མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པས་དམངས་གཙོ་རྩོད་ཀྱི་མེད་ལབ་སོང་ཟེར་བ་དེ་བདེན་པ་ཡིན།

བོད་ཀྱི་དུས་བབ།
༢༠༡༣/༠༩/༢༩
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་གསལ་བཤད་ཅིག་གྲོས་ཚོགས་ནང་ཕེབས་པ་དང་བསྟུན་ཏེ། ཉེ་ལམ་ཁོང་གིས་དབྱིན་ཡིག་གི་གསར་ལམ་ཁག་ཅིག་ནང་བོད་མིས་དམངས་གཙོ་རྩོད་ཀྱི་མེད་ལབ་པ་དེ་ནི། རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དང་བཀའ་ཤག་སྐབས་སྔོན་མའི་ལངས་ཕྱོགས་ཤིག་ཡིན་སྐོར་གསལ་བཤད་གནང་སོང་།

སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་སྟེང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་སྐབས་བཅུ་བཞི་པའི་འདས་པའི་ལོ་གཉིས་རིང་གི་ལས་དོན་དང་མ་འོངས་བྱེད་འཆར་ཁག་ཅིག་སྙན་སྒྲོན་ཞུས་པའི་ཐོག གྲོས་ཚོགས་ནང་བགྲོ་གླེང་དང་དྲི་བ་མང་དག་ཅིག་བྱུང་བར། ཁ་སང་ཚེས་ ༢༨ ཉིན་སླར་ཡང་གསལ་བཤད་ལན་འདེབས་དང་འབྲེལ་ཏེ། བཀའ་ཤག་གསར་རྙིང་གི་དགོངས་དོན་དང་བོད་རྒྱ་འབྲེལ་མོལ་བཅས་ཀྱི་སྐོར་ལ་གཏམ་བཤད་གནང་སོང་།

ཉེ་ལམ་སྲིད་སྐྱོང་མཆོག་ཨ་རིར་ཕེབས་སྐབས་དབྱིན་ཡིག་གི་གསར་ལམ་ཁག་ནང་ཁོང་གིས་བོད་པར་དམངས་གཙོ་མི་དགོས་ཚུལ་གསུངས་ཡོད་པའི་གནས་ཚུལ་ཞིག་འགྲོ་བཞིན་ཡོད་པའི་ཐད་གསལ་བཤད་གནང་དོན། ང་ཉེ་སྔོན་ཝ་ཤིན་ཊོན་དུ་ཕྱིན་ཏེ་གནས་ཚུལ་ཚགས་པར་ཐོག་བཀོད་རྗེས། དམངས་གཙོ་དགོས་ཀྱི་མེད་ལབ་ཀྱི་འདུག ད་གང་འདྲ་ཡིན་ནམ་ཞེས་གླེང་སློང་མང་པོ་བྱུང་བ་རེད། ངས་གསལ་བོ་བཤད་རྒྱུ་བྱུང་། ང་ཚོས་དམངས་གཙོ་ལག་ལེན་བསྟར་གྱི་ཡོད་ལ། དེ་ང་ཚོའི་མངོན་འདོད་ཀྱང་རེད། ཡིན་ནའང་དེ་དགོས་ཀྱི་ཡོད་ཟེར་གྱི་མེད་ཅེས་ལབ་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། ཡིག་ཆའི་ནང་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ། གསར་འགོད་པའི་མཆན།༽དམངས་གཙོ་དགོས་ཀྱི་ཡོད་ཅེས་བཀོད་ཡོད་པ་མ་རེད། དབྱིན་ཇིའི་ཚིག་དེ་ (Demand) དགོས་ཡོད་ཅེས་ཆ་རྐྱེན་བཏོན་པ་རེད་མ་གཏོགས་ (desire) མ་རེད། ང་ཚོའི་ཡིག་ཆ་དེའི་ནང་སྤྱི་ཚོགས་རིང་ལུགས་དང་དམར་ཤོག་ཚོགས་པའི་འགྲོ་སྟངས་འགྲོ་ལུགས་ལ་འགྱུར་བ་གཏོང་རྒྱུ་མེད་ཅེས་གསལ་བོ་བཤད་ཡོང་སྐབས། དེ་རང་འཇགས་གནས་བསྡད་ཡོད་པ་རེད། ད་ལྟའི་བཀའ་ཤག་དང་སྔོན་གྱི་བཀའ་ཤག་གཉིས་ཀྱི་དགོངས་ཚུལ་གཅིག་པ་གཅིག་རྐྱང་རེད་མ་གཏོགས་འགྱུར་བ་གང་ཡང་ཕྱིན་མེད། དབུ་མའི་ལམ་གྱི་ཐོག་སྤྱི་ཚོགས་ནང་ཆ་ཚང་མ་མཁྱེན་པ་ཡོད་སྟབས། མཚམས་ལམ་རེར་གོ་ནོར་ཐེབས་ཏེ་དཀྲོག་གཏམ་འཁུར་ཡོང་གི་འདུག མ་འོངས་པར་དེའི་རིགས་མི་ཡོང་ཆེད་དོ་གནང་བྱ་རྒྱུ་གལ་ཆེན་རེད། ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་དུ་གསུངས་དོན། ཝ་ཤིང་ཊོན་དུ་ངས་ཞུས་པ་ཚང་མ་གྲོས་ཆོད་ཡིག་ཆ་དོན་ཚན་ ༣ པ་དང་ ༤ པ། ༥ པ་བཅས་ཀྱི་ནང་དུ་གསལ་བོ་ཞེ་དྲག་བཀོད་ཡོད་པ་རེད། དེའི་ནང་དུ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ལ་ཁ་གཏད་ནམ་ཡང་མི་བྱེད་པ་དང་། དེ་བཞིན། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལའང་ཁ་གཏད་གནང་གི་མིན་ཞེས་མིང་དོན་མཚུངས་བའི་རང་སྐྱོང་དེ་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་དགོས་ཀྱི་ཡོད་ཟེར་དུས། ང་ཚོས་དམངས་གཙོ་ལག་ལེན་བསྟར་གྱི་ཡོད་ལ། ཚང་མས་སྤོབས་པ་བྱེད་ཀྱི་ཡོད་ཀྱང་ཁག་པོ་ཞེ་དྲག་ཆགས་ཀྱི་ཡོད་པ་རེད། རྒྱ་ཆེ་ས་ནས་ཞུས་པ་ཡིན་ན་དམངས་གཙོ་དགོས་ཀྱི་ཡོད་ལབ་སྐབས། དམར་ཤོག་ཚོགས་པའི་དབང་ཆ་མེད་པར་བཟོ་རྒྱུ་ཡིན། ད་ལྟའི་མགོ་ཁྲིད་དེ་ཚོའི་ཞབས་སྟེགས་ལེན་རྒྱུ་ཡིན་ཟེར་གྱི་ཡོད་སྟབས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སོ་སོའི་རྐུབ་སྟེགས་གཉིས་ལས་སུ་ཡིན་ནའང་སོ་སོའི་རྐུབ་སྟེགས་གལ་ཆེན་པོ་བརྩི་བ་རེད། ”ཅེས་གསུངས་སོང་།

བོད་རྒྱ་འབྲེལ་མོལ་སྐོར་ལ་གསུངས་དོན།“ བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ད་ལྟའི་ཆར་ཐེངས་ ༢༦ པ་འགྲོ་བསྡད་ཡོད་པ་རེད། བོད་རྒྱ་འབྲེལ་མོལ་གྱི་སྐོར་ནས་ ༢༠༡༠ ད་བར་ཆད་ཡོད་པ་དེ་གསལ་བོ་ཞེ་དྲག་རེད། དེ་བཞིན། མ་འོངས་པ་ཡིན་ནའང་། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་། རྒྱ་ནག་གཞུང་གི་མགོ་ཁྲིད་གསར་པའི་སྐུ་ཚབ་བར་ལ་བཀའ་མོལ་གནང་རྒྱུ་དེ་གསལ་བོ་ཞེ་དྲག་བྱུང་ཡོད་པ་རེད། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ནང་ལ། བདུན་ཅུ་དོན་གྲངས་ནས་ང་ཚོར་གོ་སྐབས་ག་རེ་བྱུང་ཡོད་པ་དང་ཐག་གཅོད་ག་རེ་གནང་ཡོད་པ་སོགས་སྤྱི་ཡོངས་ཀྱི་ཐོག་ནས་བསྐྱར་ཞིབ་གནང་སྟེ། ང་ཚོས་ག་རེ་གནང་རྒྱུ་འདུག་བཅས་ལ་བཀའ་སྡུར་ལྷག་པོ་བྱུང་ཡོད་པ་རེད། ཡིན་ནའང་གཞི་རྩའི་ཕྱི་ལོ་ ༢༠༡༤ ཟླ་ ༣ པའི་རྒྱ་ནག་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཚོགས་པའི་སྐབས་ལ་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆང་གཉིས་ཀྱི་རྒྱལ་སྤྱི་དང་ཨེ་ཤ་ཡ། དེ་བཞིན་བོད་དོན་ཐོག་དགོངས་ཚུལ་ཡོང་གི་རེད། དེ་དུས་ང་ཚོའི་གནས་སྟངས་ཀྱང་ག་འདྲ་ཆགས་ཀྱི་ཡོད་མེད་གཟིགས་རྒྱུ་རེད། ཉེ་བའི་ཆར་རྒྱ་ནག་ནང་པེ་ཏཱ་ཧེ་མཚོ་གླིང་ཚོགས་འདུ་ཚོགས་པ་དང་། ཕྱི་ཟླ་ ༡༡ པའི་ནང་དམངས་ཀྱི་སྒྲིག་འཛུགས་ཀྱི་ཚོགས་ཆེན་ཐེངས་གསུམ་པ་ཚོགས་འཆར་ཡོད་སྟབས། དེའི་སྐབས་སུ་འགྱུར་བ་ཕྲན་ལ་ཕྲན་བུ་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག”ཅེས་གསུངས་སོང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 30

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    “གྲོས་ཆོད་ཡིག་ཆ་དོན་ཚན་ ༣ པ་དང་ ༤ པ། ༥ པ་བཅས་ཀྱི་ནང་དུ་གསལ་བོ་ཞེ་དྲག་བཀོད་ཡོད་པ་རེད།”
    གོང་གསལ་གྲོས་ཆོད་ཡིག་ཆོད་ཡིག་ཆ་༣་༤་༥་ཟེར་བ་དེའི་སྐོར་འབྲེལ་ཡོད་སུ་ཞིག་གིས་འགྲེལ་བཤད་ཅིག་གནང་རོགས་ཞུ།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    སུ་མཁས་སུ་འཇོན་སུ་བཟང་གླེང་གི་མེད།
    གང་ཡིན་གང་འགྲིག་གང་བྱེད་གླེང་བར་འོས།

    དམངས་གཙོ་མེད་པའི་རང་སྐྱོང་དེ།
    ད་ལྟའི་གནས་བབ་འདི་ཙམ་སྟེ།
    དབུ་མའི་ལམ་གྱི་རང་སྐྱོང་དེ།
    དམངས་གཙོ་མེད་ཡོང་ཐབས་མེད།

    གནད་འགག་ཆེ་བའི་གནས་ལུགས་འདི།
    ཆོ་མེད་ཡིན་ན་དགོད་རེ་བྲོ།

    Reply
  3. ལུང་རྟོགས། says:
    ལོ་ 12 སྔོན།

    ཁྱོད་ཚོས་ཆོ་མེད་པའི་སྐད་ཆ་བཤད་ཀི་མ་འདུག ཡུམ་དུམ་པ་མ་འདུག དེ་སྔ་ཡན་ཆད་བཙན་བྱོལ་བའི་བཀའ་ཁྲིའི་ཁྲོད་ན་སེང་གེའི་ཕྱག་ལས་ལས་བཟང་བ་བྱེད་མཁན་ཅིག་ཡོད་ན་དེ་ནི་བཀའ་ཁྲི་ཟུར་པ་ཟམ་གདོང་རིན་པོ་ཆེ་ཡིན། དེ་ལས་གཞན་པའི་སེང་གེའི་ཕྱག་ལས་ལས་བཟང་བ་གནང་མཁན་ཞིག་བྱུང་མྱོང་མེད་པ་གསལ་པོ་ཡིན། ད་དུང་ཁོང་ཚོ་ལ་མགོ་སྙེས་ས་གོང་ས་མཆོག་ཡོད་པ་རེད། རྒྱ་ནག་ལྟ་བའི་སྟོབས་ཆེན་རྒྱལ་ཁབ་ཅིག་ལ་ཁ་གཏད་བཅོག་དགོས་དུས་འདི་ཙམ་ལས་མི་སུ་ཡིན་ཡང་བྱེད་རྒྱུ་ཅི་ཡོད། 

    Reply
  4. བཙན་ནག་པས། says:
    ལོ་ 12 སྔོན།

    རྒྱལ་ཁབ་ཀྱི་བདེ་འཇགས་དང་སོ་སོའི་རྐུབ་སྟེགས་གཉིས་ལས་སུ་ཡིན་ནའང་སོ་སོའི་རྐུབ་སྟེགས་གལ་ཆེན་པོ་བརྩི་བ་རེད། སེངྒེའི་སེམས་ནང་གི་སྐད་ཆ་ངོ་མ་དེ་གཞི་ནས་བཤད་བྱུང་། རྐུབ་སྟེགས་ཁོ་ནའི་ཆེད་དུ་ཁ་སྟོང་ལུང་པ་གང་བཤད་སོང་། འདས་པའི་དུས་རིམ་ནང་གི་ཕྱག་ལས་གནང་ཕྱོགས་ཡང་རྐུབ་སྟེགས་བརྟན་བཟུང་ཁོ་ན་ལས་བོད་མི་མང་དང་གཞི་ལུས་མི་མང་སེམས་ནང་མིན་འདུག སེངྒེ། སེངྒེ། ཤོག་བུའི་སེངྒེ་དངོས་གནས་རེད་འདུག ཆུ་མོ་དྭངས་དུ་དྭངས་དུ། ཉ་མོ་གསལ་དུ་གསལ་དུ་ཟེར་བ་བདེན་པ་མིན་ན་གང་རེད་གསུངས་དང་།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    དུང་ཕྱུར་བཅུ་གསུམ་ནང་ནས་དཔོན་བཟང་འགའ།
    མི་འབྱུང་སྙམ་པའི་རྣམ་རྟོག་བདུད་ཀྱི་འཕྲུལ།
    དམར་པོའི་ཚོགས་མི་ནང་པར་འགྱུར་ཚུལ་འདི།
    བཟང་པོ་མིན་ཡང་ངན་པ་ཇི་ལྟར་ཡིན།

    སློབ་མ་སྐེ་དཀྲིས་དམར་པོ་ཅན།
    སློབ་གྲྭ་ནང་གི་བཟང་རིགས་ཡིན།
    དེ་ལས་བཟང་བ་གཞོན་ཚོགས་ཏེ།
    དེ་ལས་ལེགས་ཤོས་དམར་པོའི་མི།

    དེ་བས་དམར་ཕྱོགས་ཕལ་མོ་ཆེ།
    གཞན་ལས་ཡོན་ཏན་བཟང་བའི་རིགས།
    དབང་དང་རྒྱུ་ཡིས་བསླུས་པའི་ཚེ།
    མི་ནི་སྨྱོ་བར་འགྱུར་བ་གཤིས།

    Reply
  6. མངའ་རིས་འཕྲིན་ལས། says:
    ལོ་ 12 སྔོན།

    འོ་ཡ་ད་ག་རེ་བཤད་ཀྱང་ཡིད་ཆེས་མེད་སྔོན་མ་ཤོག་བུའི་སེངྒེ་ཟེར་བའི་རྩོམ་ཞིག་མཐོང་མྱོང་། དེ་དུས་ང་སེམས་ཕམ་མྱོང་ཡོད་གང་ཡིན་ཞེ་ན་མི་མང་གི་འོས་འདེམས་གནང་བ། དེང་དུས་ཀྱི་ཤེས་ཡོན་ཅན། ཆོས་ལུགས་དང་ཆོལ་ཁས་ཀླད་རྩ་མ་བསླད་པ། གང་ལྟར་ངས་བསམ་པར་རེ་བ་མང་པོ་ཞིག་ཡོད་ཙང་རེད། ད་ནི་ཁོང་ཤོག་བུ་རང་ཡིན་པ་ཤེས་སོང་ཁག་མི་འདུག ཁོང་ལ་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ཕུ་སུམ་ཚོགས་པས་འདབ་གཤོག་གཉིས་དང་ལྡན་ཀྱང་རྡ་སའི་ས་ཁུག་དེར་། གུ་དོག་དྲག་པས་ཡང་མིན་ན་གཤོག་པ་ཆག་རྒྱུ་རེད། ཡང་མིན་ན་གཤོག་པ་ཚིག་རྒྱུ་རེད། དེ་བས་གཤོག་པ་གཉིས་དེ་སྲ་བའི་བྲག་དང་ཚ་བའི་མེ་གཉིས་ལ་མགོ་འབུལ་ལུས་འབུལ་གྱི་ཉམ་ཆུང་གཤོག་རྩལ་མེད་པའི་ལུས་བདེ་གྲོག་མ་ཞིག་བྱས་བསྡད་ན་ཡུན་རིང་པོ་གནས་ཐུབ་པའི་རེ་བ་ཡོད། གང་ལྟར་ཁྱོད་ལ་ཁག་མེད། གང་བཤད་གཞན་དབང་རེད། གང་བྱས་གཞན་དབང་རེད། གང་བཤད་ཆོས་རེད། གང་བྱས་དགེ་བ་རེད། ངོ་མ་ཆོས་པ་རེད། ངོ་མ་སློབ་མ་རེད། ད་ནི་ཁོང་གི་མིང་ལ་དད་ལྡན་བློ་བཟང་ལགས་ཞུ་རྒྱུ་ཡིན།

    Reply
  7. གནས་ཚང་། says:
    ལོ་ 12 སྔོན།

    སྐུ་ངོ་ཀླུ་ཚང་བ་ལགས། ཁྱོད་ཀྱི་བཤད་སྟངས་དེ་རྡ་ས་ཁོ་ནའི་འདོད་ཚུལ་ཞིག་རེད་ལ། གོང་ས་མཆོག་རྒྱ་ནག་ནང་ཕེབས་འོས་ཞེས་པའི་དོན་རེད། འོ་ན། སྐུ་ངོ་ལགས་ལ་བོད་དོན་གཞོལ་ནས་དྲི་བ་གསུམ་གཏོང་གི་ཡིན།

    ༡ ཁ་སང་གི་བྱས་ཉེས་བོད་པ་གང་འཚམས་ཀྱིས་གུ་ཡངས་གཏོང་སྲིད་ཀྱང་རྒྱ་ནག་གཞུང་ངོས་ནས་གུ་ཡངས་གཏོང་སྲིད་དམ། ཡང་ཅིག་བཤད་ན། རྒྱ་དཔོན་ཚོས་རེ་ཞིག་བཏང་སྙོམས་ངང་འཇོག་སྲིད་ཀྱང་རྩ་ཁྲིམས་ཀྱི་གཏན་འཁེལ་ཁག་ལ་འགལ་བའི་ཆ་ཇི་ལྟར་བྱེད་དགོས་སམ།

    ༢ གོང་ས་མཆོག་རྒྱ་ནག་ནང་ཕེབས་པ་ཙམ་གྱིས་བོད་ཀྱི་ཆོས་རིག་སྲུང་ཐུབ་བམ། དཔེར་ན། པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་ལའང་སྐུ་ལྕམ་བཞེས་ན་ཆབ་སྲིད་ཀྱི་དབང་ཆ་གང་ཙམ་སྟེར་ཞེས་པར་བརྟེན་ནས་བོད་ལ་ཕྱག་ལས་མང་པོ་གནང་བ་ཞིག་རེད། དེ་བས། གོང་ས་མཆོག་ལའང་དེ་ལུགས་ཀྱི་གནོན་ཤུགས་མི་སྤྲོད་པར་སུས་ཁག་ཐེག་ཐུབ་བམ།

    ༣ གལ་སྲིད་གོང་ས་མཆོག་གིས་མི་མང་འཐུས་ཚོགས་ཀྱི་ཨུ་ཡོན་ཀྲང་གཞོན་པས་ཕྱག་ལས་གནང་ཐུབ་པའི་དབང་དུ་བཏང་ཡང་བོད་ཀྱི་ཆོས་རིག་ཆབ་སྲིད་ཀྱི་ལག་ཆར་བསྒྱུར་བར་གཞོགས་འདེགས་སུ་གྱུར་བ་ཙམ་ལས་ཆོས་རིག་རང་ངོས་ཀྱི་དྭངས་གཙང་སྲུང་ཡོད་དམ།

    Reply
  8. ཀླུ་ཚང་། ཨ་འཕྲིན། says:
    ལོ་ 12 སྔོན།

    གནས་ཚང་ལགས། རེད། ང་ཚོའི་ཁང་པ་ཤོར་ཚར་བ་རེད་ལ། ཅ་དངོས་རྣམས་ཀྱང་ཤོར་ཚར་བ་རེད། མ་ཚད་ད་ལྟ་ཡོད་ཚད་ནས་ཡོད་ཚད་ཚིག་ནས་འོང་བའི་སྐབས་རེད། འོན་ཀྱང་ང་ཚོར་རེ་བ་ཞིག་ལྷག་ཡོད་པ་ནི་འཚིག་རོ་དེར་སྲུང་སྐྱོབ་གྱི་གོ་སྐབས་དང་། སླར་གསོ་ཡི་རེ་བ་དེ་ཁོ་ན་རེད། ང་ཚོས་ཁང་བའི་བདག་དབང་བཤད་བསྡད་ན། གལ་སྲིད་ལོ་མང་པོ་ཞིག་ནས་ཐོབ་ཚར་བ་དང་། ཚིག་ཚར་བ་དུས་མཉམ་གྱི་བེད་མེད་ཅིག་ང་ཚོར་རག་སྲིད་ཀྱང་། དེ་ཡང་ངེས་པ་ཞིག་ག་ལ་ཡོད། ད་དུང་དེ་བས་ཀྱང་ཁེ་བཟང་ཞིག་མེད་པ་ནི་ཨ་ཅང་ཅང་རེད།
    གཉིས་ནས་གནའ་ནས་དབུ་མའི་ལམ་གྱི་བྱེད་ཐབས་དེ་ལག་ལེན་ལ་མ་བསྟར་བ་གང་ཡང་མིན། རྒྱ་གཞུང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་ཡོངས་གྲགས་སུ་བསྒྲགས་པ་ནས། ང་ཚོའི་ངོས་ནས་དབུ་མའི་ལམ་གྱི་བྱ་ཐབས་དེར་མཚན་རྟགས་བརྒྱབ་པ་དང་གཅིག་པ་རེད། མ་ཟད་༸གོང་ས་མཆོག་དང་། པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱིས་རྒྱ་གཞུང་དཔོན་རིགས་ཀྱི་མཚན་གནས་བཞེས་མྱོང་བ་རེད། ཕྱིས་བཙན་བྱོལ་དུ་འབྱོར་བ་ནས་ང་ཚོས་སྐབས་བསྟུན་རྒྱལ་སྤྱིའི་སྤྱི་ཚོགས་ནས་རོགས་སྐྱོར་རག་ཐབས་དང་། བོད་གནས་གསལ་བསྒྲགས་ཡོང་ཐབས། རྒྱལ་སྤྱི་ཆབ་སྲིད་ཀྱི་ཁ་ཕྱོགས། དེ་བས་ཀྱང་ཆེས་གལ་ཆེ་བ་ཞིག་ནི་བོད་མི་ཚོའི་བློ་བབ་མངོན་འདོད་བཅས་སུ་བསྟུན་ནས། སྐབས་བབ་ལངས་ཕྱོགས་ཤིག་འཛིན་དགོས་བྱུང་ཡོད་པ་བདེན་པ་རེད་དེ། དེ་ནི་སྐབས་དང་བསྟུན་ན་མཁས་པ་ཡིན་ཟེར་བ་ལྟར་མིན་པར། སྐབས་དེའི་བོད་མིའི་གནས་བབ་དབང་བཙན་པས་དེ་ལྟར་མི་འགྱུར་ཐབས་མེད་དུ་གྱུར་བ་དེ་རེད། ཕྱིས་སུ་༸གོང་ས་མཆོག་གིས་བོད་ཀྱི་འདས་མ་ད་གསུམ་གྱི་མཐའ་ལ་དཔག་ཏེ་ལམ་གཞན་མེད་པར་ངེས་ཤེས་གཏིང་སོན་བྱུང་དོན་ལྟར། མཐའ་མ་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་། གཙོ་བོ་བོད་ཀྱི་མི་དངོས་སྲོག་གསུམ་གྱི་འཕྲལ་ཕུགས་ལ་དགོངས་དེ་དབུ་མའི་ལམ་ཞེས་ཡོངས་གྲགས་སུ་སྤྱི་བསྒྲགས་གནང་བའི་རྒྱུད་རིམ་དེར། ཅིས་ཀྱང་ཡུལ་དུས་གནས་བབ་སོགས་ཀྱི་རྒྱུ་རྐྱེན་མང་དག་ཅིག་ཡོད་པར་ངེས་ཤེས་དགོས་པ་དེ་དེ་བཞིན་རེད། འདི་ནི་ང་ཚོ་ཨུ་ཐུག་པའི་ཐག་གཅོད་ཅིག་ལས་རྒྱགས་དྲག་པའི་གདམ་ཁ་ཞིག་མིན་པ་དེ་ཤེས་དགོས་པ་ཡང་གལ་ཆེ་བར་འདོད། གཞན་འདས་པའི་ཆ་ལ་ལེ་བདའ་བྱ་ས་ཞིག་གཏན་མེད་ལ། གལ་སྲིད་ཡོད་དབང་དུ་བཏང་ན་ཡང་དུས་བབ་མ་ཟིན་པའི་མང་ཚོགས་ཡིན་ཟེར་ན་ལས་གཞན་སུ་ཞིག་ལ་མཛུབ་མོ་གཟུག་ས་མེད། སྤྱིར་སྔོན་ཆད་ད་ལྟའི་ཚབ་བྱེད་དུ་འགྱུར་བ་མེད་པའི་དཔེས། ཅིས་ཀྱང་རིག་གཞུང་སྲུང་སྐྱོབ་ནི་བོད་ལ་མཚོན་ན་རང་ཁེ་གཙིགས་འཛིན་གྱི་ཡོང་འབབ་ཡག་ཤོས་དེ་ཡིན་པ་མ་ཤེས་པར་ག་ལ་རུང་།

    Reply
  9. ལུང་རྟོགས། says:
    ལོ་ 12 སྔོན།

    གུང་ཕྲན་ཏང་གནས་ཐུབ་མིན་དེ་ང་ཚོར་གལ་མི་ཆེ་ན་ཡང་གུང་ཕྲན་ཏང་ལ་ནི་དེ་གལ་ཆེན་ནང་གི་དོན་ཆེན་རེད། དམངས་གཙོ་མི་ཤེས་ཏེ་ལེགས་བཅོས་བཏང་དགོས་པའི་ཐད་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཁ་ཤས་ཀྱིས་སྐད་ཆ་བཤད་མྱོང་བ་དངོས་ཡོད་རེད། འོན་ཀྱང་སྐད་ཆ་དེ་དག་ཁ་ཞེ་གཉིས་མེད་ཀྱི་སྐད་ཆ་ཞིག་རེད་དམ། དྲི་བ་འདི་ལྷག་ཡོད། མི་མང་གི་དགྲ་བོ་ཏང་ནང་གི་དབང་འཛིན་པ་རུལ་སུང་དེ་ཚོ་ཡིན་པ་བདེན་ཡང་ཏང་ནང་ལ་རུལ་སུང་མ་ཡིན་པའི་དབང་འཛིན་པ་ཇི་ཙམ་ཡོད། ཏང་མི་ནང་ཆོས་པར་གྱུར་པས་ཡག་པོ་ཡིན་པར་བཤད་པ་ནི་ཨ་ཕའི་ཕོར་པ་གཙང་མ་ཡིན་པར་བཤད་པ་ལྟ་བུ་མ་རེད་དམ།

    Reply
  10. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    གུང་ཁྲན་ཏང་གནས་ཐུབ་མིན་དང་དགོས་མིན་དེ་གལ་ཆེན་པོ་རང་མ་རེད།
    གུང་ཁྲན་ཏང་གིས་ངེས་པར་དམངས་གཙོ་ཁས་ལེན་དགོས་པ་རེད། ལེགས་བཅོས་གཏོང་དགོས་པ་རེད། དེའི་ཐོག་རྒྱ་ནག་གི་མཐོ་རིམ་དཔོན་རིགས་མི་ཉུང་བ་ཞིག་གིས་སྐད་ཆ་བཤད་མྱོང་ཡོད། ཡང་གཅིག་བཤད་ན་མི་དམངས་ཀྱི་དགྲ་བོ་ངོ་མ་དེ་ཏང་ནང་གི་དབང་འཛིན་པ་རུལ་སུངས་རིགས་ཡིན་པ་ལས་ཏང་མི་ཚང་མ་མིན། ཡང་གཅིག་བཤད་ན་ཏང་མི་མང་ཆེ་ཤོས་ནང་པར་འགྱུར་བཞིན་པ་རེད། དེ་ཚོ་མི་ཡག་པོ་མ་རེད་ཅེས་བཤད་དཀའ།
    དཔེར་ན་རྒྱལ་ཁབ་ཚང་མའི་དམག་མི་གཅིག་པ་རེད། དེ་དབང་འཛིན་པས་བེད་སྤྱོད་ལ་རག་ལས་ཡོད། དེས་ན་མཐར་ཐུག་གི་དགྲ་བོ་ནི་དམག་དཔུང་རེད་དམ།

    Reply
  11. ལུང་རྟོགས། says:
    ལོ་ 12 སྔོན།

    རྒྱ་ནག་དམངས་གཙོར་གྱུར་ན་གུང་ཕྲན་ཏང་གི་སྲིད་དབང་སྒེར་གཅོད་ལམ་ལུགས་འདི་གནས་མི་ཐུབ་པ་གསལ་པོ་རེད། གུང་ཕྲན་ཏང་ཆབ་སྲིད་ཚོགས་པ་ཞིག་གི་ངོ་བོར་གནས་ཆོག་ཀྱང་རྒྱ་ནག་མི་མང་གིས་ཁོང་ཚོར་ཡིད་ཆེས་བྱེད་སྲིད་དམ། ཁོང་ཚོར་འོས་འཕང་ནས་སླར་ཡང་སྲིད་དབང་གི་གར་སྟེགས་སྟེང་སླེབས་ཐུབ་བམ་འདི་ནི་དྲི་བ་ཆེན་པོ་ཞིག་རེད། ད་དུང་གུང་ཕྲན་གྱི་མགོ་ཁྲིད་ཚོས་རང་སྣང་གང་ཤར་གྱིས་ནག་ཉེས་ཇི་སྙེད་ཅིག་བསགས་ཡོད་པ་དེ་དག་མི་མང་གིས་ལས་སླ་པོར་བཞག་གི་རེད་དམ། འདི་ལྟར་ཕྱོགས་མང་པོ་ཞིག་ནས་བསམ་བློ་བཏང་ན་སྲིད་སྐྱོང་གི་སྐད་ཆ་དེ་གནས་ལུགས་མེད་པ་ཞིག་མ་རེད། གཞན་ཡང་ད་ལྟའི་དུས་སུ་རྒྱ་ནག་ལ་སོ་སོའི་རྐུབ་སྟེགས་ལས་རྒྱལ་ཁབ་དང་མི་མང་གཙོ་བའི་དབུ་ཁྲིད་ཅིག་ཡོད་པ་རེད་ཟེར་ན་དེ་ནི་གད་མོའི་གནས་མིན་ནམ། མཚན་གཞི་ཞིག་ཞོག་ཟེར་ན་སུ་བཞག་རྒྱུ་ཡིན། 

    Reply
  12. གནས་ཚང་། says:
    ལོ་ 12 སྔོན།

    ཀླུ་ཚང་བ་ལགས། ཁང་པ་ཤོར་ཚར་བ་རེད། ཅ་དངོས་འཚིག་ཚར་བ་རེད། དེ་ལས་འདའ་ནས་ད་ལྟ་མིའང་འཚིག་གིན་པ་རེད། གལ་སྲིད་དེ་འདྲའི་ཤ་ཚ་ཡོད་ན་མི་ལོ༦༠ཡར་སྔོན་ནས་དེ་ལྟར་གནང་དགོས་པ་རེད། དེ་ག་རེ་མ་འགྲིག་པ་རེད་དམ། ཁ་བྲལ་བ་ཉུང་ཤོས་ཤིག་གི་གཡོ་འོག་ཏུ་ཚུད་པ་རེད་དམ། ཡང་ན། བོད་མིར་སྐྱིད་སྡུག་མཉམ་མྱོང་གི་བློ་ཁོག་མེད་པ་རེད།

    ཕྱོགས་གཞན་ཞིག་ནས་བཤད་ན། རྒྱ་གཞུང་གི་རྩ་ཁྲིམས་འོག་ལ་ཤར་བསྐྱོད་གནང་ཡ་དེ་སླ་བོ་ཞིག་རེད། ཡིན་ནའང་། མི་ལོ ༦༠ཁྲིམས་འགལ་ཆགས་པ་དེ་ལས་སླ་བོ་ཁྱོན་ནས་ཡོག་མ་རེད། ལྷག་པར་རང་སྐྱོན་རང་བརྗོད་ཀྱི་ལས་འགུལ་ཛ་དྲག་གིས་རྒྱ་ནག་སྐམ་སར་ཁྱབ་ཀྱིན་པའི་དེ་རིང་། རྡ་ས་ཐར་ཡུལ་ཡོད་དམ།

    Reply
  13. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    “་་་་་རྒྱ་ཆེ་ས་ནས་ཞུས་པ་ཡིན་ན་དམངས་གཙོ་དགོས་ཀྱི་ཡོད་ལབ་སྐབས། དམར་ཤོག་ཚོགས་པའི་དབང་ཆ་མེད་པར་བཟོ་རྒྱུ་ཡིན། ད་ལྟའི་མགོ་ཁྲིད་དེ་ཚོའི་ཞབས་སྟེགས་ལེན་རྒྱུ་ཡིན་ཟེར་གྱི་ཡོད་སྟབས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སོ་སོའི་རྐུབ་སྟེགས་གཉིས་ལས་སུ་ཡིན་ནའང་སོ་སོའི་རྐུབ་སྟེགས་གལ་ཆེན་པོ་བརྩི་བ་རེད། ” གསུངས་འདུག
    དམངས་གཙོ་ཅན་དུ་གྱུར་ན་གུང་ཁྲན་ཏང་ངེས་པར་མེད་པ་བཟོ་དགོས་པའི་ངེས་པ་མེད། གུང་ཁྲན་ཏང་དེ་་མུ་མཐུད་སྲིད་དོན་ཚོགས་པ་ཞིག་གི་ངོ་བོར་གནས་ཆོག་པ་རེད། དམངས་གཙོའི་ཚོགས་པ་གསར་བ་ཞིག་ཀྱང་ཡོང་གི་རེད། ད་དུང་ཚོགས་པ་གཞན་དག་ཀྱང་ཡོང་སྲིད་པ་རེད། དེ་དམངས་གཙོའི་ལམ་ལུགས་ཀྱི་ཁྱད་ཆོས་ཤིག་རེད།
    གཉིས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སོ་སོའི་རྐུབ་སྟེགས་གཉིས་ལས་སུ་ཡིན་ནའང་སོ་སོའི་རྐུབ་སྟེགས་གལ་ཆེན་པོ་བརྩི་བ་རེད། ཟེར་བ་འདི་ད་ལྟའི་དཔོན་ཆེན་མང་ཆེ་བར་མཚོན་ན་དེ་ལྟར་ཡིན་ཡང། ཀྲུང་གོའི་གསར་བརྗེའི་སྐབས་ནས་ད་ལྟའི་བར་དུ་རྒྱལ་གཅེས་པ་དང་རྒྱལ་སྤྱིའི་རིང་ལུགས་པ་ཡང་གང་མང་བྱོན་ཡོད་པ་རེད། ད་ལྟའི་ཆར་ཡང་རང་གི་རྐུབ་སྟེགས་ལས་རྒྱལ་ཁབ་བམ་མི་དམངས་གཙོ་བའི་དབུ་ཁྲིད་པ་མེད་པ་མ་རེད།
    ཡང་གཅིག་བཤད་ན། སྤྱི་ལས་སྒེར་གཙོ་བའི་འདུ་ཤེས་དེ་སུ་ཡིན་ན་ཡང་ཡོད་པ་ཞིག་གཏན་ནས་མིན། དཔེར་ན་སྲིད་སྐྱོང་རང་ལ་མཚཽན་ན་ཡང་སྒེར་ལས་སྤྱི་ལོས་གཙོ།

    Reply
  14. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    གསལ་བཤད་ཅུང་བྱེད་འདོད་བྱུང།
    ད་ལྟའི་ཆར་ང་ཚོར་རྩོད་ཆོག་ཆོག་གི་ཐོབ་ཐང་ཞིག་ཡོད་པ་ནི་མི་རིགས་ས་ཁོངས་རང་སྐྱོང་ཚད་ལྡན་ཞིག་ཡོང་ཐབས་འདི་རང་རེད། དེ་དང་འབྲེལ་བའི་ཐོམ་ཐང་གཞན་དག་ནི། རྩ་ཁྲིམས་དང་བཅའ་ཁྲིམས་ནང་གསལ་གྱི་འོས་བབ་དང་ཐོབ་ཐང་ཁག་རེད།
    རྒྱལ་འབངས་ཤིག་གི་ངོས་ནས་བཤད་ན། འགྲོ་འདུག་རང་དབང། གཏམ་བརྗོད་རང་དབང། གསར་འགོད་རང་དབང། དད་མོས་རང་དབང་སོགས་ཡོད།
    ཀྲུང་གོའི་མི་རིགས་ཧྲིལ་བོར་མཚོན་ན། དམངས་གཙོ་ནི་ཐུན་མོང་གི་འདོད་མོས་དང་ཕུགས་བསམ་ཆགས་ཡོད། མར་ལེའི་དགོངས་པ་ལྟར་ན་སྤྱི་ཚོགས་རིང་ལུགས་ནི་དམངས་གཙོ་རིང་ལུགས་ལས་ཚད་མཐོ་བ་ཡིན་དགོས། ཀྲུང་གོས་ཀྱང་རང་ཉིད་དམངས་གཙོ་ཡིན། དམངས་གཙོ་ཡོད་ཟེར་གྱིན་ཡོད་པ་རེད། འོན་ཀྱང་མི་དམངས་དང་མི་རིགས་ཁག་གིས་ཀྲུང་གོའི་དམངས་གཙོ་འདི་དོན་ངོ་མའི་དམངས་གཙོ་ཞིག་མིན་པ་ཤེས་ནས་དམངས་གཙོ་རྩོད་ལེན་གྱི་རྦ་རླབས་ཤིག་འཕྱུར་འོང་གིན་ཡོད་པ་རེད།
    རྒྱུ་མཚན་དེ་དག་གི་ཕྱིར་ན་ཀྲུང་གོ་བ་སུ་ཞིག་ཡིན་ཡང་དམངས་གཙོ་རྩོད་ལེན་གྱི་ཐོབ་ཐང་ཡོད་པ་དང་རྩོད་དགོས་ངེས་ཤིག་ཆགས་ཡོད།
    ང་ཚོས་བཏོན་པའི་རང་སྐྱོང་གི་བསམ་འཆར་དེས་ཐད་ཀར་དུ་དམངས་གཙོ་རྩོད་ལེན་དང་གུང་ཁྲན་ཏང་ལ་ཁ་གཏད་རྒྱག་གི་མེད་པ་འདྲ་བོ་ཡོད་ན་ཡང་དོན་ངོ་མར་དེ་ལག་བསྟར་གནང་དགོས་ཚེ་དམངས་གཙོའི་ལམ་དུ་མི་སྐྱོད་ཀ་མེད་ཆགས་ཡོད། དཔེར་ན། ངའི་ཕ་ཡུལ་རྨ་ལྷོ་སོག་རྫོང་ལྟ་བུར་ཆ་བཞག་ན་ཡང་རྫོང་དཔོན་དེ་མི་དམངས་ཀྱིས་འོད་འདེམས་བྱེད་ཆོག་པ་རེད། མི་དམངས་ཀྱིས་བདམས་པ་དེ་གོང་རིམ་གྱིས་ཁས་མ་བླངས་པར་གོང་རིམ་ནས་མར་མིང་འདོན་བྱས་པའི་མི་འགའ་ཡོད་པ་དེ་དག་ལས་གཅིག་འདེམས་དགོས་པའི་བཀའ་བཏང་ཡོད། མཐར་མི་དམངས་ཀྱིས་དེ་ལྟར་བདམས་པ་རེད། འདི་ལ་རང་བདག་གི་རང་དབང་དབང་ཆ་མི་འདུག་པ་དེ་ཅི། དམངས་གཙོ་མེད་པས་སོ། དེ་བཞིན་རང་སྐྱོང་ཁུལ་དང་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་རིགས་མང་མོས་འོས་འདེམས་ལ་ངེས་པར་དམངས་གཙོ་དགོས་གལ་ཆེ་བ་ཡིན།
    མདོར་ན་དམངས་གཙོ་མེད་པའི་རང་སྐྱོང་ཡག་པོ་ཞིག་ཀྲུང་གོ་ལ་ཡོང་ཐབས་མེད་པ་རེད།

    Reply
  15. ཀླུ་ཚང་། ཨ་འཕྲིན། says:
    ལོ་ 12 སྔོན།

    སྤྱིར་བོད་མི་མང་པོ་ཞིག་གིས་དབུ་མའི་ལམ་མམ་༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དེ། བོད་སྤྱི་བའི་ཆག་འཇིག་གི་དཀའ་ངལ་དང་ཐད་ཀར་འབྲེལ་ཡོད་ཚུལ་གང་ཡང་ངོ་འཕྲོད་ཀྱི་མེད་པ་འདྲ། ད་ལྟའི་ང་ཚོའི་གནས་བབ་དེ་བོད་མྱུར་སྐྱོབས་ཀྱི་སྐབས་རེད་མ་གཏོགས། ཆབ་སྲིད་གདམ་ཀ་ཅན་གྱི་སྐབས་མིན་པ་ཡང་གསལ་བོར་ཤེས་དགོས་ངེས་རེད། ང་ཚོར་དུས་སུ་བབ་པའི་གདམ་ཀ་གང་ཡང་ཡོད་པ་མ་རེད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁེ་དབང་རྩོད་ལེན་གྱིས་རང་སྲུང་གི་རེ་བ་འདི་ཁོ་ན་རེད། དེ་བས་ང་ཚོས་ངོས་ནས་བསྟན་དགོས་པ་ཡང་རྒྱ་གཞུང་གི་གདོང་ལ་གཏད་དེ་དམངས་གཙོ་རྩོད་ཀྱིན་མེད་པའི་རྣམ་འགྱུར་ངོ་མ་དེ་རེད། སྤྱིར་གཙོ་ཤུགས་ཆེ་ཆུང་གིས་བོད་ཀྱི་དཀའ་ངལ་དང་པོ་དེ་ཁོར་ཡུག་གཏོར་སྐྱོན་རེད། དཀའ་ངལ་གཉིས་པ་དེ་རིག་གཞུང་ཉམ་རྒུད་རེད། གསུམ་པ་དེ་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་ཡིན་པས། དཔེར་ན། ང་ཚོས་ཁང་པའི་བདག་དབང་རྩོད་བཞིན་ནང་གི་ཅ་དངོས་མེར་ཤོར་བའི་གནས་སྟངས་མ་ཤེས་ན་ཅི་བས་རང་ལ་གྱོང་གུད་ཆེན་པོ་ཞིག་ཡིན་པ་དེ་རེད། ཁ་ཚ་དགོས་གཏུགས་དང་། གལ་གནད་ཆེ་ཆུང་གི་མཐའ་ནམ་ཡིན་ཡང་སུས་ཀྱང་གདམ་པ་ལས་ལམ་གཞན་མེད་པ་དེ་དབུ་མའི་ལམ་གྱི་ཐག་གཅོད་རེད། མདོར་ན་ལམ་གཞན་མེད་པའི་ཨུ་ཐུག་པའི་ཐག་གཅོད་ཐ་མ་དེ་དབུ་མའི་ལམ་ཡིན་པ་ཡང་ཤེས་དགོས་ངེས་རེད།

    Reply
  16. ལུང་རྟོགས། says:
    ལོ་ 12 སྔོན།

    གསེར་འབྲུག་ལགས། བོད་ཧོང་ཀོང་དང་ཨའོ་མན་བཞིན་དུ་ཕྱི་ཕྱོགས་ནས་ཚུར་ལེན་དགོས་ཀྱི་མེད་པ་བདེན་པ་རེད། འོན་ཀྱང་ད་ལྟའི་དུས་སུ་རྒྱ་གཞུང་ལ་དཀའ་ངལ་ཆེ་ཤོས་སྤྲོད་མཁན་ནི་བོད་དོན་འདི་ཡིན་པ་གསལ་པོ་རེད། དེས་ན་བོད་ལ་ཡང་རྒྱལ་ཁབ་ཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འདི་ལག་བསྟར་བྱེད་མི་སྲིད་པ་མ་རེད་འདོད། 

    གནས་ཚང་ལགས། ཧོང་ཀོང་གི་དམངས་གཙོ་དབྱིན་གཞུང་ལ་ཐུག་ཡོད་པ་བཞིན་དུ་མའེ་ཁལ་གྱི་དམངས་གཙོ་པོལ་ཅི་ཁལ་གཞུང་ལ་ཐུག་ཡོད་པ་རེད་ཟེར་ན་ཏག་ཏག་ཨེ་ཡིན་སྙམ། རྒྱུ་མཚན། དབྱིན་འཇི་ནི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པས། རྒྱ་གཞུང་གིས་མི་འདོད་བཞིན་དུ་དབྱིན་གཞུང་གི་ཆ་རྐྱེན་ཁས་ལེན་མ་བྱས་རང་བྱས་ཆགས་སོང་བ་རེད། པོལ་ཅི་ཁལ་ནི་དབྱིན་གཞུང་ལྟ་བུའི་སྟོབས་ཤུགས་མེད་པ་མ་ཟད་མའེ་ཁལ་ལ་དམངས་གཙོ་ལག་བསྟར་དགོས་པའི་དགོས་འདུན་ཀྱང་གཏོན་མེད་པ་རེད། དེས་ན་དེ་གཉིས་མི་མཚུངས། གཞན་ཡང་ཟམ་གདོང་རིན་པོ་ཆེའི་རང་སྐྱོང་མངོན་འདོད་ཡིག་ཆ་དེ་རྒྱ་གཞུང་གི་འོག་ལ་འཛུལ་རྐྱང་གྱི་སྲིད་བྱུས་ཞིག་རེད་ཟེར་ན་གཟུ་བོར་གནས་པའི་སྐད་ཆ་མ་རེད། གལ་ཏེ་དེ་འདྲ་ཡིན་ན་ང་ཚོ་ད་དུང་བཙན་བྱོལ་ལ་སྡོད་དགོས་དོན་ཅི་ཡོད། སང་ཉིན་རང་བོད་ལ་ལོགས་སོང་ན་འགྲིག འོན་ཀྱང་ཕྱི་འབྲེལ་དང་རྒྱལ་སྲུང་ཙམ་ལས་ནང་སྲིད་ཀྱི་དབང་ཆ་ཡོངས་རྫོགས་བོད་པ་རང་ཉིད་ལ་ཡོད་དགོས་པ་གསལ་པོ་ཡིན་པས་རྒྱ་གཞུང་གིས་ཁས་ལེན་མ་བྱས་པ་རེད།

    Reply
  17. གཅན་བཟོད་རྒྱམ། says:
    ལོ་ 12 སྔོན།

    གནས་ཚང་ཟེར་བའི་སྐད་ཆར་རྒྱུ་མཚན་འདུག་ཅེས་ལབ་མི་ནུས་མོད། བལྟས་པ་ཙམ་གྱིས་བློར་འབབ་པོ་ཞིག་བཤད་འདུག
    ངོ་མ་རེད། དེང་སྐབས་ཡང་སྙིང་ང་ཚོར་ཐོབ་ཐང་ཅི་ཙམ་ཞིག་རྩོད་རྒྱུ་ལྷག་ཡོད་མེད་གསལ་བོ་མི་ཤེས་ཀི

    Reply
  18. གནས་ཚང་། says:
    ལོ་ 12 སྔོན།

    བློ་མཐུན་ལུང་རྟོགས་ལགས།

    ཧོང་ཀོང་གི་མང་གཙོ་དབྱིན་གཞུང་ལ་ཐུག་ཡོད་པ་བཞིན་དུ་མའེ་ཁལ་གྱི་མང་གཙོའང་ཕུའུ་ཅི་གལ་གཞུང་ལ་ཐུག་ཡོད། དེ་བས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་བཟོས་པ་རེད། ཡང་ཅིག་བཤད་ན། མའེ་ཁལ་ཕུའུ་ཅི་གལ་གཞུང་གིས་ལོ་ངོ ༤༠༠དབང་བསྒྱུར་བྱས་ཡོད་པས། དབྱིན་གཞུང་གིས་ཧོང་ཀོང་ལ་ལོ་ངོ༡༠༠དབང་བསྒྱུར་བྱས་པ་ལས་ལོ་རྒྱུས་རིང་ཞིང་། གོ་བབ་ངེས་ཅན་ཞིག་ཟིན་ཡོད།

    དེ་ལས་ལྡོག་ནས་ཟམ་གདོང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཅིག་གི་འོག་འཛུལ་ཤག་གནང་ཡོད་པས། རང་བཙན་དོར། སྲིད་གཞུང་དོར། སྲིད་བློན་ཡང་དོར། ད་ལྟ་མང་གཙོ་མི་དགོས་ལབ་ཟིན་པ་ནི་རང་དབང་མི་དགོས་པའི་དོན་རེད། འོ་ན་ཅི་ཞིག་དགོས་སམ། མི་ལོ་དྲུག་ཅུར་ཕྱི་ལ་ཐོན་པ་ནག་ཉེས་མ་རེད་དམ། བྱས་པ་མཐའ་དག་བསླུ་བྲིད་མ་རེད་དམ།

    Reply
  19. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 12 སྔོན།

    སྲིད་སྐྱོང་མཆོག་གིས་ རྒྱལ་ཁབ་ཀྱི་བདེ་འཇགས་དང་སོ་སོའི་རྐུབ་སྟེགས་གཉིས་ལས་སུ་ཡིན་ནའང་སོ་སོའི་རྐུབ་སྟེགས་གལ་ཆེན་པོ་བརྩི་བ་རེད། ཟེར་བ་དེ་ཁོ་རང་ཉིད་ཀྱི་རིན་ཐང་འཇལ་བྱེད་ཀྱི་སྐད་ཆ་རེད། ཚད་ལྡན་གྱི་མི་ཞིག་ཡིན་ན་རྒྱལ་ཁབ་ཀྱི་བདེ་འཇགས་དང་རང་གི་རྐུབ་སྟེགས་གཉིས་རྒྱ་ཁབ་ཀྱི་བདེ་འཇགས་གལ་ཆེ་བ་ལས་རང་གི་རྐུ་སྟགས་གལ་ཆེན་ག་ལ་བརྩི། ཧཧཧཧཧཧཧཧ ང་ཚོས་སྲིད་སྐྱོང་ལ་རིན་ཐང་འདུག

    Reply
  20. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    མའེ་ཁལ་ལམ་ཨའོ་མན་དང་ཧོང་ཀོང་གཉིས་ཀྱི་གནས་སྟངས་གཞི་རྩའི་གཅིག་པ་རེད། ལོ་མང་དམངས་གཙོར་ལོངས་སུ་སྤྱད་ནས་གཞི་ནས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་ལོག་དགོས་དུས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཀོ་བ་རློན་པར་གོས་ཆེན་རྒྱན་སྤྲས་ཀྱིས་ཕྱུ་པ་སྙིང་རྗེ་མོའི་ཁ་གཡང་མ་བསྒྲགས་རང་བསྒྲགས་ཆགས་སོང་བ་རེད་ལ། མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་ལོག་རྒྱུར་འགལ་རྐྱེན་འཕྲད་སྲིད་པར་དོགས་ཏེས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་དེ་གཞི་ནས་མགོ་བུས་པ་རེད། ད་ཆ་ལོ་རེ་ནས་ལོ་རེ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ཀྱི་ནང་སྙིང་ཇེ་གསལ་ཇེ་གསལ་རེད། འོན་ཀྱང་བོད་ཀྱི་གནས་སྟངས་ནི་ཧོང་ཀོང་དང་མའེ་ཁལ་གཉིས་ལས་རྦད་དེ་ལྡོག་ཏེས། ཀྲུང་གོའི་དབང་བསྒྱུར་འོག་ཚུད་ཟིན་པས་ཕྱི་ཕྱོགས་ནས་མེས་རྒྱལ་གྱི་པང་དུ་ལོག་རྒྱུའི་གནས་སྟངས་དེ་བསྡད་མེད་པ་རེད། བྱས་ཙང་གལ་ཏེ་བོད་ལ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱེད་དབང་དུ་བཏང་ན། གྲངས་ཉུང་མི་རིགས་གཞན་དང་ལྷག་པར་དུ་ནང་སོག་དང་ཤིང་ཅང་གཉིས་པོས་ཁུ་སིམ་མེར་གནས་ཐབས་མེད་པ་དེ་ཤེས་ཀྱི་ཡོད་ཙང་། བརྟན་ལྷིང་སྲུང་སྐྱོབས་ཞེས་པར་རྒྱལ་ཁབ་ཀྱི་འགྲོ་གྲོན་ཆེ་ཤོོས་དེ་གཏོང་དགོས་པའི་རྒྱུ་མཚན་འདི་ལ་འཐུག་ཡོད་པ་རེད་ལ། དྲག་གནོན་དང་བཙན་གཤེད་ཀྱི་སྲིད་ཇུས་བཟུངས་དགོས་པའི་རྒྱུ་མཚན་ཡང་འདི་རང་རེད། མ་ཟད་མགོ་འབུལ་ལུས་འབུལ་གྱིས་རང་སྐྱོང་མངོན་འདོད་ཤོག་ལྷེ་འགའ་ལ་ངོས་ལེན་མི་བྱེད་པར་མཚོན་མདོག་འདྲ་མིན་བསྒྱུར་བ་དང་མིང་འདྲ་མིན་བཏགས་དགོས་པའི་རྒྱུ་མཚན་ཡང་འདི་རང་རེད།

    Reply
  21. ལུང་རྟོགས། says:
    ལོ་ 12 སྔོན།

    དམངས་གཙོའི་དགོས་འདུན་འདོན་གྱི་མེད་པ་འདི་ནི་ཟམ་གདོང་རིན་པོ་ཆེའི་བཀའ་ཤག་གིས། རྒྱ་གཞུང་ལ་སྤྲད་པའི་རང་སྐྱོང་གི་བསམ་འཆར་ཡིག་ཆའི་ནང་གསལ་བ་ཞིག་ཡིན་པ་སྲིད་སྐྱོང་ནས་གསུངས་འདུག་ན། ཆབ་བྲག་ལགས་ཀྱི་དྲི་བ་དང་པོ་དེ་དོན་མེད་ཀྱི་དྲི་བ་ཞིག་རེད། གཉིས་ནས་བོད་པས་རང་སྲིད་རང་སྐྱོང་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ཀྱི་ཡོད་པ་དངོས་ཡོད་རེད། འོན་ཀྱང་དམངས་གཙོ་མེད་ན་དེ་དག་ཡོད་མི་སྲིད་པ་བཤད་ན་ཏག་ཏག་ཨེ་ཡིན་སྙམ། དཔེར་ན་རྒྱ་ནག་ལ་དམངས་གཙོ་མེད་ཀྱང་ཧོང་ཀོང་དང་མའེ་ཁལ་ལ་རང་སྲིད་རང་སྐྱོང་གི་ཐོབ་དང་དང་འགྲོ་བ་མིའི་ཐོབ་ཐང་ཡོད་པ་དངོས་ཡོད་མ་རེད་དམ། མི་ལ་ལས་ཧོང་ཀོང་ལ་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཡོད་པ་དེ་དབྱིན་འཇིས་ཆ་རྐྱེན་གཏོན་བཞག་པ་རེད་ཟེར་ཡང་། འོ་ན་མའེ་ཁལ་ལ་ཡང་ཧོང་ཀོང་དང་མཚུངས་པའི་ཐོབ་ཐང་འདྲ་འདྲ་འདུག་ན་དེ་སུ་ཞིག་གིས་ཆ་རྐྱེན་གཏོན་བཞག་པ་རེད་དམ།

    Reply
  22. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    ད་གང་ལྟར་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་ལོག་འཇུག་རོགས་ཞེས་ཞུ་འབོད་བྱེད་པའི་དུས་ལ་སླེབས་པ་མིན་ནམ། ལྟས་ངན་རེད།

    Reply
  23. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    དམངས་གཙོ་མེད་པའི་རང་དབང་ཞིག་གང་ན་ཡོད་པ་རེད། ད་དུང་ཧོང་ཀོང་དཔེ་རུ་བླངས་པ་ནི་ར་མགོ་ལུག་སྦྱར་དུ་སོང་བ་རེད། ཧོང་ཀོང་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་ལོག་རྒྱུར་ཆ་རྐྱེན་གལ་ཆེན་ཞིག་བཏོན་ཡོད་པ་རེད། དེ་ནི་སྐབས་དེ་དུས་དབྱིན་ཇིའི་འོག་གི་མ་རྩ་རིང་ལུགས་ཀྱི་དམངས་གཙོའི་གནས་སྟངས་ད་ག་རང་འཇག་བཞག་རྒྱུར་ཁས་ལེན་རི་འདྲ་བྱས་ཡོད་པ་རེད། དེ་ནས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་ལོག་རྗེས་ཀོ་བ་རློན་པའི་ཕྱུ་པ་སྙིང་རྗེ་པོ་ཞིག་གྱོན་ཡོད་པ་གཞི་ནས་ཤེས་ཡོད་པ་རེད་ལ། ལོ་རེ་ནས་ལོ་རེ་ཇེ་སྐམ་ཇེ་སྐམ་རེད།
    དེས་ན་སྲིད་སྐྱོང་སེང་གེ་ཚང་ཀོ་བ་རློན་པའི་ཕྱུ་པ་བཞེས་རྒྱུར་བྲེལ་ཤ་ལངས་བ་མིན་དྲོ།

    Reply
  24. བོད་ཀྱི་བུ། says:
    ལོ་ 12 སྔོན།

    བློ་སེང་ལ་དབང་ཆ་ཡོད་པ་མ་རེད། ད་ལྟ་ཟམ་གདོང་རིན་པོ་ཆེ་ལ་དབང་ཚད་ཡོད་རེད། དེར་བརྟེན་བསམ་འཆར་ཡི་གེ་ལ་མི་བསྟེན་ན་འགྲོ་ས་ཞིག་མེད

    Reply
  25. གནས་ཚང་། says:
    ལོ་ 12 སྔོན།

    ད་དོན་དག་གཉིས་གསལ་བོ་ཆགས་ཤག
    ༡ མང་གཙོ་རྩོད་ཀྱི་མིན་ལབ་དུས། རྒྱ་ནག་མི་མང་གིས་བོད་དོན་ཐད་རྒྱབ་བསྐྱོར་ཡོང་གི་མ་རེད། སྒོས་སུ་ཕྱི་སྡོད་རྒྱ་རིགས་མང་གཙོ་རྩོད་མཁན་དང་ཤེས་ཡོན་པས་ག་ལེར་དགག་པ་རྒྱག་ངེས་རེད།
    ༢ བཙན་བྱོལ་བར་ངོམ་ཡ་གཅིག་ཡོད་པ་དེ་མང་གཙོ་ཡིན་པའི་ཁུལ་རེད། ད་དགོས་ཀྱི་མེད་ལབ་དུས། རྐང་རྗེས་ལག་སུབ་ཡིན་པའི་ཁར། རྒྱ་གཞུང་གི་ངོས་ནས་ཁྲིམས་འགལ་བར་བརྩི་གི་རེད།

    Reply
  26. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    དྲི་བ།
    བོད་ནང་ལ་དམངས་གཙོའི་དགོས་འདུན་འདོན་ཀྱིན་མེད་པའམ་དེ་རྩོད་རྒྱུ་མིན་པའི་གནད་དོན་འདི་བཀའ་ཤག་གིས་གྲོས་མོལ་གནང་བའི་ཐག་གཅོད་ཅིག་ཡིན་ནམ་མིན།

    བོད་ཀྱི་གནད་དོན་ངོ་མ་ནི་མི་རེ་རེར་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་མི་རིགས་ལ་མི་རིགས་རང་སྐྱོང་གི་ཐོབ་ཐང་མེད་པས་དེ་དག་རྩོད་ཀྱིན་ཡོད་པ་མིན་ནམ། དེ་དག་བོད་ལ་མི་འདུག བོད་ལ་སྤྲོད་དགོས་སོ་ཞེས་བོད་དོན་རྒྱབ་སྐྱོར་བ་ཡོད་ཚད་ཀྱིས་ཀྱང་རྒྱབ་སྐྱོར་རོགས་འདེགས་གནང་བཞིན་པ་མ་རེད་དམ།
    དམངས་གཙོ་རྩོད་ཀྱིན་མེད་གསུངས་ན་དམངས་གཙོ་མི་དགོས་པ་བསྟན་པ་རེད། དམངས་གཙོ་མེད་པས་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱང་མེད་སོང་བ་རེད། དམངས་གཙོ་ཡོད་ན་དེ་དག་རང་བཞིན་གྱིས་ཡོང་ཆོག་པ་དང་ཡོང་ཐུབ་པ་ཞིག་རེད། དེ་བས། དམངས་གཙོ་མི་དགོས་རང་སྐྱོང་དགོས་ཟེར་བ་ཞིག་ཇི་ལྟར་བཤད་ཤེས་སམ།

    Reply
  27. སེ་འདྲུ says:
    ལོ་ 12 སྔོན།

    དགག་བྱ་དང་དགོས་དམིགས་གང་ལའང་མ་ལྟོས་པར་གང་དྲན་གྱི་ཁ་ཕོ་ཆེ་དྲག་ན། འབྱུང་འགྱུར་གྱི་དུས་རིམ་ནང་དུ་རི་ལུག་པ་ཐག་པས་མི་ལྡུམ་པར་འགྱུར་ཡོང། མཁས་སྙེམས་དང་དག་སྣང་ཁོ་ནའི་ལྒང་བུར་མ་གཞོན་པར་ནན་གྱིས་འཇུག་ནས་ནན་གྱིས་བཤད་ན་ཀུན་གྱིས་བསྔགས་འོས་སུ་གྱུར་བ་ལས་སྨད་པར་མི་བྱ། འོན་ཀྱང་གནང་ལུགས་དང་གསུང་ལུགས་འདི་དག་ལ་བལྟས་ན། ཐམས་ཅད་གང་དྲན་དུ་སྨྲ་བཞིན་འདུག་ལ། མཚམས་རེ་སྐྱག་རྫུན་ཡང་ཤོད་བཞིན་འདུག དེ་ལྟར་གནང་ན་མི་སྤྱོད་ལ་དང་བ་ཆེ་བའི་བོད་མི་སྤྱིའི་སྲིད་སྐྱོང་བའི་ཚབ་ཏུ་སྲིད་སྨད་པའི་ཉེན་འགྱུར་ཉེན། ང་ཚོར་མང་གཙོ་མི་དགོས་ཞེས་པ་ཞིག་གང་དུ་གསལ་འདུག་གམ། དབུ་མའི་ལམ་ཞེས་པ་འདི་རང་ཉིད་ཀྱིས་གང་དྲན་བཤད་དེ། གོ་དོན་ཆུ་སྦྱོར་མི་འོས་པའང་མི་ཤེས་སམ། དབུ་མའི་ལམ་གྱི་སྲིད་བྱུས་སུ། འདི་ལྟར་གསལ་ཡོད། This autonomy should be governed by the popularly-elected legislature and executive through a democratic process and should have an independent judicial system;
    ཞིབ་པར་ལྟོས་དང། འདིར་ང་ཚོར་མང་གཙོ་མི་དགོས་ཞེས་བྲིས་འདུག་གམ།

    Reply
  28. ལུང་རྟོགས། says:
    ལོ་ 12 སྔོན།

    བསྐལ་རྡོར་དང་གང་སྡོམ་ཁྱེད་རང་གཉིས་ཀྱིས་བསམ་བཞིག་མེད་པའི་སྐད་ཆ་བཤད་ཀི་མ་འདུག ང་ཚོ་རང་དབང་འཐབ་རྩོད་པ་ཡིན་པ་ལས་དམངས་གཙོ་དོན་གཉེར་བ་མ་རེད། ང་ཚོར་རང་སྲིད་རང་སྐྱོང་ཐོབ་སོང་ན་དམངས་གཙོ་ལག་ལ་ཡོད་ཡོོད་པ་རེད། དཔེར་ན་ཧོང་ཀོང་ལྟ་བུ་རེད།

    Reply
  29. གངས་ལྡོམ། says:
    ལོ་ 12 སྔོན།

    འོག་ཏུ་སྐལ་བཟང་རྡོ་རྗེ་ཡིས་གསུངས་པ་དེར་རྒྱབ་སྐྱོར་ཡོད།

    Reply
  30. སྐལ་བཟང་རྡོ་རྗེ། says:
    ལོ་ 12 སྔོན།

    སྲིད་སྐྱོང་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་ལ་བརླག་མ་འཁེལ་ནས་ཁ་ཡར་དཀྱོག་མར་དཀྱོག་མ་གནང་རོགས། བོད་གཞིས་བྱེས་གཉིས་ཀས་ཉིན་མཚན་གཉིས་ཀར་གནས་ཚུལ་དེ་ལ་བསྒུག་བསྡད་ཡོད་པ་རེད།
    བོད་པའི་དམངས་གཙོའི་ཐད་སྲིད་སྐྱོང་ལ་གསལ་བཤད་དོན་ཚན་ ༣ ་ཞུ་རྒྱུ་ཡོད།
    ༡༽ ༧གོང་ས་མཆོག་གིས་ང་ཚོ་བཙན་བྱོལ་བ་ཆགས་རྗེས་རླབས་ཆེན་གྱི་ལས་དོན་ཞིག་འགྲུབ་ཡོད་པ་ནི་ང་ཚོ་དམངས་གཙོའི་ལམ་སྲོལ་ཐོག་བསྐྱོད་ཐུབ་པ་བྱུང་བ་དེ་ཡིན་གསུངས་གི་ཡོད།
    ༢ ༽ བཙན་བྱོལ་སྤྱི་ཚོགས་ནང་གི་ཆབ་སྲིད་པ་སོགས་ཁ་ཐོགས་ཚུལ་ཚང་མས་བཙན་བྱོལ་བོད་མིའི་དམངས་གཙོ་འདི་༧གོང་ས་མཆོག་གིས་གསོལ་རས་སུ་བསྩལ་བ་ཡིན། ཡང་དག་ཅིང་མཐུན་མོང་མ་ཡིན་པའི་དམངས་གཙོའི་ལམ་བཟང་ཞིག་ཡིན་ཟེར་གྱི་ཡོད།
    ༣ ༽ རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཆབ་སྲིད་ཀྱི་ཐད་ནས་བཤད་ཀྱང་། ང་ཚོ་རྒྱ་ནག་དམར་ཤོག་གཅིག་སྡུད་གཞུང་དང་མི་འདྲ་བར་སྨྲ་བརྗོད་རང་དབང་དང་དད་མོས་རང་དབང་ཆ་ཚང་ཡོད་པའི་དམངས་གཙོའི་ལམ་དུ་འགྲོ་སྐྱོད་བཞིན་ཡོད་ཟེར་ནས་ངོམ་སོ་བྱེད་ཀྱིན་ཡོད།
    སྐུ་ངོ་སྲིད་སྐྱོང་མཆོག་གིས་ཡོད་ཚད་ཆུ་ལ་མ་བསྐུར་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese