མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེམས་མ་འདུལ་བའི་དབང་གིས་རང་གཞན་གཉིས་འཕོངས་ཀྱི་ཡོད།

བོད་ཀྱི་དུས་བབ།
༢༠༡༣/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་དྷ་ས་གཙུག་ལག་ཁང་དུ་༧གོང་ས་མཆོག་གིས་ཐའེ་ཝན་གྱི་ཆོས་ཞུ་བ་གཙོས་པའི་སྐྱ་སེར་ལྔ་སྟོང་ལྷག་ལ་གསུང་ཆོས་དབུ་འཛུགས་གནང་སྐབས། ཁོང་གིས་མིའི་སྤྱི་ཚོགས་ནང་རྣམ་གཞག་མང་པོ་ཞིག་ཡོད་པ་དེ་བདེ་སྐྱིད་བསྒྲུབ་པའི་ཆེད་རེད་མ་གཏོགས་རྙོག་དྲ་བཟོ་བའི་དོན་དུ་མ་རེད་ཅེས་གསུངས་སོང༌།

དེ་རིང་སྔ་དྲོའི་ཆུ་ཚོད་༨ ཙམ་ལ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ྋགོང་ས་མཆོག་གིས་ཐའེ་ཝན་གྱི་ནང་པ་ཚོ་གཙོ་བོར་གྱུར་བའི་ཆོས་ཞུ་བ་ཚོར་རྗེས་ཙོང་ཁ་པས་མཛད་པའི་༼ལམ་རིམ་བསྡུས་དོན༽དང༌། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི༼རིགས་པ་དྲུག་ཅུ་བ༽བཅས་ཀྱི་གསུང་ཆོས་དབུ་འཛུགས་གནང་ཡོད་པ་དང༌། ཐེངས་འདིའི་ཉིན་ ༣ དང་ཕྱེད་རིང་གི་གསུང་ཆོས་ལ་ཐའེ་ཝན་ནས་ཆོས་ཞུ་བ་ ༩༠༠ དང་རྒྱ་ནག་སྐམ་ས་ཆེན་མོ་ནས་མི་ ༣༣ གཙོས་རྒྱལ་ཁབ་ཁག་ ༥༤ ཙམ་ནས་ཡོང་བའི་ནང་ཆོས་དོན་གཉེར་བ་དང༌། དེ་བཞིན་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༥༢༢༠ ལྷག་འཛོམས་འདུག

གསུང་ཆོས་དབུ་འཛུགས་སྐབས་༧གོང་ས་མཆོག་གིས་བར་སྐབས་ཤིག་ལ་རྒྱ་ནག་ནང་ཤེས་རབ་སྙིང་པོ་འདོན་རྒྱུའི་ལམ་སྲོལ་ཉམས་སོང་བ་དེར་ཐུགས་སྐྱོ་བོ་བྱུང་སྐོར་གསུངས་དོན། “ ཕྱི་ལོ་ ༡༩༦༥  དང་ ༡༩༦༦ ཙམ་ལ་ང་མཱ་ལེ་ཞི་ཡ་དང་སངྒ་ཕོར་ཕྱིན་པ་རེད། སྐབས་དེར་གྲྭ་བ་ཚོ་དང་མཉམ་དུ་ཤེས་རབ་སྙིང་པོ་བཏོན་པ་ཡིན། སྔ་མོ་ཡིན་ན་རྒྱ་ནག་ནང་ནང་པ་མང་པོ་ཞིག་གིས་ཤེས་རབ་སྙིང་པོ་འདོན་གྱི་ཡོད་ཀྱང་བར་སྐབས་ཉམས་པ་རེད་བསམ་ནས་སེམས་ཏོག་ཙམ་སྐྱོ་བོ་བྱུང༌། ཡིན་ནའང༌། སྐབས་ཤིག་ནས་དྷ་རམ་ས་ལ་རུ་ཐའེ་ཝན་གཙོ་བོར་གྱུར་བའི་ཆོས་གྲོགས་ཚོ་དང་ལོ་ལྟར་ཐུག་སྟེ། ང་ཚོ་མཉམ་དུ་ཤེས་རབ་སྙིང་པོའི་ཚིག་འདོན་ཙམ་དུ་མ་ཟད། ཤེས་རབ་སྙིང་པོའི་དོན་དག་ལའང་བསམ་བློ་གཏོང་བའི་གོ་སྐབས་ཡོང་གི་ཡོད་པ་དང༌། དེ་བཞིན་ཧོང་ཀོང་དང་སངྒ་ཕོར། མཱ་ལེ་ཞི་ཡ། རྒྱ་ནག་སྐམ་ས་ཆེན་མོ་བཅས་ནས་ཡོང་བའི་ཆོས་གྲོགས་མང་པོ་མཉམ་དུ་འདུས་ཏེ་ཆོས་ཉམས་ལེན་བྱེད་རྒྱུ་བྱུང་བ་རེད། ཁྱེད་རང་ཚོ་ལམ་དང་ལུགས་སྲོལ་ལྟ་བུ་མ་ཡིན་པར་སངས་རྒྱས་པའི་ཆོས་ལ་དོ་སྣང་སླེབ་ཀྱིན་ཡོད་པ་དང༌། དེ་བཞིན་རྒྱ་ནག་ནང་ལོགས་ལ་ཆ་བཞག་ནའང༌། དེ་རིང་ཁ་སང་ནང་པ་ས་ཡ་ ༤༠༠ ལྷག་ཅིག་ཡོད་པར་ཤོད་ཀྱི་འདུག་སྟབས། དེ་དངོས་གནས་དགའ་སྤྲོ་སྐྱེས་དགོས་པ་ཞིག་རེད། ”ཅེས་གསུངས་སོང༌།

ཡང་ཁོང་གིས། “ཆོས་ཕྱོགས་ཀྱི་ཐོག་ནས་དུག་གསུམ་ཟེར་བ་དེ་སྐྱོན་རེད་ཅེས་བཤད་པ་ཙམ་མ་ཡིན་པར། ང་རང་ཚོས་འཛམ་གླིང་འདིའི་སྒང་ལ་ཞིབ་འཇུག་ཡག་པོ་བྱས་པ་ཡིན་ན། འདོད་ཆགས་དང་ཞེ་སྡང་གཉིས་ཀྱིས་རྙོག་དྲ་མང་པོ་ཞེ་དྲག་ཅིག་བཟོ་བཞིན་ཡོད་པ་རེད། དེའི་རྩ་བ་དེ་མ་ཤེས་པ་དང་མ་རིག་པ་ཟེར་བ་དེར་ཐུག་ཡོད། རང་གཞན་སུ་ཡིན་ནའང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་ཀྱང༌། སེམས་མ་འདུལ་བའི་ཐོག་ནས་འཕོངས་ཡོང་གི་ཡོད་པ་རེད། དུག་གསུམ་ཉོན་མོངས་སེལ་བར་ཉོན་མོངས་པ་མེད་པར་གྱུར་ཅིག་ཅེས་སྨོན་ལམ་རྒྱག་པ་དང༌། སངས་རྒྱས་བཅོམ་ལྡན་འདས་ལ་བདག་ཅག་གི་རྒྱུད་ཀྱི་ཉོན་མོངས་དུག་གསུམ་དེ་བྱིན་རླབས་ཀྱིས་སེལ་རོགས་གནོངས་ཞེས་གསོལ་བ་བཏབ་ནས་སེལ་ཐུབ་པ་མ་རེད། འོ་ན། རྒྱུ་ཉོན་མོངས་དུག་གསུམ་དང་དེས་བསྐྱེད་པའི་ང་ཚོའི་སྡུག་བསྔལ་རྣམས་ག་འདྲ་སེལ་དགོས་པ་རེད་ཟེར་ན། ཆོས་རྣམ་འབྱེད་ཀྱི་ཤེས་རབ་དང་ལྷག་པར་དེ་ཁོ་ན་ཉིད་ཀྱི་གནས་ལུགས་ཤེས་པའི་ཤེས་རབ་ཁོ་ནས་སེལ་ཐུབ་པ་རེད། ”ཅེས་གསུངས་སོང༌།

ཁོང་གིས་མུ་མཐུད་དུ་གསུངས་དོན། “སྐད་དང་ཡི་གེའི་ཐོག་ནས་མིའི་སྒོ་ལྔའི་ཤེས་པའི་ཡུལ་དུ་ཡོད་པ་དེ་གཅིག་པུ་མ་ཡིན་པར་ཡིད་བློའི་སྟེང་ནས་རྣམ་གཞག་མང་པོ་ཞིག་ལ་བསམ་བློ་བཏང་སྟེ། མིའི་སྤྱི་ཚོགས་ནང་དུ་རྣམ་གཞག་མང་པོ་ཞིག་ཡོད་པ་རེད། དེ་ཚོའི་དམིགས་ཡུལ་ནི་བདེ་སྐྱིད་སྒྲུབ་པའི་ཆེད་རེད་མ་གཏོགས་རྙོག་དྲ་བཟོ་བའི་དོན་དུ་ཕལ་ཆེར་བྱུང་ཡོད་པ་མ་རེད། དེ་འདྲ་ཞིག་གི་ཐོག་ནས་ཆོས་བརྒྱུད་མི་འདྲ་བ་མང་པོ་ཞིག་ལ་ཕལ་ཆེར་ལོ་སྟོང་ཕྲག་བཞི་ལྔ་ཞིག་ནས་དད་པ་ཆགས་པ་དང༌། དད་པ་ཟེར་བ་དེས་མི་ལ་དཀའ་ངལ་འཕྲད་ནས་སོ་སོའི་ནུས་པའི་ཐོག་ནས་དཀའ་ངལ་དེ་སེལ་མ་ཐུབ་པ་ཞིག་ཆགས་ཡོང་དུས། མིའི་སེམས་ཀྱི་རེ་བ་མི་བརླག་པར་འཛིན་ཐུབ་པ་ཞིག་ཡོང་གི་ཡོད་པ་རེད།  དེ་བཞིན། དུད་འགྲོ་ཚུན་ཆད་ཀྱིས་ཀྱང་བརྩེ་བ་ཟེར་བ་དེ་ལ་དགའ་བོ་བྱེད་ཀྱི་ཡོད་པ་རེད། གཞན་གྱིས་རང་ཉིད་ལ་བརྩེ་བ་བྱས་པ་ཡིན་ན། དུད་འགྲོ་ཡིན་ནའང་ཁོ་རང་ཚོ་ཕན་ཚུན་འཆམ་པོ་དང་ཞི་བདེ་བག་ཕེབས་ཡོང་གི་ཡོད་པ་རེད། བརྩེ་བ་མེད་པར་ཁྲོ་བ་དང་སྡང་སེམས་ཡོད་པ་ཡིན་ན། དུད་འགྲོ་ཡིན་ནའང་ཕན་ཚུན་གཡོལ་ནས་འདུག་པ་མ་གཏོགས་འཆམ་པོ་ཡོང་གི་མི་འདུག་གཱ། མིའི་སྤྱི་ཚོགས་ནང་དུའང་བརྩེ་བ་ཟེར་བ་དེ་ང་ཚོ་ཐོག་མ་སྐྱེས་པའི་སྐབས་ནས་མ་ལ་བརྟེན་ནས་སྐྱེས་པ་དང༌། མ་ཡི་ནུ་ཞོས་འཚོས། མ་ཡི་བརྩེ་བས་བསྐྱངས་པ་སོགས་བརྩེ་བ་ནི་རྩ་ཆེན་པོ་ཞེ་དྲག་ཅིག་ཆགས་ཡོད་སྟབས། ཆོས་ལུགས་ཚང་མའི་ནང་དུ་བརྩེ་བ་ཟེར་བ་དེ་གལ་ཆེན་པོར་ངོས་འཛིན་གྱིས་ཚང་མས་བཤད་ཡོང་གི་ཡོད་ལ།  དད་པ་དེ་བརྩེ་བ་གོང་འཕེལ་གཏོང་བའི་རྒྱུ་མཚན་དུ་བགྲང་གི་ཡོད་པ་འདྲ་བོ་ཞིག་འདུག ”ཅེས་གསུངས་སོང༌།

༧གོང་ས་མཆོག་གིས་ཕྱི་དངོས་པོ་ལས་ནང་ཤེས་པའི་སྐོར་ལ་དོ་སྣང་གནང་གལ་ཆེ་སྐོར་གསུངས་དོན། “ དུས་རབས་ཉི་ཤུ་པའི་སྨད་ནས་བཟུང་དངོས་པོ་ཡར་རྒྱས་ཤུགས་ཆེན་པོ་ཕྱིན་པ་དེས་མི་ལ་ཕན་ཐོགས་ཞེ་དྲག་བྱུང་ཡོད་ཀྱང༌། མི་གསོད་པར་ཡང་ནུས་པ་ཆེན་པོ་ཐོན་ཡོད་པ་རེད། དཔེར་ན། རྡུལ་ཕྲན་མཚོན་ཆ་ལྟ་བུ་ཞིག་ལ་ཆ་བཞག་པ་ཡིན་ན། མིའི་རིགས་ཀྱིས་དངངས་སྐྲག་བྱེད་དགོས་ས་ཞིག་ཆགས་ཡོད། ད་ལྟ་འཛམ་བུ་གླིང་འདིའི་སྒང་ལ་རྡུལ་ཕྲན་མཚན་ཆ་ཡོད་པ་ཚང་མ་བེད་སྤྱོད་བཏང་བ་ཡིན་ན། འཛམ་བུ་གླིང་དུམ་བུ་གཉིས་གསུམ་དུ་གཏོར་ཐུབ་པའི་ནུས་པ་ཡོད་སྟབས། འགྲེལ་བཤད་བརྒྱབ་ཡོང་དུས་དངོས་གནས་ཞེད་སྣང་སྐྱེས་བ་ཞིག་འདུག དེ་ཚོ་ཚན་རིག་ཡར་རྒྱས་ཕྱིན་པའི་ཐོག་ནས་བྱུང་བ་ཡིན་དུས། ཚན་རིག་དང་འཕྲུལ་ཆས་རྐྱང་རྐྱང་གི་ཐོག་ནས་ཡར་རྒྱས་ཕྱིན་པ་དེས་མིའི་སེམས་ལ་བདེ་སྐྱིད་སྒྲུབ་མི་ཐུབ་པ་དང༌། འཛམ་བུ་གླིང་འདིར་མཐའ་གཅིག་ཏུ་ཞི་བདེ་ཡོང་ཐུབ་རྒྱུ་ཁག་པོ་ཡིན་པ་མཐོང་སྟེ།  དེང་སང་ཚན་རིག་པ་ཚོས་ཀྱང་ཕྱི་དངོས་པོའི་ཡར་རྒྱས་ཁོ་ན་མ་ཡིན་པར་ནང་ཤེས་པའི་སྐོར་ལ་ཉམས་ཞིབ་བྱེད་པའི་དུས་སྐབས་ཤིག་ལ་བསླེབས་བསྡད་ཡོད་པ་རེད། ”ཅེས་སོགས་གསུངས་སོང༌།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༧ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༧ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༡ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 4

  1. ཕུན་ཚོགས ། says:
    ལོ་ 13 སྔོན།

    ས་ཡ་དང་དུང་ཕྱུར་དོན་གཅིག་མིང་གི་རྣམ་གྲངས་ཡིན་ནམ། དེ་གང་ན་དོན་གཅིག་མིང་གི་རྣམ་གྲངས་སུ་བཀོད་འདུག གྲོགས་པོ་གནས་ཚང་ལགས། ཧཧཧ

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    ནང་ཆོས་དད་མོས་པའི་མི་གྲངས་ཞིབ་འཇུག་གི་དྲ་བའི་ནང་དུ།
    འཛམ་གླིང་ན་ནང་ཆོས་དད་མོས་པ་དུང་ཕྱུར་བདུན་ཡོད་པའི་ནང་གི་དུང་ཕྱུར་བཞི་ཙམ་ཀྲུང་གོ་བ་ཆགས་ཡོང་གི་འདུག
    佛教徒人数有7亿多,占世界总人口的11%。
    中国大陆13亿人口,其中有1-3亿佛教徒,约占8%-23%。
    近些年,基督信徒增长很快,07年数据已超过1亿人。

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    རྒྱ་ནག་མི་འབོར་དུང་ཕྱུར་༡༣ནང་ནས་དུང་ཕྱུར་༤ནང་པ་ཡིན་མི་ཆོག་པའི་རྒྱུ་མཚན་གང་ཡིན་ནམ། གནས་ཚང་ལགས།

    Reply
  4. གནས་ཚང་། says:
    ལོ་ 13 སྔོན།

    རྒྱ་ནག་ནང་དུ་སངས་རྒྱས་ཆོས་ལ་དད་མཁན་ས་ཡ ༤༠༠ཞེས་པ་འདི་མི་སྲིད་པ་ཞིག་རེད། ས་ཡ༤༠༠དང་དུང་ཕྱུར་༤ནི་དོན་གཅིག་མིང་གི་རྣམ་གྲངས་རེད། དེ་བས། སུ་ཞིག་གིས་གོང་ས་མཆོག་ལ་གནས་ཚུལ་རྫུན་མ་འདི་འདྲ་ཞིག་ཕུལ་བ་ཡིན་ནམ། རྒྱ་ཡིག་ཤེས་མཁན་ཚོས་དྲ་རྒྱ་བརྒྱུད་ནས་འཚོལ་དང་ལམ་སང་ཧ་གོ་ཡོང་གི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese