མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱུན་ལས་གསར་པ་ཚོར་དབུ་མའི་ལམ་སྤྲོད་སྐབས་བདེ་བོ་མ་བྱུང་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༡༠/༠༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་རྒྱབ་ངྷ་སའི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་རྒྱུན་ལས་གསར་རྙིང་འཕོ་ལེན་གྱི་གསར་འགོད་གསལ་བསྒྲགས་ཐོག ཚོགས་གཙོ་གསར་པས་ད་རེབ་དགུ་བཅུ་གསུམ་གྱི་ལངས་ཕྱོགས་དབུ་མའི་ལམ་དུ་བསྐྱོད་རྒྱུའི་ཐག་གཅོད་བྱུང་བ་དེ་ནི། གཞན་གྱི་བརྒྱུད་སྐུལ་སོགས་གང་ཡང་མེད་པར་ཚོགས་མི་ཚོས་མང་མོས་ཐག་གཅོད་གནང་བ་ཞིག་ཡིན་སྐོར་བརྗོད་སོང་།

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༢།༣༠ ཡོལ་ཙམ་ལ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཁང་ནང་དུ། སྐབས་ ༦ པའི་དབུས་རྒྱུན་དང་ལས་བྱེད། ཕྱོགས་བཞུགས་རྒྱུན་ལས་བདམས་ཐོན་བྱུང་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་། སྐབས་དེར་ཚོགས་གཙོ་གསར་པ་ས་རཱ་མཐོ་སློབ་ཀྱི་བརྡ་སྤྲོད་སློབ་དཔོན་པ་སངས་ཚེ་རིང་ལགས་ཀྱིས་གསལ་བསྒྲགས་གནང་བ་ལྟར་ན། སྐབས་ ༦ པའི་ཚོགས་གཞོན་དབུས་བུད་མེད་ལྷན་ཚོགས་ཀྱི་ལས་གཞི་འབྲེལ་མཐུད་པ་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོན་དཀར་ལགས་དང་། དྲུང་ཆེ་སྐབས་ ༡༢ པའི་མདོ་སྨད་ས་རྒྱུན་གྱི་ཕྱི་འབྲེལ་འགན་འཛིན་རྨེའུ་དཀོན་རྒྱམ་ལགས། རྩོམ་སྒྲིག་པ་དང་ཉམས་ཞིབ་པ་ལྷ་ཆབ་སྤྱིན་པ་ལགས། སློབ་སྤྱི་དང་དགེ་རྒན་གཅིག་ལྕོགས་རྒྱལ་མཚན་ལགས་བཅས་ཡིན་པ་དང་། ཉིན་ཤས་རྗེས་རྒྱུན་ལས་གསར་རྙིང་བར་རྩིས་ལེན་རྩིས་སྤྲོད་གནང་རྒྱུ་ཡིན་འདུག

ཚོགས་གཙོ་པ་སངས་ཚེ་རིང་ལགས་ཀྱིས་ཚོགས་ཆེན་ཐོག་བཞག་པའི་གྲོས་ཆོད་དོན་ཚན་བདུན་ལེགས་འགྲུབ་ཡོང་བར་འབད་བརྩོན་གནང་རྒྱུ་ཡིན་ལུགས་བརྗོད་པ་དང་འབྲེལ། ཐེངས་འདིར་ཚོགས་པའི་ལངས་ཕྱོགས་དབུ་མའི་ལམ་ལ་འགྱུར་བ་ཕྱིན་པའི་སྐོར་བརྗོད་དོན། “ ངས་འདིར་ནན་ཏན་གྱིས་ཞུ་དགོས་པ་ཞིག་ལ། ཐེངས་འདིའི་ཚོགས་ཆེན་ཐོག་ཚོགས་པའི་ལངས་ཕྱོགས་ལ་འགྱུར་བ་ཕྱིན་པ་དེ། སྒྲིག་འཛུགས་དང་མི་སྒེར་ཞིག་གི་བཀོལ་སྤྱོད་དང་གནོན་ཤུགས་འོག་བྱུང་བ་ཞིག་མ་ཡིན་པར། ད་ལྟའི་ཚོགས་མི་ཡོངས་ཀྱིས་སོ་སོའི་ངོས་ནས་རྣམ་དཔྱོད་རྩལ་དུ་བཏོན་ཏེ་རང་དབང་དང་འདྲ་མཉམ། དམངས་གཙོ་བཅས་ལོངས་སུ་སྤྱད་ནས་མང་མོས་ཀྱིས་ཐག་གཅོད་བྱུང་བ་ཞིག་ཡིན། ”ཞེས་བརྗོད་སོང་། དེའི་རྗེས་སྐབས་ལྔ་པའི་ཚོགས་གཞོན་ཀླུ་མཁར་བྱམས་ལགས་ཀྱིས། ཚོགས་ཆེན་ཐེངས་ ༦ པའི་ཐོག་ཚོགས་པའི་ལངས་ཕྱོགས་ལ་འགྱུར་བ་ཐེབས་པའི་སྐོར་ཡིག་ཐོག་ནས་སྒྲོགས་སྦྱང་གནང་བའི་ནང་། ང་ཚོའི་ལས་ཐོག་འདིར་ཚོགས་པའི་ལངས་ཕྱོགས་ལ་འགྱུར་བ་ཕྱིན་པ་དང་། ང་རང་སྐབས་འདིའི་འགན་འཁུར་མཁན་གཙོ་བོ་ཡིན་པའི་ཆ་ནས།  རྒྱུན་ལས་གསར་བ་ཚོའི་ལག་དུ་ལམ་དབུ་མར་ཤར་སྐྱོད་དགོས་པའི་གྲོས་ཆོད་འདི་འཇོག་སྐབས་བདེ་བོ་རང་མ་བྱུང་། དེར་རྒྱུ་མཚན་གསུམ་ཡོད། གཅིག ལམ་དབུ་མའི་སྲིད་བྱུས་ཀྱི་ཁྲིམས་སྒྲིག་གི་གཞི་འཛིན་ས་ ༼ ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས ༽ ཟེར་བ་དེ་ཡིན་སྟབས། ཁྲིམས་ལུགས་དེ་ནི་རྒྱ་ནག་དམར་ཤོག་གཞུང་གི་སྲིད་དབང་སྒེར་གཅོད་ཀྱི་དགོས་མཁོར་བསྟུན་ཏེ་བཟོས་པ་ཞིག་ལས། རྒྱ་ནག་སྤྱི་འབངས་ཀྱི་མངོན་འདོད་ལྟར་བཟོས་པ་ཞིག་མིན་སྟབས། ང་ཚོས་དེ་ལྟར་ཁས་ལེན་བྱས་ཚེ་ཆབ་སྲིད་ཀྱི་ཀུན་སྤྱོད་ཐད་ནས་སྒེར་གཅོད་པར་རྒྱབ་སྐྱོར་བྱས་པའི་ཉེས་སྐྱོན་ཡོད་པ་དང་། ཁྲིམས་ལུགས་དེ་རང་གཞིར་བཞག་ནས་ཕྱིན་ཚེ་མིའི་རིགས་ཀྱི་རང་དབང་དང་དམངས་གཙོའི་མངོན་འདོད་ཡང་བཤད་ས་མེད་སྟབས། ཉེར་ཆར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ང་ཚོས་བཀའ་ཤག་སྐབས་སྔོན་མས་ཕར་སྤྲད་པའི་ ༼ རང་སྐྱོང་མངོན་འདོད་ཀྱི་བསམ་འཆར་ཡིག་ཆ ༽ ནང་དོན་ལྟར་དམངས་གཙོ་རྩོད་ཀྱི་མེད། དེའི་ནང་རང་དབང་དང་དམངས་གཙོ་དགོས་སྐོར་འཁོད་ཡོད་པ་མ་རེད་ཅེས་བརྗོད་དགོས་པའི་གནས་སྟངས་ཐབས་སྐྱོ་བ་དེར་ཐུག་པ་ལྟ་བུ་རེད།

གཉིས།  དངོས་ནས་བཤད་ན་བོད་མི་རིགས་འདི་རྒྱ་འོག་ནས་འདུག་དང་མི་འདུག་གི་མཐའ་མས་ཐག་གཅོད་ནི། དེང་གི་རྒྱལ་སྤྱིའི་ཁྲིམས་སྒྲིག་གི་འགྲོ་སྟངས་ལྟར་གཞིས་ལུས་བོད་འབངས་ས་ཡ་དྲུག་ལྷག་ཡོད་པ་དེ་ཚོས་རང་ཐག་རང་གཅོད་ཀྱི་ལམ་ཁ་བརྒྱུད་ནས་ཐག་གཅོད་དགོས་པ་ཞིག་ལས། བཙན་བྱོལ་བ་མི་གྲངས་འབུམ་གཅིག་ལྷག་གིས་ཐག་གཅོད་རུང་བ་ཞིག་མིན་སྟབས། འདི་ནས་ལམ་དབུ་མར་འགྲོ་རྒྱུ་ཡིན་ཟེར་ནས་སྐད་ཤུགས་ག་ཚོད་བརྒྱབ་ཀྱང་། དེ་ནི་ཐག་གཅོད་རང་བཞིན་གྱི་གནད་དོན་ཞིག་ཆགས་མེད་ལ། རིམ་པ་འདི་ནས་བལྟས་ན་བཙན་བྱོལ་བོད་གཞུང་གིས་ལམ་དབུ་མ་བརྒྱུད་ནས་གྲོས་མོལ་བྱ་དགོས་ན། གྲོས་མོལ་བྱེད་ས་དེ་པེ་ཅིན་གཞུང་མ་ཡིན་པར་ཐོག་མར་སོ་སོའི་མི་རིགས་ཆགས་ཡོད།

གསུམ། དེ་རིང་གི་རྒྱ་དམར་གཞུང་གིས་རྒྱ་མི་རིགས་ཁོ་རང་ཚོའི་དཀའ་ངལ་སེད་ཐུབ་ཀི་མེད་ཙང་། གཞུང་དེ་འདྲ་ཞིག་ལ་བོད་ཀྱི་གནད་དོན་སེལ་རྒྱུར་རེ་བ་བརྒྱབ་པ་ནི་རེ་སྟོང་རང་ཡིན་པ་དང་། ང་ཚོས་རྒྱ་དམར་གཞུང་དེ་སྲིད་དབང་སྒེར་གཅོད་པ་ཞིག་ཡིན་པ་ཤེས་གཞིན་དུ། རྒྱ་འོག་ནས་རང་སྐྱོང་དགོས་ལབ་པ་ནི་ངོ་བོར་ངེས་འཛིན་བྱེད་སྟབས་ཀྱི་ནོར་འཁྲུལ་རེད། ཅེས་སོགས་བཀོད་འདུག

མཇུག་ཏུ་ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་གཙོ་ཀྲུའུ་མའེ་ལིས་ལགས་ཀྱིས། ལོ་ངོ་བཅོ་ལྔའི་ཡར་སྔོན་དུ་ཁོ་མོ་དྷ་རམ་ས་ལར་བསླེབས་སྐབས་བཙན་བྱོལ་བོད་མི་ཚོ་རྡོག་རྩ་གཅིག་སྒྲིལ་ཡིན་ཡང་། དེང་སང་ལམ་དབུ་མ་དང་རང་བཙན་བར་འགྲན་རྩོད་ཀྱི་རྣམ་པ་ཤུགས་ཆེར་མངོན་བཞིན་པར་བློ་འཚབ་ཆེན་པོ་ཡོད་སྐོར་དང་། གསར་དུ་འདེམས་ཐོན་བྱུང་བའི་རྒྱུན་ལས་རྣམ་པས་མ་འོངས་པར་མནར་གཅོད་མྱོང་བཞིན་པའི་གཞིས་ལུས་བོད་མི་ཚོའི་ཚབ་མཚོན་བྱེད་ཐུབ་པ་ཞིག་དང་། ཁོང་ཚོར་བློ་ཕམ་མི་ཡོང་བ་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་བརྗོད་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 20

  1. གངས་ཕྲུག says:
    ལོ་ 12 སྔོན།

    དོགས་པ་ལྔ།
    ༡ ཚོགས་གཙོ་པ་སངས་ཚེ་རིང་ཆབ་སྲིད་བཙོན་པ་གང་འདྲ་ཟེར་ཆགས་པ་དོགས།
    ༢་ ཚོགས་གཙོ་གསར་པས་པའི་ལས་དོན་དྲང་བདེན་ཡོང་བར་དོགས།
    ༣ དགེ་རྒན་ནས་ཚོགས་གཙོར་ཡོང་བར་དམིགས་ཡུལ་ལ་དོགས།
    ༤ ཚོགས་གཙོ་གསར་པའི་ཁ་ཞེ་གཉིས་ལ་དོགས།
    ༥ སྐད་ཡིག་གཉིས་ཚད་ལྡན་ཞིག་ཡོད་པར་དོགས།

    Reply
  2. འདྲེ་མགོ་རྡོ། says:
    ལོ་ 12 སྔོན།

    ངས་རྩ་དོན་ཆབ་སྲིད་ཀྱི་སྤྱིའི་ཇུས་འདོན་པ་དང་སྣེ་ཁྲིད་པ་ང་ཚོའི་བཙོན་ཟུར་ཚོ་ཆགས་ཀྱི་མ་རེད་ཅེས་ཞུ་ཡི་ཡོད། བཙོན་ཟུར་ཚོ་ལར་ཞེན་དང་སེམས་ཤུགས་བླ་མེད་རེ་ཡོད་ནའང། ག་དུས་ཡིན་ནའང། མི་མང་བཅིངས་འགྲོལ་དམག་དང་དམར་སྲུང་དམག་མི་བཞིན་གདོང་འཆོང་པ་དང་འཐབ་མོ་བ་ཞེ་གཅིག་ཡིན་སྟབས། ཀྲུང་ནན་ཧའི་སྐུ་ཞབས་མའོ་ཙེ་ཏུང་གི་ལས་ཀ་དེ་རྩ་བ་ནས་ལས་ཐུབ་ཀི་མ་རེད། ལྷག་པར་ད་ཐེངས་ཀྱི་རྒྱུན་ལས་འདི་ཚོའི་ཁ་སྟབས་ལ་བལྟས་ན་དེ་བས་ཀྱང་གསལ་བོ་ཡིན་སྟབས། རྙོག་དྲ་མ་བཟོས་པར་འཚོ་སྣོན་རེ་བཙལ་འཚོལ་ཐུབ་ན་ཞེ་དྲག་ཡག་པོ་རེད། ཤ་ཚའི་གཏམ་ཡིན། སྙན་མོ་ཡོད་མདོག་མེད།།

    Reply
  3. གངས་ཕྲུག says:
    ལོ་ 12 སྔོན།

    མངའ་རིས་འཕྲིན་ལས་ལགས། བོད་མི་རྣམས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་རྩ་དོན་རྩོད་ན་དགའ་བ་ཡོད་དམ། ཡང་ན་མི་རེ་རེ་ལྟ་བ་རེ་རེ་བཟུང་ནས་རྩ་དོན་རྩོད་ན་ལེགས་པ་ཡོད་དམ། སྤྱི་ཚོགས་ནང་དཀྲུག་ཤན་གྱི་སྐད་དང་དོན་མེད་ཀྱི་ཚིག་འབྲུ་འགའ་ཤས་བྲིས་པ་འདིས་ང་ཚོར་འཕན་པ་ལས་གནོད་ཆེ་བ་ཡོད་པ་འདི་ཐུགས་ལ་འཇགས་ཏེ་རྗེས་སུ་རིག་པ་འདོན་པ་ཡིན།
    ཁྱེད་རང་འདི་རིག་པ་མ་རེད་འདུག བླུན་རྟགས་རེད་འདུག

    Reply
  4. སྣང་གསལ། says:
    ལོ་ 12 སྔོན།

    རྒྱུན་གསར་རྣམས་ལ་འཚམས་དྲིན་ཞུ་་་ཁྱེད་ཚོགས་པའི་ད་ནས་ལོ་ངོ་གསུམ་རིང་་་བོད་མིའི་བརྩ་དོན་ལ་འཕན་པའི་ལས་རྒུ་གང་མང་དཔེལ་ཐུབས་པའི་རེ་བ་ཡོད་་་་་། ཞར་ལ་་་མངའ་རིས་འཕྲིན་ལས་་་ནས་བཀའ་མོལ་གསུང་སྐབས་་་ཐུགས་འགན་ཆེ་ཙམ་ཞེས་རོག་་་མ་ཏོག་་་

    Reply
  5. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    རང་སྲོག་འབེན་ལ་བཞག་ནས་བོད་དང་མི་རིགས་ཀྱི་རྩ་དོན་འཐབ་རྩོད་གནང་མྱོང་མཁན་གྱི་བཙོན་ཟུར་ཚོགས་ཆུང་ལ་རྩ་དོན་ཆབ་སྲིད་དང་འབྲེལ་བའི་ལས་དོན་ནང་ཇུས་ཏོག་བྱེད་མི་དགོས་པར་བཤད་པ་ནི་ཅི་འདྲའི་ཡ་མ་ཚན་མ་རེད་པས། མ་གཞི་བཙན་བྱོལ་གྱི་གུང་ཁྲན་དང་ཆུ་ཚོད་གཅིག་གི་དུས་ཡུན་ཙམ་ཡང་གཤིབ་མྱོང་མེད་པའི་མི་བུ་ཡ་མ་བརླ་འདི་ཚོས་བོད་དང་བོད་མི་རིགས་ལ་བདེ་སྐྱིད་ཞིག་གྲུབ་རེ་རྨི་ལམ་ཚུན་ལ་ཡང་མེད། སྐབས་འཚོལ་རིང་ལུགས་པའི་སྲིད་དོན་ཚོང་པའི་ཤོག་ཁག་འདི་ཚོས་སོ་སོ་བདེ་ས་སྐྱིད་ས་ཞིག་དང་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་གསོལ་འགྲོན་ལ་ཕེབས་རྒྱུ་བྱུང་ན་གཞིས་ལུས་སྤུན་ཟླའི་འདུ་ཤེས་རྦད་དེ་བརྗེད་འགྲོ་བ་དེ་རེད། བྱས་རྗེས་ཅན་གྱི་བཙོན་ཟུར་དེ་ཚོ་བདག་མེད་ཁྱི་བཞིན་དུ་གཡུག་སྟངས་འདི་ལས་གསལ་པོ་ཤེས་ཀྱི་ཡོད།

    Reply
  6. བཀྲ་ཤིས་སྒྲོལ་མ། says:
    ལོ་ 12 སྔོན།

    སྐུ་ཞབས་འདྲེ་མགོ་མརྡོ་ལགས། སྐད་ཆ་བསམ་ནས་ཤོད། ཟ་མ་ལྡད་ནས་ཟོ། དངོས་གནས་ཡིན། ཀླུ་མཁར་གྱིས་རྒྱགས་གཏམ་ཡིན་ནམ་གང་ཤེས། འོན་ཀྱང་ཉིས་ཀྱིས་དངོས་གནས་རྒྱགས་གཏམ་རང་གསུང་འདུག དེ་འདྲ་གད་མོ་སློང་ཡ་མིན་ན་གསུང་མ་གནང་དང་། བོད་དོན་ཆབ་སྲིད་དང་འབྲེལ་བའི་ལས་འགན་ནི་ཆབ་སྲིད་དང་འབྲེལ་བའི་ཚོགས་པ་ཞིག་ལ་ཡོད་དང་ཡོད། ཨ་ཅང་ཅང་། སྤྱིར་བཏང་བོད་མི་སྤྱི་བོ་གནམ་བསྟན་ཆ་ཚང་ལ་འགན་ཡོད་ཡོད་པ་རེད། འདི་དབུས་བོད་མིས་སྒྲིག་འཛུག་ཁོ་ནས་སྒྲུབ་དགོས་པ་ཞིག་མ་རེད་ལ། བརྒྱ་ལ་ཡིན་པའི་དབང་དུ་བཏང་རུང་སྒྲིག་འཛུགས་ཀྱི་ནུས་པ་གཅིག་པོས་སྒྲུབ་མི་ནུས་པ་ཕར་བལྟས་ཚུར་གསལ་རང་རེད།

    ཉིད་ཀྱི་གསུངས་སྟངས་ལ་གཞིགས་ན་སྐུ་ཉིད་ཀྱང་ཆབ་སྲིད་བཙོན་ཟུར་ཚོར་གནང་བཞིན་པའི་གསོལ་རིས་ཀྱི་ཟ་སྐལ་མ་ཆད་མཁན་ཞིག་ཡིན་ཚོད་རེད་ལ། སྐུ་ཞབས་ཀླུ་མཁར་ལགས་ཀྱིས་ལོ་གསུམ་ལ་སྐུ་ངལ་བཀྱོན་ནས་ལག་གསོ་བྱས་ཤིང་མུག་ཁ་གསོས་པའི་དྲིན་ལན་གཞི་ནས་མཇལ་རྩིས་ཡོད་པ་འདྲ། བསམ་མེད་རང་རེད་འདུག

    Reply
  7. འདྲེ་མགོ་རྡོ། says:
    ལོ་ 12 སྔོན།

    ཚོགས་པ་ཆུང་ངུ་འདི་རྣམས་ལ་རྩ་དོན་ཆབ་སྲིད་དང་འབྲེལ་བའི་ལས་དོན་ནང་ཇུས་གཏོགས་ཞེ་དྲག་ཡོད་པ་མ་རེད་ལ། གནང་ཡང་དགོས་པ་མ་རེད། གཙོ་བོ། བཙོན་ཟུར་ཚོར་གཞུང་གི་གཟིགས་སྐྱོང་གནང་བཞིན་པ་དེའི་ཁར་འཚོ་སྣོན་ཆད་མེད་ཅིག་བཙལ་འཚོལ་ཐུབ་ན་དེས་འགྲིག་གི་རེད།

    ཀླུ་མཁར་ཟེར་བ་དེའི་རྒྱགས་གཏམ་ལ་ཡ་བྱེད་དགོས་པ་མ་རེད། བདག་པོ་མེད་དུས་མི་དང་ཁྱི་གཉིས་ཀས་སྡུག་སྐད་རྒྱག་པ་ཆོས་ཉིད་ཡིན་ཙང་ལན་ལྡོན་རིན་མ་མཐོང།

    Reply
  8. བཀྲ་ཤིས་སྒྲོལ་མ། says:
    ལོ་ 12 སྔོན།

    སྐུ་ཞབས་ཆབ་བྲག་ལྷ་མོ་སྐྱབས་ལགས། ཉིད་ཀྱིས་འདི་རུ་སྐུ་ཞབས་ཀླུ་མཁར་བྱམས་ཀྱིས་དགོངས་ཚུལ་ལ་བསམ་ཚུལ་བཏོན་པ་དང་ཟུར་ཟ་བྱས་པའི་གུ་དོགས་དང་། གང་ཟག་སྒེར་ལ་མ་དགའ་ཁྲག་དོགས་ཀྱི་ཞབས་མཆན་བརྒྱབ་པ་དེར། དཀར་པོ་ནག་འདེད་ཀྱིས་ལན་འདེབས་ཤིག་བྱེད་དགོས་མཐོང་ཡང་། དེ་རིང་དུས་ཁོམ་མེད་པས་དུས་ཀྱི་ཁོམ་པའི་བར་གསེང་ཞིག་ལ་ངེས་པར་ལན་འདེབས་བྱེད་ངེས་ཡིན།།

    Reply
  9. གནས་ཚང་། says:
    ལོ་ 12 སྔོན།

    རྒྱ་ནག་གི་རྩ་ཁྲིམས་ནི་རྩ་བའི་རྩ་དོན་བཞིའི་བདག་ཉིད་ཅན་ཞིག་རེད། གཏན་འཁེལ་ཁག་ཇི་འདྲའི་སྙན་པོ་དང་ཡག་པོ་ཡོད་ནའང་། མཐའ་མའི་འབབ་ས་ནི། ༡ སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ངེས་པར་དུ་བརྩི་སྲུང་བྱེད་དགོས་པ། ༢ འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་སྤྱོད་ངེས་པར་དུ་རྒྱུན་བསྲིངས་དགོས་པ། ༣ ངེས་པར་དུ་དམར་ཤོག་ཚོགས་པའི་དབུ་ཁྲིད་རྒྱུན་སྐྱོང་བྱེད་དགོས་པ། ༤ མར་ལེ་གཞུང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ་ངེས་པར་དུ་རྒྱུན་སྲུང་བྱེད་དགོས།

    Reply
  10. གནས་ཚང་། says:
    ལོ་ 12 སྔོན།

    གལ་སྲིད་རྒྱ་དམར་རྩ་ཁྲིམས་ནང་རེག་རྒྱུ་ཞིག་ཡོད་ན། རྒྱ་མི་རིགས་ཀྱིས་མང་གཙོ་རྩོད་ཀྱི་མ་རེད་ལ། བོད་མི་རྣམས་མེའང་བསྲེག་གི་མ་རེད། འདིའང་རྟེན་འབྲེལ་རང་བཞིན་གྱི་གནད་དོན་ཞིག་རེད།

    Reply
  11. གནས་ཚང་། says:
    ལོ་ 12 སྔོན།

    ཆབ་བྲག་འདིས་ག་རེ་གསུངས་བསམ་གྱི་ཡོག་རེད། མཚམས་མཚམས་རྒྱ་ནག་ལ་མང་གཙོ་ཡོད་པ་འདྲ་བོ་དང་། ཡང་མཚམས་མཚམས་མང་གཙོ་མེད་པ་འདྲ་བོ་གསུངས་ཤག དོན་ངོ་མར་བཤད་ན། སྔར་བཙན་བྱོལ་བོད་གཞུང་གི་མཚན་གནས་རྒྱུན་སྐྱོང་སྐབས། བོད་ཀྱི་སྐུ་ཚབ་ལྟ་བུར་གོ་ཆོག་རུང་། ད་ལྟ་རྡ་ས་རང་ངོས་ནས་མེད་པར་བཟོས་ཡོག་རེད། ད་ཚར་སོང་བ་རེད། ཡང་ཅིག་བཤད་ན། དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གིས་ཁ་བྲལ་བར་རྒོལ་བའི་སྡུག་ཅིག་རེད།

    Reply
  12. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    མདོར་ན། གཅིག་ནས་ཀྲུང་གོའི་རྩ་ཁྲིམས་དེ་ལག་ལེན་ཇི་བཞིན་གནང་ན་དེའི་ངོ་བོ་ནི་དམངས་གཙོ་ཡིན། དེ་བས་འགྲོ་བ་མིའི་ཐོབ་ཐང་དང་མི་རིགས་རང་སྐྱོང་གང་ཐད་ནས་ཁེ་དབང་གང་ལེགས་རེ་འཐོབ་རྒྱུ་ཡོད།
    གཉིས་ནས། བཙན་བྱལ་བོད་གཞུང་དམངས་འདི་ལོ་རྒྱུས་རང་བཞིན་ལྡན་ལ་གཞིས་ལུས་མི་དམངས་ཀྱིས་དགའ་གུས་གནང་བཞིན་པའི་གཞུང་ཞིག་ཡིན་པས་འདིར་གནས་སྐབས་རིང་ལ་བོད་གཞིས་ལུས་མི་དམངས་ཀྱི་ཚབ་མཚོན་གནང་ཐུབ་པའི་དབང་ཚད་ངོ་མ་དེ་ཡོད།
    གསུམ་ནས་ང་ཚོས་ནམ་ཡང་ཀྲིམས་ལུགས་ལྟར་གྱི་ཁེ་བདང་དག་བརྩད་ན་གནས་སྐབས་ཀྱི་ཁེ་དབང་གང་ཞིག་རག་ཐུབ་པ་དང་འབྱུང་འགྱུར་གྱི་གནས་བབ་ལ་ཡང་དེ་བཞིན་འགྱུར་བ་འགྲོ་ཐུབ་པ་ཞིག་ཡིན་པས་བཙན་བྱོལ་བོད་གཞུད་འདིས་བོད་ཀྱི་སྐུ་ཚབ་ཐུབ་མིན་ལ་དོགས་སློང་དང་ལམ་དབུ་མ་འདི་མང་མོས་མེད་པ་དང་ཁྲིམས་འགལ་རང་བཞིན་ཞིག་ཡིན་པར་བསམ་ན་ངོ་མ་ནོར་འཁྲུལ་ཆེན་པོ་ཞིག་རེད་ཅེས་ལན་འདེབས་རགས་པ་ཙམ་མོ།

    Reply
  13. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    དོན་ཚན་གསུམ་པ་ཡང་བདེན་པ་མ་རེད།
    ང་ཚོས་ད་ལྟའི་བོད་ཀྱི་གནས་བབ་འདི་ད་ལྟའི་ཀྲུང་གོའི་རྩ་ཁྲིམས་འདི་གཞིར་བཟུང་ནས་རྩོད་ཀྱིན་ཡོད་པ་ལས། ནམ་ཡིན་ཡང་རྒྱ་འོག་ཏུ་འདུག་གི་ཡིན་ཞེས་ག་པར་བྲིས་འདུག
    ལྷག་པར་དུ་ཡང་རྒྱ་འོག་གམ། ཡང་ན་རྒྱ་གཞུང་གི་འོག་ཏུ་འདུག་རྒྱུ་ཟེར་བ་དང། རྩ་ཁྲིམས་འོག་གི་ཐོབ་ཐང་རྩོད་པ་གཉིས་ལ་ཁྱད་པར་གནམ་དང་ས་རེད།
    མ་གཞི་མཐའ་མ་བོད་འདི་རྒྱ་ཡི་འོག་ཏུ་འཇུག གསུངས་པ་ལྟར་བཅུག་ཚར་བ་རེད། མུ་མཐུད་སྡོད་དགོས་ཀྱང་སྲིད་མོད། ང་ཚོས་འདི་འདྲ་དྲན་གི་ཡོད་མ་རེད་ལབ་གི་མེད། རྩ་ཁྲིམས་འོག་ན་འཐོབ་འོས་པའི་ཐོབ་ཐང་ཞིག་ཡོད་ན་དེ་རྩོད་འོས་པ་དང་དགོས་པ་ཞིག་རེད། གལ་ཏེ་ཀྲུང་གོ་ལ་འགྱུར་བ་ཆེན་པོ་སོང་ན་རྩ་ཁྲིམས་ལ་ཡང་འགྱུར་བ་འགྲོ་གི་རེད། དེའི་མཚུངས་ང་ཚོར་རྩ་ཁྲིམས་རང་བཞིན་གྱི་ཐོབ་ཐང་ཞིག་རག དེ་བས་ཁྱད་པར་ཆེན་པོ་ཡོད།

    Reply
  14. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    “རིམ་པ་འདི་ནས་བལྟས་ན་བཙན་བྱོལ་བོད་གཞུང་གིས་ལམ་དབུ་མ་བརྒྱུད་ནས་གྲོས་མོལ་བྱ་དགོས་ན། གྲོས་མོལ་བྱེད་ས་དེ་པེ་ཅིན་གཞུང་མ་ཡིན་པར་ཐོག་མར་སོ་སོའི་མི་རིགས་ཆགས་ཡོད། ” ཟེར། ཁྱོད་ཀྱིས་དབུ་མའི་ལམ་དེ་ཐོག་མར་ཇི་ལྟར་བྱུང་ཚུལ་ནས་ད་ལྟ་ཚད་གཞི་གང་འདྲ་ཞིག་ལ་སླེབས་ཡོད་པའི་བརྒྱུད་རིམ་དག་མ་ཤེས་པ་ག་ལ་ཡིན། བཙན་བྱོལ་བོད་མིའི་ནང་ན་དབུ་མའི་ལམ་ལ་མོས་མཐུན་མེད་མཁན་ཐོག་མཐའ་བར་གསུམ་དུ་བྱུང་ཡོད་ལ། འོས་འདེམས་དང་ཚོགས་ཆེན་ཡང་གང་མང་ཚོགས་པ་རེད། ཁྱོད་རང་ལ་ད་དུང་ཐེ་ཚོམ་ཡོད་ན། གཞོན་ནུ་ཚོགས་པ་དང་བོད་རྒྱལ་ཡོངས་རང་བཙན་ཚོགས་པ་ཟེར་བ་དག་གིས་མི་དམངས་ཁྲོད་དུ་འོས་འདེམས་ལས་འགུལ་གསར་བ་སྤེལ་ན་འགྲིག་གི་རེད། དགའ་བསུ་ཡོད།

    Reply
  15. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    དོན་ཚན་གཉིས་པ་དེ། ཧ་ཅང་ཚབས་ཆེན་རེད།
    བོད་མི་རིགས་དེ་རྒྱ་འོག་ནས་སྡོད་དང་མི་སྡོད་ཀྱི་དབང་ཚད་དེ་གཞིས་ལུས་མི་དམངས་ལ་ཡོད་པ་ལས་བཙན་བྱོལ་གཞུང་དམངས་ལ་མེད་ཟེར་བ་འདི་རེད། འདི་རྒྱ་ནག་སྲིད་གཞུང་གིས་བཙན་བྱོལ་བོད་གཞུད་དམངས་ལ་ལབ་ཀྱིན་ཡོད་པ་དེ་རང་རེད།
    ༡༽ མི་རིགས་ཀྱི་རྩ་དོན་དེ་མི་རིགས་ཀྱི་མང་མོས་ཐག་གཅོད་དགོས་པ་དེ་ལམ་ཡང་དག་པ་ཡིན་པ་ལོས་བདེན། ཡིན་ཡང་བོད་མི་རིགས་ལ་རང་དབང་དེ་རག་གི་མེད་པ་རེད། དམངས་གཙོ་མེད་པས་རག་གི་མེད་པ་རེད། དེ་རག་གི་ཡོད་ན་ཉི་མ་གསུམ་གྱི་ནང་ནས་གཙང་ཐག་ཆོད་འགྲོ་བ་ཞིག་རེད།
    གཉིས་ནས་བཙན་བྱོལ་གཞུང་དམངས་འདི་ལོ་རྒྱུས་རང་བཞིན་ཅན་གྱི་བོད་ཀྱི་སྲིད་གཞུང་དེ་ཆགས་ཡོད་པ་ལས་དེ་དང་འབྲེལ་མེད་གསར་བཙུགས་ཤིག་མ་རེད། ལྷག་པར་དུ་ཡང་བོད་གཞིས་ལུས་མི་དམངས་ཀྱིས་ཡིད་ཆེས་དང་དད་བཀུར་ཞུ་ས་ཞིག་ཆགས་ཡོད་པ་ལས་མོས་མཐུན་མེད་པ་ཞིག་ཆགས་མེད། དེ་བས་ཏཱ་ལའི་བླ་མས་གཙོས་པའི་བོད་གཞུང་འདི་གཞིས་ལུས་མི་དམངས་ཀྱི་སྐུ་ཚན་ངོ་མ་དེ་ཆགས་ཡོད། ང་ཚོས་རང་བཙན་བསྐྱར་གསོ་དང་དབུ་མའི་ལམ་གཉིས་ལས་གང་ཞིག་གཞིས་ལུས་མི་དམངས་ཀྱི་མང་མོས་ཐོབ་རེ་ཡོད་མེད་དེ་ཕར་བཞག་ནས། ཆེས་གསལ་ཐག་ཆོད་པའི་མངོན་འདོད་གཅིག་རང་མཐོང་ཐུབ་པ་ནི་༸རྒྱལ་བ་རིན་པོ་ཆེ་ཕྱིར་ཕེབས་རྒྱུ་དང་བོད་ལ་རང་དབང་དགོས་ཟེར་བ་དེ་རང་རེད། འདི་ཁས་ལོས་ལེན། འོ་ན་ང་ཚོས་བོད་རང་བཙན་དང་དབུ་མའི་ལམ་དག་དོར་ནས་༸གོང་ས་མཆོག་ཕར་ཕེབས་ཐབས་གཅིག་པུའི་ལས་ཀ་ཞིག་བྱས་ན་ཆོག་སྟེ། གཞིས་ལུས་མི་དམངས་ཀྱི་མངོན་འདོད་གསལ་ཐག་ཡོད་པ་དེ་ཡིན་པས་སོ།

    Reply
  16. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    རྩ་ཁྲིམས་དང་བཅའ་ཁྲིམས་ཚང་མ་དམངས་གཙོའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་མཐུན་པར་བཟོས་ཡོད་པས་མི་རིགས་རང་སྐྱོང་གི་ལམ་ལུགས་དེ་ཡང་མང་མོས་འོས་འདེམས་ཀྱི་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་དགོས་པ་ཞིག་རེད། དེས་ན་ང་ཚོས་རང་སྐྱོང་རྩོད་ཚུལ་ལ་དམངས་གཙོ་རྩོད་མི་འོས་པའམ་མི་དགོས་པ་ཞིག་ཇི་ལྟར་ཆགས་སྲིད་དམ།

    Reply
  17. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    ༡༽ ཀྲུང་གོའི་རྩ་ཁྲིམས་ཀྱི་དོན་ཚན་༡༣༨ རེ་རེ་བཞིན་བལྟས་པ་ཡིན་ན་དགག་དགོས་པའི་དོན་ཚན་ཧ་ཅང་ཉུང། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་གཞིར་བཞག་གི་རྩ་ཁྲིམས་ཤིག་ཡིན་པས། རྩ་ཁྲིམས་ཀྱི་རྩ་བའི་རང་བཞིན་གྱི་ངོས་ནས་དམངས་གཙོ་དང་མི་མཐུན་པའི་དགག་བྱ་ཅི་ཞིག་ཡོད་དམ། རྩ་ཁྲིམས་འདི་དམར་ཤོག་གཞུང་གི་དགོས་མཁོ་ཁོ་ནར་བལྟས་པའི་བཅས་ཁྲིམས་ཤིག་ཡིན་པར་འདོད་ན་ནོར་འཁྲུལ་རེད།
    དམངས་གཙོའི་ཀ་བ་གསུམ་པོ་ནི་ཀྲུང་གོ་ལ་ཡང་ཚང། གྲོས་ཚོགས་ནི་རྒྱལ་ཁབ་ཀྱི་ཆེས་མཐའི་དབང་འཛིན་ལས་ཁུངས་ཀྱང་རེད། རྩ་ཁྲིམས་བཟོ་མཁན་ཡིན་ལ་དེ་བཞིན་འཛིན་སྐྱོང་སྡེ་ཚན་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གཉིས་ཀྱང་གྲོས་ཚོགས་བརྒྱུད་དེ་ཡོང་དགོས།

    Reply
  18. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    ཀླུ་མཁར་བྱམས་ལགས་ཀྱི་བློ་མ་བདེ་བ་ཁག་མི་འདུག གཤམ་གསལ་བསམ་ཚུལ་གསུམ་གྱིས་ཁོ་དང་ཁོ་ལྟ་བུ་མང་པོ་ཞིག་བློ་མ་བདེ་བ་ཡིན་ན་ངོ་མ་ཁག་མི་འདུག འོག་གི་གནད་དོན་གསུམ་པོའི་ཐད་ལ་ལན་གནང་མཁན་མེད་པ་འདྲ།
    “གཅིག ལམ་དབུ་མའི་སྲིད་བྱུས་ཀྱི་ཁྲིམས་སྒྲིག་གི་གཞི་འཛིན་ས་ ༼ ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས ༽ ཟེར་བ་དེ་ཡིན་སྟབས། ཁྲིམས་ལུགས་དེ་ནི་རྒྱ་ནག་དམར་ཤོག་གཞུང་གི་སྲིད་དབང་སྒེར་གཅོད་ཀྱི་དགོས་མཁོར་བསྟུན་ཏེ་བཟོས་པ་ཞིག་ལས། རྒྱ་ནག་སྤྱི་འབངས་ཀྱི་མངོན་འདོད་ལྟར་བཟོས་པ་ཞིག་མིན་སྟབས། ང་ཚོས་དེ་ལྟར་ཁས་ལེན་བྱས་ཚེ་ཆབ་སྲིད་ཀྱི་ཀུན་སྤྱོད་ཐད་ནས་སྒེར་གཅོད་པར་རྒྱབ་སྐྱོར་བྱས་པའི་ཉེས་སྐྱོན་ཡོད་པ་དང་། ཁྲིམས་ལུགས་དེ་རང་གཞིར་བཞག་ནས་ཕྱིན་ཚེ་མིའི་རིགས་ཀྱི་རང་དབང་དང་དམངས་གཙོའི་མངོན་འདོད་ཡང་བཤད་ས་མེད་སྟབས། ཉེར་ཆར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ང་ཚོས་བཀའ་ཤག་སྐབས་སྔོན་མས་ཕར་སྤྲད་པའི་ ༼ རང་སྐྱོང་མངོན་འདོད་ཀྱི་བསམ་འཆར་ཡིག་ཆ ༽ ནང་དོན་ལྟར་དམངས་གཙོ་རྩོད་ཀྱི་མེད། དེའི་ནང་རང་དབང་དང་དམངས་གཙོ་དགོས་སྐོར་འཁོད་ཡོད་པ་མ་རེད་ཅེས་བརྗོད་དགོས་པའི་གནས་སྟངས་ཐབས་སྐྱོ་བ་དེར་ཐུག་པ་ལྟ་བུ་རེད།
    གཉིས། དངོས་ནས་བཤད་ན་བོད་མི་རིགས་འདི་རྒྱ་འོག་ནས་འདུག་དང་མི་འདུག་གི་མཐའ་མས་ཐག་གཅོད་ནི། དེང་གི་རྒྱལ་སྤྱིའི་ཁྲིམས་སྒྲིག་གི་འགྲོ་སྟངས་ལྟར་གཞིས་ལུས་བོད་འབངས་ས་ཡ་དྲུག་ལྷག་ཡོད་པ་དེ་ཚོས་རང་ཐག་རང་གཅོད་ཀྱི་ལམ་ཁ་བརྒྱུད་ནས་ཐག་གཅོད་དགོས་པ་ཞིག་ལས། བཙན་བྱོལ་བ་མི་གྲངས་འབུམ་གཅིག་ལྷག་གིས་ཐག་གཅོད་རུང་བ་ཞིག་མིན་སྟབས། འདི་ནས་ལམ་དབུ་མར་འགྲོ་རྒྱུ་ཡིན་ཟེར་ནས་སྐད་ཤུགས་ག་ཚོད་བརྒྱབ་ཀྱང་། དེ་ནི་ཐག་གཅོད་རང་བཞིན་གྱི་གནད་དོན་ཞིག་ཆགས་མེད་ལ། རིམ་པ་འདི་ནས་བལྟས་ན་བཙན་བྱོལ་བོད་གཞུང་གིས་ལམ་དབུ་མ་བརྒྱུད་ནས་གྲོས་མོལ་བྱ་དགོས་ན། གྲོས་མོལ་བྱེད་ས་དེ་པེ་ཅིན་གཞུང་མ་ཡིན་པར་ཐོག་མར་སོ་སོའི་མི་རིགས་ཆགས་ཡོད།
    གསུམ། དེ་རིང་གི་རྒྱ་དམར་གཞུང་གིས་རྒྱ་མི་རིགས་ཁོ་རང་ཚོའི་དཀའ་ངལ་སེད་ཐུབ་ཀི་མེད་ཙང་། གཞུང་དེ་འདྲ་ཞིག་ལ་བོད་ཀྱི་གནད་དོན་སེལ་རྒྱུར་རེ་བ་བརྒྱབ་པ་ནི་རེ་སྟོང་རང་ཡིན་པ་དང་། ང་ཚོས་རྒྱ་དམར་གཞུང་དེ་སྲིད་དབང་སྒེར་གཅོད་པ་ཞིག་ཡིན་པ་ཤེས་གཞིན་དུ། རྒྱ་འོག་ནས་རང་སྐྱོང་དགོས་ལབ་པ་ནི་ངོ་བོར་ངེས་འཛིན་བྱེད་སྟབས་ཀྱི་ནོར་འཁྲུལ་རེད། ཅེས་སོགས་བཀོད་འདུག”

    Reply
  19. མངའ་རིས་འཕྲིན་ལས། says:
    ལོ་ 12 སྔོན།

    ཀླུ་མཁར་འཇམ་ལགས་ཀྱི་གསལ་བཤད་གནད་ལ་སྨིན་པ་དོན་ལ་གནས་པ་ཞིག་གནང་འདུག་པས་དགའ་བསུ་ཞུ་རྒྱུ་ཡིན། གང་ལྟར་ད་ནི་བཟུང་དགུ་བཅུ་གསུམ་ནི་མིང་ཙམ་ལས་བོད་མི་རིགས་པ་ཕན་པའི་ཚོགས་པ་ཞིག་གཏན་ནས་ཡོང་རེ་མེད། ལས་ཁུངས་སྒོ་རྒྱབ་བཞག་ན་ཡག་ཤོས་རེད། རྒྱ་ནག་གཞུང་ལ་རོགས་རམ་ངོ་དགའ་སྤྲེལ་ལད། དགྲ་དགའ་གཉེན་སྡུག་བྱེད་མཁན་ཚོགས་པ་མང་མ་དྲག་ན་ཉུང་དྲག་མེད།

    Reply
  20. ལི་ཐང་བསོད་ནམས། says:
    ལོ་ 12 སྔོན།

    ཁ་སང་ཐོག་མ་དགུ་བཅུ་གསུམ་དབུ་མའི་ལམ་ལ་བསྒྱུར་འདུག་ཅེས་དུས་བབ་ཀྱི་གསར་འགོད་པའི་དྲི་བར་ཚོགས་གཞོན་ཀླུ་མཁར་བྱམས་ཀྱིས་ལན་འདེབས་གནང་བ་དེ་མཐོང་སྐབས། མི་ཉམས་མྱོང་དང་བསམ་བློ་ཡོད་མཁན་དེ་གལ་གནད་ལ་ཐུག་ཡོང་དུས་མ་འདྲ་བ་ཞིག་འདུག མི་མང་གི་མངོན་འདོད་ལ་གོང་བཀུར་དང་དམངས་གཙོའི་འདུ་ཤེས་གཏིང་ཟབ་མོ་འདུག་བསམ་སོང་མོད། དེ་རིང་ཆེས་མཐའ་མཇུག་གི་གོ་སྐབས་བེད་སྤྱད་དེ་རྩེ་དང་སྣེ་མེད་པའི་བཀའ་མོལ་གནང་སྟངས་འདིས་ཡིད་ཐང་ཆད་དུ་བཅུག་སོང་། མདོ་བསྡུས་ན། ཀླུ་མཁར་བྱམས་ཀྱིས་རྒྱུན་ལས་གསར་པ་ཚོར་མགོ་བསྐོར་བཏང་སྟེ་ཆེས་མཐའ་མཇུག་གི་གསར་འགོད་གསལ་བསྒྲགས་ཀྱི་སྡིངས་ཆ་བེད་སྤྱོད་བཏང་སྟེ་ཁོ་རང་མ་འདྲ་བ་ཞིག་ཏུ་མཐོང་ཐབས་དང་། སེམས་ཀྱི་མི་དགའ་ས་དེ་སྤྱི་ཚོགས་ནང་འདོན་ཐབས་བྱས་ཏེ་དམངས་གཙོ་ལ་རྡོག་རོལ་དང་ཚོགས་པའི་བསམ་འདུན་ལ་རྡོག་རོལ། མཐའ་ན་ཚོགས་པ་གཅིག་གི་ཚོགས་མི་རྒྱུན་ལས་གསར་པ་ཚོར་ཡང་ནག་པོ་དང་མ་འོངས་པར་ལས་དོན་བྱེད་པར་དཀའ་ངལ་འཕྲད་པ་ཞིག་བཟོས་སོང་། ངོ་མ་ཡག་པོ་མ་རེད། དངོས་གནས་བྱས་ན་སྐབས་དྲུག་པའི་རྒྱུན་ལས་གསར་པ་ཚོའི་ངོས་ནས་ཡང་བསྐྱར་གསལ་བཤད་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་རྒྱུ་ཧ་ཅང་གལ་ཆེན་ཆགས་ཡོད་པ་རེད་དྲན་གྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese