗོད་བྱུང་།” རེད་རེད་། སྐད་ཆ་རྫིག་པོ་རེ་བཤད་ནས་བསམ་སྡད་ན་དོན་དག་ཆ་ཚང་འགྲིག་འགྲོ་གི་རེད།

    Reply
  4. བུ་ཡུག says:
    ལོ་ 13 སྔོན།

    ལོ་འགས་སྔོན་ལ་བོད་གཞུང་གསར་ཤོག་སྟེང་གཞུང་གི་ལས་བྱེད་ཕྱི་རྒྱལ་དུ་འགྲོ་མཁན་ཚོའི་མིང་ཐོ་དང་ལས་གནས་ད་དུང་དངུལ་ཆད་ཡོད་པ་སོགས་ཕྱིར་བསྒྲགས་བྱས་སོང། དེ་ནི་གཞིའི་ཆགས་མགོ་བདེ་དང་སྤང་ཀི་རྣ་ཚར་འདོགས་མཁན་ཚོའི་ལས་དོན་གཙང་མ་སྒྲུབ་པའི་འཇུག་འབྲས་རེད། དེ་ང་ཚོ་ལ་འབྲེལ་བ་ཅི་ཡང་མེད།

    Reply
  5. བུ་ཡུག says:
    ལོ་ 13 སྔོན།

    རྒྱ་གར་ནང་འཚར་ལོང་བྱུང་མཁན་ཚོ་དཀའ་ངལ་ཏོག་ཙམ་འཕྲད་ན་ནང་སྲིད་དང་དོན་གཅོད་ཀྱིས་དོ་སྣང་ཆེན་པོ་བྱེད་ཡོད་ན་། བོད་པ་གསར་འབྱོར་བ་ཐང་ཁྲོམ་སྟོན་མཁན་དང་བག་ལེབ་བསྲེགས་མཁན་ཚོ་དཀའ་ངལ་ཅི་ཙམ་ཡོད་ཀྱང་སྣང་མེད་བཏང་བ་འདིའི་བོད་པ་གསར་འབྱོར་་བ་དང་གཞིའི་ཆགས་གཉིས་ཀྱིས་བར་ལ་འགལ་ཟླ་ཆེན་པོ་ཞིག་བསླངས་ཡོད། ནག་ཉེས་འདི་བསྲགས་མཁན་གཙོ་བོ་མགོ་ནས་ཁ་མར་འཁོར་མཁན་སྤྲངས་བོ་རྟ་ཞོན་མ་མྱང་མཁན་འདི་ཚོ་རེད།

    Reply
  6. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    ད་རྒྱ་གར་ནས་ཀྱང་མི་རིགས་དབྱེ་འབྱེད་ཀྱིས་ལས་ཀ་རེག་པར་དཀའ་ངལ་རིམ་པས་འཕྲད་ཡོང་ས་རེད།
    བོད་ནས་རྒྱ་ནག་པོས་དཀའ་ངལ་སྤྲད། རྒྱ་གར་ནས་རྒྱ་དཀར་པོས་དཀའ་ངལ་སྤྲད། བོད་འདིས་ལས་ཅི་ཞིག་བསགས་ཡོད་ན།

    Reply
  7. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    རྒྱ་གར་ནང་དུ་བོད་རིགས་བུ་མོ་སློབ་མ་མང་པོ་ཞིག་རྒྱ་གར་གྱི་མཐོ་རིམ་སློབ་གྲྭ་མང་པོར་སྨན་ཞབས་སློབ་གཉེར་སློབ་ཐོབ་བྱས་རྗེས་རྒྱ་གར་གྱི་སྨན་ཁང་ཆེ་ཆུང་མང་པོར་སྨན་ཞབས་ལས་ཀ་རེག་ཡོད་ལ། ཁོ་ཚོས་སྨན་ཞབས་སློབ་གཉེར་སློབ་ཐོན་ཆེད་རྔུལ་ཆུའི་ཐིགས་པ་མང་པོ་སྟོར་ཡོད་པས་སྨན་ཞབས་ལས་ཀ་བྱེད་གནང་སྐབས་ཟླ་རེའི་ཕོག་ཐོབ་ཀྱང་བཟང་པོ་ཐོབ་བཞིན་ཡོད་ལ། འདིས་བོད་མི་སློབ་ཐོན་པ་ཚོར་ལས་ཀ་མི་རེག་པའི་དཀའ་ངལ་ལས་ཐར་པར་རོགས་རམ་ཆེན་པོ་ཐོབ་ཡོད།
    འོན་ཀྱང་དེང་སྐབས་གར་གཞུང་གི་སྲིད་ཇུས་ལངས་ཕྱོགས་གང་ཐད་ནས་འགྱར་བ་སོང་དང་འགྲོ་བཞིན་འདུག་པ་དང་། དམིགས་བསལ་བོད་མི་སྐབས་བཅོལ་བའི་ཐོག་ལ་དོན་དག་རེ་ཟུང་ཁ་ཇེ་གསལ་དུ་འགྲོ་བཞིན་པའི་ཚོར་སྣང་ཤུགས་ཆེར་བྱུང་།
    ད་དུང་མཐོ་སློབ་མང་པོར་བོད་མི་སློབ་གཉེར་པ་ཚོར་རྒྱ་མི་ཡིན་པ་དང་། རྒྱ་ཁོངས་ཡིན་པའི་ཟུར་ཟའི་སྐད་ཆ་ཡང་མཚོན་མེད་དུ་བཤད་མཁན་དགེ་སློབ་མང་དུ་འགྲོ་བཞིན་པའི་ཚོར་སྣང་བྱུང་།
    ད་བོད་མོ་སྨན་ཞབས་སློབ་ཐོན་པ་ཚོར་རང་གཞུང་ནས་ལས་ཀ་སྤྲོད་ཐོབས་མེད་པ་དང་། སྨན་ཞབས་མང་པོར་ས་མིག་དེ་འདྲ་མེད་ངེས་ན། སྨན་ཞབས་སློབ་ཐོན་པ་དག་གི་ལས་ཀའི་དཀའ་ངལ་བསལ་བར་རང་གཞུང་དང་ཚོགས་སྒེར་ཚང་མས་ཕྱར་གྲུ་མཉམ་འདེགས་ཡོང་བའི་རེ་བ་སྙིང་ནས་ཞུ།

    Reply
  8. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    བོད་རིགས་སྨན་ཞབས་པ་ཚོའི་རེ་དམིགས་ནུབ་གླིང་རེད། ཁོ་ཚོ་དེ་གར་འགྲོ་གི་རེད། ཁྱེད་རང་ཚོས་སེམས་ཁྲལ་གནང་བ་སྟོང་བ་རེད། ཧཧཧཧཧ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese