མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུལ་ཤུལ་ས་ཡོམ་སྐོར་ལ་གསལ་བཤད།

བོད་ཀྱི་དུས་བབ།
༢༠༡༣/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱབ་སྐྱོར་ཚོགས་པས་ཉིན ༨ རིང་ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་གི་རོགས་སྐྱོབ་སྤྲད་སྟངས་ཐད་ཉམས་ཞིབ་བྱས་འབྲས་དོན་ཚན་གསུམ་ཅན་གྱི་གསར་འགོད་གསལ་བསྒྲགས་ནང་།  གསལ་བཤད་བྱེད་སྟངས་ཐད་མི་མང་ནང་བློ་དྭོགས་སླེབས་སྲིད་པའི་གནད་དོན་ཞིག་ལ་གསལ་ཁ་ཞུ་རྒྱུ་ཡིན།

དོན་ཚན་གཉིས་པའི་ནང་།  གནོད་འཚེ་ཕོགས་པའི་ས་ཁུལ་ཁག་ལ་བཏང་ཡོད་ཀྱང་དེའི་ནང་རོགས་དངུལ་དང་ཅ་དངོས་སྤྲད་ཡོད་ཟེར་བ་འགའ་ཞིག་ལ་བྱུང་འཛིན་དང་ཁུངས་ལྡན་ཁ་གསལ་མེད་པ་ལྷག་ཡོད་ཟེར་བའི་ཐད་ལ་གསལ་བཤད།

༡༽  ཅ་དངོས་རོགས་སྐྱོབས་སྤྲད་པའི་ཁུངས་ཇ་འཁོར་དྲུག་༣༦༥ རེ་རེའི་མ་གནས་རྒྱ་སྒོར་༦༥ དང་།    འབྲས་སྤྱི་རྒྱ་༢༥ ཅན་གྱི་རྩ་ཁུག་༣༥༠  རེ་རེའི་མ་གནས་རྒྱ་སྒོར་༡༧༤ བཅས་གོང་ཁག་གཉིས་ཀྱི་ཅ་དངོས་ཉོས་འཛིན་ཚོགས་ཆུང་དུ་རག་མེད་ཀྱང་ཅ་དངོས་དེ་དག་མི་མང་ནང་འགོ་སྤྲོད་བྱས་ཏེ་མི་རེ་རེའི་ལག་ཏུ་སྤྲད་པའི་བརྙན་འཕྲིན་དང་མི་མང་སོ་སོར་རག་བྱུང་བའི་འཛུབ་ཐེལ་རྒྱབ་པའི་ཡིག་ཆ་དང་ང་ཚོའི་འབྲེལ་མཐུད་པ་ལ་ཐུགས་རྗེ་ཆེ་ཟེར་ཏེ་ཁ་བཏགས་གཡོག་སའི་བརྙན་འཕྲིན་ཡོད་ཀྱང་།    དང་ཐོག་ཚོང་ཁང་ནས་ཅ་དངོས་ཉོས་པའི་བྱུང་འཛིན་རག་མེད་སྟབས་ཁ་གསལ་མེད་པའི་ཁོངས་སུ་བཞག་སོང་།

   སྲིན་བལ་ཉལ་ཆས ༤༠༠ རེ་རེའི་མ་གནས་རྒྱ་སྒོར་༢༧༠ ཅན་གྱི་བྱུང་འཛིན་ཐོག་ཚོང་ཁང་གི་ཐེལ་རྩེ་འཁོད་མི་འདུག་ཟེར།  ཉལ་ཆས་མི་མང་ནང་བགོ་སྤྲོད་བྱས་ཏེ་ཁྱིམ་ཚང་སོ་སོར་སྐལ་ཐོབ་འཁྱེར་བཞིན་པའི་བརྙན་འཕྲིན་དང་དོ་བདག་སོ་སོའི་རག་བྱུང་ཟེར་བའི་བྱུང་འཛིན་དང་མི་མང་ཚོས་ཐུགས་རྗེ་ཆེ་ཟེར་ཏེ་ང་ཚོའི་འབྲེལ་མཐུད་པར་ཁ་བཏགས་གཡོག་སའི་བརྙན་འཕྲིན་ཡོད་ཀྱང་ཅ་དངོས་ཉོས་འཛིན་ཐོག་ཚོང་ཁང་གི་ཐེལ་རྩེ་མེད་པའི་རྒྱུ་མཚན་ལ་ཁ་གཡར་ཏེ་ཁ་གསལ་མེད་པའི་ཁོངས་སུ་བཞག་སོང་།

༢༽   ཁྲི་འདུ་ཁ་སྔོན་གྲོང་སྡེའི་མི་ཞིག་རྒྱུད་ཉམས་ཐག་ཁག་ཅིག་ལ་རྒྱ་སྒོར་༡༠༠༠༠ སྤྲད་ཡོད་ཟེར་བའི་ཐད་གསལ་བཤད།  ཚོགས་ཆུང་གི་མིང་གཞུང་ནང་འགོད་ནོར་གྱི་ཁྲི་འདུ་དགོན་པ་ཞིག་ལ་རྒྱ་སྒོར་༡༠༠༠༠ ཐམ་པ་སྤྲད་ཡོད་པ་འཁོད་འདུག   བྱུང་འཛིན་ནང་མཁར་སྔོན་གྲོང་ཚོ་འཁོད་སྟབས།  མིང་ཏག་ཏག་འཐུན་མིན་གྱི་ཁ་གསལ་མེད་པའི་ཁོངས་སུ་བཞག་སོང་།

 ༣༽ ཡང་རྒྱ་སྒོར་༡༩༥༠༠༠༠ལྷག་གོད་ཆགས་ཕོག་ཡུལ་མི་མང་ལ་མགྱོགས་མྱུར་སྤྲོད་བདེ་ཆེད་རྒྱ་སྒོར་ ༧༠༠༠༠ སྤྲོད་ཡོད་ཟེར་བ་ལས་ཁ་གསལ་མ་བྱུང་ཟེར་བའི་ཐད་གསལ་བཤད།

རྒྱ་ནག་གཞུང་གི་རྒྱུད་ནས་ཆོག་མཆན་ཐོབ་པའི་རོགས་དངུལ་ཁྲི་༡༩༥ ལྷག་ཙམ་དེ་ལོ་གཉིས་ལྷག་འགོར་བའི་རྗེས་སུའང་མི་མང་ལག་ཏུ་སྨིན་མ་ཐུབ་པའི་ཁར་ཟིང་ལིང་དངུལ་ཁང་ནས་རོགས་དངུལ་ཡུལ་ཤུལ་དུ་མ་བཏང་བར་རྒྱུང་རིང་འགོར་སྟབས་འབྲེལ་ཡོད་དཔོན་རིགས་ཁག་ཅིག་ལ་ལས་གཞི་དེ་མགྱོགས་མྱུར་ངང་འགྲུབ་ཆེད་ཚོགས་ཆུང་སྤྱི་མོས་ཐོག་རྔན་པ་སྤྲད་སྟབས་བྱུང་འཛིན་རག་རེ་མེད་པར་ཤེས་ཚོད་ལ་འབྲེལ་བཤད་ཞིབ་ཁྲ་དགོས་གལ་མ་མཐོང་།

༤༽  དྭ་ཕྲུག་སློབ་གྲྭ་ཟེར་བའི་ཞིག་ལ་རྒྱ་སྒོར་༣༣༠༠༠ ཐད་ལ་གསལ་བཤད།   དྭ་ཕྲུག་སློབ་གྲ་དེའི་འགན་འཛིན་ག་གེ་མོ་སྔོན་མ་གྲྭ་པ་ཡིན་པ་ད་ཆ་བླ་མ་ཡིན་ཟེར་གྱི་ཡོད་རེད།  མི་དེ་ཚད་ལྡན་ཞིག་མ་རེད་ཟེར་བའི་ཐད་ལ་ཚོགས་ཆུང་ངོས་ནས་མི་ཚད་ལྡན་ཡིན་མིན་ལ་འབྲེལ་བ་སྤུ་ཙམ་མེད།  ༢༠༡༠ ལོར་ས་ཡོམ་གོད་ཆག་སྐབས་ཕ་མ་འདས་གྲོང་ཕྱིན་པའི་དྭ་ཕྲུག་བརྒྱ་ལྷག་ལ་བལྟ་རྟོགས་བྱེད་ཀྱི་ཡོད་སྟབས་ཚོགས་ཆུང་ངོས་ནས་ཕྲུ་གུ་རྣམས་ལ་གྱོན་ཆས་སྟོད་གོས་རེ་རེ་སྤྲད་པའི་པར་རིས་དང་ཉོས་འཛིན་ཁག་གསལ་པོ་ཡོད་ཀྱང་འགན་འཛིན་ག་གེ་མོ་མི་ཚད་ལྡན་ཡིན་མིན་ལ་ཐུག་སྟེ་ཁ་གསལ་མེད་པའི་ཁོངས་སུ་བཞག་སོང་།

རྒྱབ་སྐྱོར་ཚོགས་པའི་ནང་སྒ་པ་རྐྱང་པ་ལས་ཡུལ་ཤུལ་ཆ་ཚང་ངོ་ཚབ་མཚོན་ཐུབ་མེད་སྟབས།  ནང་ཆེན་དང་སྡོམ་མདའ་གཉིས་ལ་སྤྲད་པ་དེ་འགྲིག་མེད་པ་དང་འོས་ཤིང་འཚམས་པ་མིན་པའི་ཐག་གཅོད་བྱས་ཡོད།  ནང་ཆེན་དང་སྡོམ་མདའ་གཉིས་ལ་རོགས་སྐྱོབ་སྤྲད་པ་དེ་འགྲིག་ཡོད་མེད་ས་ཁུལ་དེ་གཉིས་ཀྱི་མི་སྣས་གསལ་བཤད་དགོས་གལ་མཐོང་། 

མཐའ་དོན་ཚོགས་ཆུང་ངོས་ནས་བློ་ཕམ་ཆེན་པོའི་ཐོག་གསལ་བཤད་ཞུ་འདོད་པ་ཞིག་ལ།  ད་ཐེང་ས་ཁུལ་འདྲ་མིན་ནས་སྒ་བ་མི་གྲངས་ ༡༩ ཅན་ཞིག་རྒྱབ་སྐྱོར་ཚོགས་པ་ཟེར་བའི་མིང་ཐོག་ནས་རྡ་རམ་ས་ལ་ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་དུ་བཅར་སྐབས།  ཚོགས་ཆུང་གི་གནད་དོན་ཁག་མིག་སྟོན་མ་བྱས་གོང་འགན་འཁུར་དགོས་པའི་དམ་འབུལ་ཡིག་ཆ་ལ་འགན་འཁུར་ཐུབ་པའི་ས་རྟགས་བཀོད་ཡོད།  རྒྱབ་སྐྱོར་ཚོགས་པའི་ཉིན་བརྒྱད་རིང་ཞིབ་འཇུག་བྱས་ཏེ།   འཇུག་བསྡོམས་གསར་འགོད་གསལ་བསྒྲགས་ནང་།  དོན་ཚན་གཉིས་པའི་ནང་ཁ་གསལ་མེད་པའི་གནད་དོན་ཁག་ཅིག་ལས་བརྒྱ་ཆ་དགུ་བཅུ་གོ་གྲངས་ཡག་པོ་བྱུང་འདུག་ཟེར་ཏེ་སྐད་གསང་མཐོན་པོའི་ཐོག་ནས་གསུང་པའི་ཚིག་དུམ་ཙམ་ཡང་མ་བཀོད་པར་མ་ཟད།  དམ་འབུལ་ཡིག་ཆའི་འབྲུ་དོན་ལ་འགལ་ཏེ་དོན་གནད་ཁག་ཅིག་དམར་རྗེན་དུ་ཕུད་པ་དེ་ལ་བློ་ཕམ་ཆེན་པོ་ཡོད།   ད་ཐེངས་རྒྱབ་སྐྱོར་ཚོགས་པའི་གསར་འགོད་གསལ་བསྒྲགས་ནང་གསལ་བཤད་བྱེད་སྟངས་ཐད་མི་མང་པོའི་གོ་བ་མི་འདྲ་བ་ལེན་གྱི་ཡོད་སྟབས།   ཁ་གསལ་མེད་པའི་དོན་གནད་ཁག་ཅིག་ལ་གསལ་བཤད་དུ།

ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་ཐུན་མོང་ནས།

ཕྱི་ལོ་༢༠༡༣ ཟླ ༩ ཚེས ༢༥ ལ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༢ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༢ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༢ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༣ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese