མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གོ་བརྡ་འཕྲོད་པ་དང་རྒྱུ་མཚན་ལ་ལྟ་ཐུབ་མཁན་གྱི་སྤྱི་ཚོཊ་ཤིག་ཏུ་བསྒྱུར་དགོས།

བོད་ཀྱི་དུས་བབ།
༢༠༡༣/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་གུང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་མཇུག་བསྡོམས་སྟེང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ད་རེབ་༧གོང་ས་མཆོག་དང་འབྲེལ་བའི་གྲོས་ཆོད་ཅིག་བཞག་ཡོད་པ་དེ་ཧ་ཅང་ཡག་པོ་བྱུང་ཡོད་པ་དང་། གྲོས་ཚོགས་འཐུས་མི་ཚོས་ཁོག་ཏུ་གཅིག་ཉར་ནས་ཁ་ནས་གཞན་ཞིག་གསུངས་པ་མིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་ ༡༨ ནས་ ༢༨ བར་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་ཚོགས་ཏེ། དེ་རིང་ཉིན་གུང་ཆུ་ཚོད་ ༡།༠༠ ཙམ་ལ་ཚོགས་འདུ་ཡོངས་སུ་མཇུག་བསྒྲིལ་ཡོད། ཐེངས་འདིར་བོད་མིའི་སྒྲིག་འཛུགས་ལས་ཁུངས་ཁག་གི་ཕྱི་ལོ་ ༢༠༡༢ ནས་ ༢༠༡༣ ལོའི་ལས་སྡོམ་སྙིང་བསྡུས་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་གནང་བའི་སྙན་ཐོ། དེ་བཞིན། སྤྱི་འཐུས་རྒྱུན་ལས་ཀྱི་སྐབས་ལྔ་པའི་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ་སོགས་གྲོས་ཚོགས་ནང་སྙན་སྒྲོན་དང་། དེ་དག་གི་ཐོག་དྲི་བ་དྲིས་ལན་བཅས་གནང་ཡོད། གཞན། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་དང་། ༧གོང་ས་མཆོག་གི་ཐུགས་དགོངས་དྭངས་པའི་གསོལ་འདེབས། གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དང་བཀའ་ཤག་ལ་ཐུགས་སྣང་ཞེན་སྐུལ་ཁག་ཅིག་བཅས་གནང་ཡོད།   

གྲོས་ཚོགས་མཇུག་བསྡོམས་གཏམ་བཤད་སྐབས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཐེངས་འདིར་བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། བོད་པར་ཤ་ཚ་ཡོད་མཁན་གྱི་གྲོགས་པོ་རྙིང་པ་གཉིས་བཅས་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་གསུམ་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས་ཐད་གདུང་སེམས་མཉམ་སྐྱེད་ཆེད་དོན་ཚན་གསུམ་ཅན་གྱི་གྲོས་ཆོད་བཅས་བཞག་ཡོད་པ་མ་ཟད། བོད་རྒྱ་ཞི་མོལ་དང་བོད་ནང་གི་ཛ་དྲག་གནས་སྟངས་སེལ་ཐབས། བོད་དོན་དཀའ་རྙོག་སེལ་ཆེད་རྒྱ་ནག་གི་མགོ་ཁྲིད་མཉམ་འབྲེལ་མོལ་བྱ་རྒྱུའི་ལས་དོན་ཐད་བཀའ་ཤག་གི་འབད་འབུངས་གནང་གི་ཡོད་པ་ལྟར། མ་འོངས་པར་དེ་ལས་ཤུགས་ཆེ་ཙམ་གནང་དགོས་པ་དང་། དེ་ཡང་རྒྱ་ནག་རང་གི་ནང་དུ་ཆབ་སྲིད་དང་སྤྱི་ཚོགས། དཔལ་འབྱོར་ཕྱོགས་གང་ཐད་ནས་འགྱུར་བ་ཤུགས་ཆེན་འགྲོ་བཞིན་ཡོད་ཅིང་། བར་ལམ་ནས་གནས་ཚུལ་མང་པོ་ཞིག་ཐོན་ཡོང་གི་ཡོད་སྟབས་དེ་དག་ལ་བསྐྱར་ཞིབ་གནང་བའི་ཐོག་ནས་གོ་སྐབས་དམ་འཛིན་དང་མ་ཤོར་བ་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་པའི་འབོད་སྐུལ་གནང་སོང་།

ཉེ་ཆར་༸གོང་ས་མཆོག་གིས་ཐུགས་ཕམ་གྱི་བཀའ་སློབ་དང་འབྲེལ་བའི་གྲོས་ཆོད་ཐད་ཁོང་གིས།  “ ད་རེབ་གྲོས་ཚོགས་ནང་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཞག་པ་རེད། དེ་སྤྱི་འཐུས་རྣམ་པས་གསུངས་པ་ལྟར་དགའ་སྤོབས་ངང་གྲོས་ཚོགས་སུ་འཁུར་ཡོང་བ་ཞིག་ཆགས་མེད། གནས་སྟངས་ཞན་པོ་ཞིག་ལ་ང་ཚོ་བསླེབས་ཡོད་སྟབས། དེ་འདྲ་ཞིག་འཁུར་ཡོང་དགོས་ཐུག་པ་རེད། གྲོས་ཆོད་དེའི་ཐོག་བགྲོ་གླེང་དང་སྤྱི་མོས་གཏན་འབེབས་ཐུབ་པ་དེ་གྲོས་ཚོགས་ཀྱི་གཟི་བརྗིད་རེད་བསམ་གྱི་ཡོད། གྲོས་ཚོགས་ནང་ཡོད་པ་ཚང་མ་ཁོག་ཏུ་གཅིག་ཉར་། ཁ་ནས་གཞན་ཞིག་བཤད་པ་དེ་འདྲ་རྩ་བ་ཉིད་ནས་མིན་པར་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོས་གྲོས་ཚོགས་ནང་དམ་བཅའ་ཡང་བཞག་ཡོད་པ་རེད། གྲོས་ཆོད་དེའི་དགོངས་དོན་ང་ཚོས་ལས་དོན་ཚགས་ཚུད་ཡོང་ཆེད་དང་། སྤྱི་ཚོགས་ནང་འཁྲུག་རྐྱེན་མི་ཡོང་བ། ལྷག་པར་དུ་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ལ་ང་ཚོས་ཚམ་ཚོམ་དང་འཛེམ་ཟོན་མེད་པར་གདོང་ལེན་ཞུ་རྒྱུ་ཡིན་ཞེས་པ་ལྟར་གནང་དགོས་ཆགས་ཀྱི་རེད། དེ་མིན་པ་ཡིན་ན་ང་ཚོས་ཚིག་ཡར་བཅུག་པ་དེ་མཛེས་རྒྱན་ཆགས་པ་མ་གཏོགས། དོན་ཐོག་ལ་ཕན་ཐོགས་མེད་པ་ཞིག་རེད།  དེང་སང་སྤྱི་ཚོགས་ནང་བཀའ་མོལ་མང་པོ་ཡོང་དགོས་པ་དེ། གཅིག་ང་རང་ཚོའི་སྤྱི་ཚོགས་རང་གིས་བཟོས་བསྡད་ཡོད་པ་རེད། དེ་ལ་འགྲེལ་བཤད་མ་བརྒྱབ་པ་ཡིན་ན་མ་འགྲིག་པའི་གནས་སྟངས་ཤིག་ང་ཚོས་བཟོས་བསྡད་ཡོད་སྟབས། དེ་དག་གི་རྒྱུ་མེད་པ་ཡིན་ན་འབྲས་བུ་ཡོང་དགོས་པ་ཆགས་ཀྱི་ཡོད་པ་མ་རེད། དེའི་ཐོག་ལ་ཐུགས་སྣང་གནང་དགོས་ཀྱི་འདུག ” ཅེས་གསུངས་བྱུང་།

མང་ཚོགས་ཀྱིས་ཆབ་སྲིད་དང་གཞུང་གི་ལངས་ཕྱོགས་ལ་དོ་སྣང་གནང་དགོས་པའི་སྐོར་གསུངས་དོན། “ ང་ཚོའི་སྤྱི་ཚོགས་དེ་གོ་བརྡ་འཕྲོད་ཐུབ་མཁན་གྱི་སྤྱི་ཚོགས་ཤིག་ཆགས་དགོས་ཀྱི་འདུག ༸གོང་ས་མཆོག་དབུ་མའི་ལམ་ལ་ཕེབས་དགོས་པའི་རྒྱུ་མཚན་ལན་མང་བཀའ་སློབ་གནང་གྲུབ་པ་རེད། དེའི་ནང་ནས་ཡོངས་གྲགས་མཁྱེན་བསྡད་པ་དེ་ཨི་ཊ་ལི་དང་ལ་དྭགས། ས་ལུ་སྒར། སུད་སི་བཅས་རེད། ཡོངས་གྲགས་མ་ཆགས་པ་ཨོ་སི་ཊོ་ལི་ཡ་སོགས་ཆིབས་བསྒྱུར་གནང་ས་ཁག་ཏུ་ལན་མང་གནང་དགོས་ཐུག་པ་དེ་ཡང་ང་ཚོའི་སྤྱི་ཚོགས་ཀྱིས་བཟོས་པ་རེད། ང་ཚོའི་སྤྱི་ཚོགས་འདི་གནས་སྟངས་གཞན་དང་མི་འདྲ་བའི་འོག་ལྷག་བསྡད་ཡོད་པ་རེད། རང་བཙན་ཡོད་པའིོ་རྒྱལ་ཁབ་ཀྱི་མི་ཞིག་གིས་སོ་སོའི་ཆབ་སྲིད་གནས་སྟངས་ལ་དོི་སྣང་ཆེན་པོ་གནང་གི་ཡོད་པ་རེད། ང་ཚོ་ལུང་པ་མེད་པའི་མི་རིགས་དང་འཐབ་རྩོད་བྱེད་མཁན་གྱི་མིོ་རིགས་ཤིག་གིས་དེ་བས་ཀྱང་ཆབ་སྲིད་ཐོག་དོ་སྣང་གནང་དགོས་ཀྱང་། དེ་ལྟར་མ་གནང་བར་རྐྱེན་བྱས་ཏེ་དཀྲོགས་གཏམ་མང་པོ་ཞིག་ཆགས་ཡོང་གི་ཡོད། ཁག་ཅིག་གིས་ཤེས་བཞིན་དུ་སྤྱི་ཚོགས་ནང་དེ་འདྲའི་གླེང་སློང་བཟོ་བཞིན་ཡོད་པ་རེད། དེར་བརྟེན། ཚང་མས་ཐུགས་སྣང་གནང་སྟེ། ང་ཚོའི་སྤྱི་ཚོགས་དེ་གོ་བརྡ་འཕྲོད་མཁན་དང་རྒྱུ་མཚན་ལ་ལྟ་ཐུབ་མཁན་གྱི་སྤྱི་ཚོགས་ཤིག་ཏུ་བསྒྱུར་རྒྱུ་ཧ་ཅང་གལ་ཆེན་པོ་རེད” ཅེས་གསུངས་སོང་།  

ཁོང་གིས་མུ་མཐུད་དུ་གསུངས་དོན། “ ༸གོང་ས་མཆོག་གིས་འདས་པའི་ལོ་ ༦༠ ལྷག་གི་རིང་གཡས་སྐྱོར་གཡོན་སྐྱོར་བྱས་ཏེ། ང་ཚོ་འདིར་ཚོགས་ཏེ་སྐད་ཆ་བཤད་པའི་གོ་སྐབས་ཡོད་པ་ཞིག་བྱུང་བ་རེད་ལ། བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཀྱི་བསྟི་གནས་རྒྱ་ཆེན་པོ་དེ་འདྲ་ཞིག་ཆགས་ཐུབ་པ་ཚང་མ་༸གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ལས། གཞན་ཞིག་གིས་ཞེ་དྲག་འཇོན་ཡོད་ཅེ་ན་འཁྲུལ་སྣང་ནང་ལྷག་གི་ཡོད་པ་རེད་བསམ་གྱི་ཡོད་ལ། དུས་རྒྱུན་དེ་ལྟར་ཞུ་མཁན་ཞིག་ཀྱང་ཡིན། འདས་པའི་ལོ་ ༦༠ རིང་༸གོང་ས་མཆོག་གི་སྐུ་ངལ་འཛེམ་མེད་ཐོག་རུབ་རུབ་བཟོས་བཞག་པ་དེ་ང་ཚོས་གཏོང་རྒྱུའི་མགོ་བཙུགས་པ་ཡིན་ན། དེ་ལས་ལྷག་པའི་གྱོང་གུད་ང་ཚོར་རག་རྒྱུ་མི་འདུག ང་ཚོ་ལོ་རྒྱུས་ཀྱི་ཐོག་ནས་ཀྱང་ནག་ཉེས་ཆགས་ཀྱི་རེད།” ཅེས་སོགས་གསུངས་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༨ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༩ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༣ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 4

  1. མངའ་རིས་འཕྲིན་ལས། says:
    ལོ་ 13 སྔོན།

    རེད་གོ་བརྡ་འཕྲོད་ཟེར་བ་དེ་ཤེས་ནས་གོ་བརྡ་འཕྲོད་པ་གཅིག་དང་། མ་ཤེས་ནས་རྨོངས་དད་ཁོ་ནས་གོ་བརྡ་འཕྲོད་པ་ལྟར་སྣང་བ་གཉིས་ཡོང་གི་ཡོད། དང་པོ་ནི་ང་ཚོ་བོད་མི་རིགས་ལ་དགོས་པ་དེ་ཡིན་ལ། གཉིས་པ་ནི་ང་ཚོ་བོད་མི་རིགས་འཆི་ལམ་ལ་སྐྱལ་མཁན་དེ་ཡིན་ལ། ད་དུང་འཆི་ལམ་ལ་དེད་མཁན་ཀྱང་དེ་རེད། མུ་མཐུད་རྨོངས་དད་ཁོ་ནས་ལམ་དུ་ཕྱིན་པ་ཡིན་ན་གྲུབ་འབྲས་རང་ས་དགྲ་ལག་ལ་བཞག རང་མི་གཞན་ཡུལ་ལ་ཤི། རྒྱུ་དངོས་དགྲ་བོས་རོལ། སྤུན་མཆེད་དགྲ་བོས་གསོད་པས་ལས་གྲུབ་འབྲས་ཅི་ལ་ཡོད། ད་དུང་ཆབ་སྲིད་ཀྱི་ལང་ཕྱོགས་བྱེ་བྲག་པ་གཅིག་རང་ལ་བཙན་གྱིས་དེད་པ་ནས་ནང་ཁུལ་མི་མཐུན་པ་བཟོ་བ་ལས་ཤེས་ལྡན་སུ་ཞིག་གིས་ཡིད་བརྟོན་བྱེད། ད་ནི་བཟུང་རྡ་སའི་སྤྱི་ཚོགས་ནི་ཆོས་པའི་སྤྱི་ཚོགས་ཤིག་ཡིན་ལ། མི་ཡུལ་དུ་ཉི་མ་སྐྱལ་མཁན་གྱི་སློང་མོ་པའི་སྤྱི་ཚོགས་ཤིག་ཆགས་ཡོད།

    Reply
  2. བྱེ་ཐང་གི་གླག་རྒོད། says:
    ལོ་ 13 སྔོན།

    ཁྱེད་ཀྱི་གསུང་པ་ལ་མངོན་པར་བསྟོད་དོ །

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་་་་་་ ང་ཚོའི་སྤྱི་ཚོགས་འདི་གནས་སྟངས་གཞན་དང་མི་འདྲ་བའི་འོག་ལྷག་བསྡད་ཡོད་པ་རེད། རང་བཙན་ཡོད་པའིོ་རྒྱལ་ཁབ་ཀྱི་མི་ཞིག་གིས་སོ་སོའི་ཆབ་སྲིད་གནས་སྟངས་ལ་དོི་སྣང་ཆེན་པོ་གནང་གི་ཡོད་པ་རེད།
    ང་ཚོ་ལུང་པ་མེད་པའི་མི་རིགས་དང་འཐབ་རྩོད་བྱེད་མཁན་གྱི་མིོ་རིགས་ཤིག་གིས་དེ་བས་ཀྱང་ཆབ་སྲིད་ཐོག་དོ་སྣང་གནང་དགོས་ཀྱང་། དེ་ལྟར་མ་གནང་བར་རྐྱེན་བྱས་ཏེ་དཀྲོགས་གཏམ་མང་པོ་ཞིག་ཆགས་ཡོང་གི་ཡོད།
    ཁག་ཅིག་གིས་ཤེས་བཞིན་དུ་སྤྱི་ཚོགས་ནང་དེ་འདྲའི་གླེང་སློང་བཟོ་བཞིན་ཡོད་པ་རེད། དེར་བརྟེན། ཚང་མས་ཐུགས་སྣང་གནང་སྟེ། ང་ཚོའི་སྤྱི་ཚོགས་དེ་གོ་བརྡ་འཕྲོད་མཁན་དང་རྒྱུ་མཚན་ལ་ལྟ་ཐུབ་མཁན་གྱི་སྤྱི་ཚོགས་ཤིག་ཏུ་བསྒྱུར་རྒྱུ་ཧ་ཅང་གལ་ཆེན་པོ་རེད་་་་་་་་་་་་་་

    Reply
  4. མི་རྒོད། says:
    ལོ་ 13 སྔོན།

    ལགས་སོ་ཟུར་ལ་ང་ཚའི་སྲིད་སྐྱོང་མཆོག་གཅིག་གསུངས་གིས་འདུག་ཡིནའང་འདིར་མིན་འདུག། གང་ཡིན་ནམ། སྤྱི་འཐུས་ཚོགས་གཙོ་མཆོག་གིས་བཀའ་སློབ་ལ་བསྔགས་བརྗོད་ཞུ།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese