མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཇོ་ལེབས་ཟླ་བ་ཀློད་གྲོལ།

བོད་ཀྱི་དུས་བབ།
༢༠༡༣/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གི་༼དུས་རབས་ཀྱི་ང་༽ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་ཇོ་ལེབ་ཟླ་བ་ལགས། དེ་རིང་ཞོགས་པར་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཀློད་གྲོལ་ཐོབ་ཡོད་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༠ ལོར་བོད་ནང་གི་༼ དུས་རབས་ཀྱི་ང་༽ ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་རྩོམ་པ་པོ་ཇོ་ལེབས་ཟླ་བ་ལགས། རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་འཛིན་བཟུང་གིས་ལོ་ ༣ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༣༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩།༠༠ ཡས་མས་སུ་ཁོང་གི་བཙོན་འཇུག་དུས་ཡུན་རྫོགས་ཏེ་སི་ཁྲོན་མེན་ཡཱང་བཙོན་ཁང་གིས་ཀློད་གྲོལ་བཏང་ཡོད་འདུག 

ཇོ་ལེབས་ཟླ་བ་ལགས་ནི་སི་ཁྲོན་རྔ་བ་ཁུལ་རྔ་བ་རྫོང་ཇོ་ལེབས་སྡེ་བའི་ལྟག་ཀ་ཚང་གི་བུ་ཡིན་པ་དང་། བཞག་ལྡོམ་བོད་ཡིག་སློབ་འབྲིང་དང་དར་རྩེ་མདོ་དགེ་འོས་སློབ་གྲྭ་བཅས་ནས་སློབ་མཐར་ཕྱིན་ཡོད་འདུག ཕྱིས་སུ་རྔ་བའི་གྲོང་སྡེའི་སློབ་གྲྭ་ཞིག་གི་དགེ་རྒན་གནང་ཞོར་དུ་༼དུས་རབས་ཀྱི་ང་༽ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་གནང་ཡོད་འདུག་ལ། ཕྱི་ལོ་ ༢༠༠༦ ལོར་རྔ་བར་བོད་མི་ཚོས་པགས་རིགས་ཀྱི་རྒྱན་གོས་མེར་བསྲེགས་གཏོང་སྐབས། ལས་འགུལ་སྣེ་ཁྲིད་བྱས་པའི་ཉེས་མིང་འོག་ཟླ་གཅིག་ཙམ་རིང་རྔ་བ་རྫོང་དུ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་།  ༢༠༠༨ ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་གྱི་ཞོགས་ཀར་རང་ཁྱིམ་ནས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཟླ་ཤས་རིང་བཀག་ཉར་བྱས་ཡོད་པ་མ་ཟད། ༢༠༡༠ ཟླ་ ༡༠ པའི་ཚེས་ ༡ ཉིན་རྔ་བ་ཁུལ་གྱི་བདེ་འཇགས་མི་སྣས་རྒྱ་ནག་གི་ཁྲིན་ཏུའུ་གྲོང་ཁྱེར་ནས་འཛིན་བཟུང་བྱས་ཏེ། རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་ ༣ ཁྲིམས་ཐག་བཅད་དེ་ད་ལྟའི་བར་མེན་ཡཱང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད།

༢༠༡༠ ལོར་ཁོང་འཛིན་བཟུང་བྱས་རྗེས་རྔ་བ་ཁུལ་ཁྲོ་ཆུ་རྫོང་དུ་བཀག་ཉར་བྱས་ཡོད་པ་དང་། སྐབས་དེར་རྔ་བ་རྫོང་ཉེན་རྟོག་མི་སྣས་ཁོའི་ཆུང་མ་འཛམ་ལྷས་རྫོང་ཐོག་ཏུ་གཉེར་གྱིན་པའི་དཔེ་ཚོང་ཁང་དང་རང་ཁྱིམ་བཅས་སུ་སྔོག་བཤེར་བྱས་ཏེ། གློག་ཀླད་དང་དེབ་གཟུགས་མ་ཡིན་པའི་རྩོམ་ཡིག་གང་མང་ཞིག་འཁུར་ཡོད་འདུག 

དེ་རིང་ཕྱི་ཚེས་ ༣༠ ཉིན་གྱི་ཞོགས་པར་ཁོང་ཀློད་གྲོལ་སྐབས་གཟུགས་པོ་སྔར་ལས་སྐམ་དུ་སོང་ཡོད་པ་ལས། གཟུགས་གཞིའི་གནས་སྟངས་གང་འདྲ་ཆགས་ཡོད་མེད་ད་ལྟའི་ཆར་ཤེས་རྟོགས་ཐུབ་ཡོད་མི་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

ཆུ་ཚོད་ ༡ སྔོན་ལ།
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

ཆུ་ཚོད་ ༢༢ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

ཆུ་ཚོད་ ༢༣ སྔོན་ལ།
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

༢༠༢༦/༠༣/༡༦

མཆན། 1

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    <<དུས་རབས་ཀྱི་ང>> ལྟ་བུའི་རྩོམ་པ་པོ་དང་རྩོམ་སྒྲིག་པ་དག་ནི་དུས་རབས་ཀྱི་དམག་སྤྱི་ཆེན་མོ་རེ་རེ་དང་འདྲ་བས། འཆི་ལམ་ལས་ཐར་བ་ནི་ཆེས་དགའ་འོས་པའི་ལམ་འགྲོ་ཞིག་རེད། དྲང་བདེན་ཞི་རྒོལ་གྱི་སྙུག་ཐོགས་པ་རྣམས་རྒྱལ་གྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese