མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མུ་མཐུད་འཛིན་བཟུང་དམ་དྲག

བོད་ཀྱི་དུས་བབ།
༢༠༡༣/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp

ནག་ཆུ་འབྲི་རུ་རྫོང་ཤག་ཆུ་ཞང་གི་བསྟན་འཛིན་རང་གྲོལ་རྒྱ་གཞུང་གིས་འཛིན་བཟུང་བྱས་རྗེས་ས་གནས་མི་མང་བརྒྱ་ཕྲག་མང་པོས་ཞང་སྲིད་གཞུང་སྒོ་ཁར་ངོ་རྒོལ་སྐད་འབོད་གནང་འདུག

གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཟླ་འདིའི་ཚེས་ ༡༨ ཉིན།  ཁམས་འབྲི་རུ་རྫོང་ཤག་ཆུ་ཞང་གྲོང་ཚོ་བཞི་པའི་རང་ལོ་ ༣༤ ཡིན་པའི་བསྟན་འཛིན་རང་གྲོལ་ལགས་གློ་བུར་དུ་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་ཆགས་ཡོད་པ་འདུག

ཚེས ༡༩ ཉིན་དགོ་ཆུ་ནས་ཡིན་པའི་མི་མང་ ༤༠ ཙམ་གྱིས་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་སྲིད་གཞུང་སྒོ་འགྲམ་དུ་བསྟན་འཛིན་རང་གྲོལ་ཀློད་གྲོལ་གཏོང་དགོས་པའི་སྐད་འབོད་གནང་ཡོད་པ་དང་། དེའི་རྗེས་གྲོང་ཚོ་ལྔ་ཙམ་གྱི་མི་བརྒྱ་ཕྲག་བརྒལ་བས་གོང་མཚུངས་ལྟར། བདེན་པ་དང་གནས་ལུགས་གང་ཡང་བཤད་ས་མེད་པར། ཁྲིམས་འགལ་ཡིན་ཚུལ་བཤད་དེ་མ་ཉེས་ཁ་གཡོགས་མ་བྱེད་རོགས། གང་བྱུང་དུ་མི་མང་ལ་དཀའ་ངལ་མི་སྤྲོད་པའི་རེ་བ་ཡོད། ང་ཚོར་ཁ་བྲལ་བྱེད་མི་རུང་ཟེར་ཡང་། དོན་ངོ་མར་དྲང་བདེན་མིན་པའི་ཁྲིམས་ལུགས་དང་དབང་ཆ་སྒེར་སྤྱོད་ཀྱིས་སྲིད་གཞུང་དང་མི་དམངས་བར་ཁ་བྲལ་གཏོང་གི་འདུག ང་ཚོ་འདིར་ཅ་དངོས་ཉོ་རུ་ཡོང་བ་མིན་ལ། རྔན་པ་ལེན་དུ་ཡོང་བའང་མིན། ང་ཚོས་འདིར་སྲིད་གཞུང་གིས་ཁྲིམས་དྲང་བདེན་སྐྱོང་རོགས་ཞེས་འབོད་སྐུལ་ཞུ་རུ་ཡོང་བ་ཡིན་ཞེས་སོགས་ཀྱི་སྐད་འབོད་བརྒྱབ་ཡོད་འདུག

ཁ་སང་ཚེས་  ༢༠ ཉིན་གྱི་དགོང་མོར། འབྲི་རུ་རྫོང་སྲིད་གཞུང་གི་མགོ་ཁྲིད་ཁ་ཤས་བསླེབས་ཏེ། ཁྱོད་ཚོ་སྒོ་ང་བྲག་ལ་བརྡབ་མཁན་དང་གཅིག་པ་རེད། ང་ཚོས་ལྔ་བཅུ་ང་དགུ་དང་དྲུག་ཅུ་རེ་དགུ་ལྟ་བུ་ཞིག་བཟོ་རྒྱུ་ཡིན་ཞེས་གདོང་ལ་མཛུབ་མོ་བཙུགས་ཏེ་སྡིགས་ར་གཏོང་བཞིན་ས་གནས་བོད་མི་ ༡༠ ཙམ་འཛིན་བཟུང་བྱས་ཡོད་འདུག དེ་དག་ནི་ཞོ་དར། རྡོར་རྒྱལ་ལྷ་མོ། སྐལ་བཟང་རྣམ་གྲོལ། སྨན་རྒྱལ། བཟང་མོའི་བུ་སོགས་ཡིན་འདུག དེ་ནས་མི་དེ་དག་རེ་རེ་བཞིན་མཛུབ་ཐེལ་རྒྱག་ཏུ་བཅུག་རྗེས་བཏང་ཡོད་འདུག

དམག་མི་ཧ་ཅང་མང་པོ་འབྱོར་ཏེ་ཚྭ་ལུང་མདོ་སོགས་འབྲོག་པའི་མི་གཅིག་ཀྱང་ཤག་ཆུ་ཤང་སོགས་སུ་ཡར་མར་འགྲོ་སྐྱོད་བྱེད་འཇུག་གི་མེད་པར་བཀག་འགོག་སྡོམ་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

ཆུ་ཚོད་ ༣ སྔོན་ལ།
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢

མཆན། 3

  1. འཇའ་ཐང་འབྲོག་བུ། says:
    ལོ་ 12 སྔོན།

    རྒྱ་མིས་ང་ཚོ་བོད་པ་ལ་བཙན་གནོན་བྱེད་པ་མང་དྲགས་ཡོད།

    Reply
  2. འཇམ་གཅེས ། says:
    ལོ་ 12 སྔོན།

    འབྲི་རི་མི་མང་གི་དཀའ་སྡུག་མྱོང་ནས་ཟླ་བ་གཅིག་ལྷག་འགྲོ་ཟིན་ན་ཡང་ད་དུང་རྒྱལ་སྤྱིའི་ནང་དུ་དེ་ཙམ་དག་སྣང་ཆེན་པོ་བྱེད་ཀྱིན་མེད་པས་གནས་སྟངས་འདི་ལ་བསམ་ཚེ་ང་ཚོས་གཞན་ལ་རེ་བ་ག་ཚོད་བཅངས་ཡང་མཇའ་མཚོན་སྟོང་པ་ལ་ལག་པས་རེ་འདོད་ལྟ་བུ་ལས་གང་ཡང་མེད་ཚོད་གདའ་བས་ད་ནི་ཐབས་ལ་མཁས་པའི་སྒོ་ནས་བོད་པ་ཚོས་སོ་སོའི་གཅེས་སྲོག་ལ་བསྲུང་སྐྱོབ་གལ་ཆེར་འཛིན་དགོས་པ་སྣང་།

    Reply
  3. ཉི་མ་རྒྱལ། says:
    ལོ་ 12 སྔོན།

    ད་བོད་མི་ཚོ་ལ་མཐོང་ཆུང་བྱེད་ཡ་མང་དྲགས་ན། ཉིན་ཞིག་རྒྱ་གཞུང་ལ་ལས་འབྲས་ཞིག་འཁོར་བ་གདོན་མི་ཟའོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese