མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཆུང་ལཊ་སུ་མྱ་ངན་མཆོད་འབུལ།

བོད་ཀྱི་དུས་བབ།
༢༠༡༣/༡༠/༠༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་རྒྱལ་གཅེས་དཔའ་བོ་ཞི་ཆུང་ལགས་ཀྱི་ཆེད་གཞུང་འབྲེལ་ཐོག་མཆོད་འབུལ་སྨོན་ལམ་གནང་སོང་།

དེ་རིང་ཕྱི་ཚེས་ ༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤།༣༠ སྟེང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག  བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་ཕྱག་རོགས་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་གཙོས་པའི་སྤྱི་འཐུས་རྒྱུན་ལས། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཆུང་དང་སྲི་ཞུ་ལས་བྱེད་ཡོངས། བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་བཅས་འདུ་འཛོམས་གནང་སྟེ། ཟླ་སྔོན་མའི་ཕྱི་ཚེས་ ༢༨ ཉིན་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན། བོད་མདོ་སྨད་རྔ་པ་ཁུལ་རྔ་པ་རྫོང་སྒོ་མང་མཐའ་བ་སྡེ་བའི་རང་ལོ་ ༤༡ ཡིན་པའི་རྒྱལ་གཅེས་དཔའ་བོ་ཞི་ཆུང་ལགས་དང་། དམ་པ་ཁོང་གི་ནང་མིར་གདུང་སེམས་མཉམ་སྐྱེད་ཆེད་གཞུང་འབྲེལ་ཐོག་མཆོད་འབུལ་སྨོན་ལམ་གནང་སོང་།  

བསྔོ་སྨོན་མཆོད་འབུལ་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་ ༩ ཚེས་ ༢༨ ཉིན་རྔ་པ་རྫོང་གི་རང་ལོ་ ༤༡ ཡིན་པ་དང་། ཕྲུ་གུ་གཉིས་ཀྱི་ཕ་ཞི་ཆུང་ལགས་ཀྱིས་རང་ལུས་མེར་བསྲེཊ་གནང་སྟེ་འདས་གྲོངས་སུ་གྱུར་བ་ཁོང་དང་། ཁོང་གི་ནང་མི་ཉེ་འབྲེལ་གཙོས་པའི་བོད་ནང་གི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཚང་མར་བོད་མི་ཚོས་ཐུགས་སྨོན་གནང་དགོས་པའི་འབོད་སྐུལ་གནང་བྱུང་བ་མ་ཟད། ཉེ་སྔོན་ཁམས་རྟའུ་དང་རྫ་སྟོད་བཅས་སུ་གཏེར་ཁ་སྔོག་འདོན་དང་འབྲེལ་བའི་གནས་ཚུལ་བྱུང་ཡོད་པ་དང་། འབྲི་རུ་རྫོང་དུ་ལས་དོན་རུ་ཁག་དང་འབྲེལ་ཏེ་གནས་སྟངས་ཛ་དྲག་ཆགས་ཡོད་པའི་ཐད་ལ་སེམས་འཚབ་ཡོད་སྐོར་གསུངས་བྱུང་།

 
གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

པར་༧དཔལ་ས་སྐྱ་ཁྲི་འཛིན་པ་ ༤༤ མཆོག་གི་ངོ་དེབ་ལས་བླངས།
Mobile App

༧དཔལ་ས་སྐྱའི་ཁྲི་འཛིན་ ༤༤ པའི་ཁྲི་སྟོན་མཛད་སྒོ་འཚོགས།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཟམ་གདོང་རིན་པོ་ཆེ་མཆོག་ནི་ངེས་པ་དོན་གྱི་དཔའ་བོ་རེད།

ཆུ་ཚོད་ ༡༢ སྔོན་ལ།
ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༡༡།༥
Mobile App

ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དང་བསྟུན་དགེ་རྒན་ཉིན་མོ་སྲུང་གཙི་གནང་།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། དྲིན་ལན་འཇལ་སྟངས་ཁོང་ནས་སྦྱོངས་ཨང་།

ཆུ་ཚོད་ ༡༦ སྔོན་ལ།
པར་ Karmapa ཡི་ངོ་དེབ་ལས་བླངས་ཤིང་བོད་ཀྱི་དུས་བབ་ཀྱིས་བཟོ་བསྒྲིགས་བྱས།
Mobile App

༧རྒྱལ་བ་ཀརྨ་པ་མཆོག་གི་འབྲུག་ཡུལ་གྱི་མཛད་འཕྲིན།

༢༠༢༦/༡༡/༠༤
གློག་བརྙན་ཁྱབ་བསྒྲགས་ཀྱི་པར། དྲ་ལམ་ནས་བླངས།
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་ལས་འཕྲོས་པའི་གཏམ།

༢༠༢༦/༡༡/༠༤

མཆན། 1

  1. བྱ་ཐུང་། says:
    ལོ་ 13 སྔོན།

    དེང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམས་པ་བོད་དོན་བདེན་མཐའ་གསལ་རྒྱུའི་བྱ་བཞག་ཆེན་མོ་དེའི་དོན་དུ་ཁོམ་གི་ཡོད་ས་མ་རེད། ཐེངས་འདིའིས་དཔའ་བོ་ཞི་ཆུང་ལགས་ལ་ཉིན་དྲུག་གི་རྗེས་ནས་མ་གཏོགས་མཆོད་འབུལ་བྱེད་ཐུབ་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese