མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནས་ཚུལ་འདིའི་རིགས་ང་ཚོའི་ཁྲིམས་ཁང་གི་ལག་བསྟར་བྱ་རྒྱུའི་རིགས་མ་རེད།

བོད་ཀྱི་དུས་བབ།
༢༠༡༣/༡༠/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་པ་ནི་པ་ཏི་སྤོས་བཟོ་སྡེ་ཚན་གྱི་འགན་འཛིན་རྟ་མགྲིན་ཚེ་རིང་ལགས་ཀྱིས་ངྷ་ས་དབུས་སྨན་རྩིས་ཁང་གི་འགན་འཛིན་དང་དྲུང་ཆེ་འབྲེལ་མཐུད་པ་གསུམ་ཁྲིམས་གཏུག་བྱས་པ་དེའི་ཐད། དབུས་སྨན་རྩིས་ཁང་གིས་རྟ་མགྲིན་ཚེ་རིང་ལ་ཁེ་ཕན་ཡོད་པའི་དངུལ་གྱི་འདེམས་ཀ་ཞིག་སྤྲོད་རྒྱུ་དང་། གལ་སྲིད་དེ་ལ་ངོས་ལེན་མ་བྱས་ཚེ་རྟ་མགྲིན་ཚེ་རིང་དང་ལྐོག་ཟ་བར་རྒྱབ་སྐྱོར་གནང་མཁན་གྱི་ཁྲིམས་རྩོད་པ་ཚེ་བརྟན་ནོར་བུ་གཉིས་རིང་མིན་རྒྱ་གར་ཁྲིམས་ཁང་ལ་ཁྲིམས་གཏུག་བྱ་རྒྱུ་ཡིན་ཟེར།

རྒྱ་གར་བྱང་ཕྱོགས་ལྡེ་ར་རྡུན་དུ་ཡོད་པའི་དབུས་སྨན་རྩིས་ཁང་གི་ཁྱབ་ཁོངས་པ་ཏི་སྤོས་བཟོ་སྡེ་ཚན་གྱིས་རྩིས་ཁྲ་གསལ་བོ་ཆགས་མིན་གྱི་གནས་ཚུལ་ཞིག་གི་འོག དབུས་སྨན་རྩིས་ཁང་གིས་སྤོས་བཟོ་སྡེ་ཚན་གྱི་འགན་འཛིན་རྟ་མགྲིན་ཚེ་རིང་ལགས་སུ་ཉེས་ཆད་བཅད་དེ། ངན་པ་ལག་སྦྲེལ་ཐོག་གཞུང་གནོད་སྒེར་ཕན་རྩིས་ཁྲ་སྦས་སྐུང་རྫུན་བཟོ་བྱས་ཚུལ་སོགས་བརྗོད་ཡོད་སྟབས། རྟ་མགྲིན་ཚེ་རིང་ལགས་ཀྱིས་སྨན་རྩིས་ཁང་གིས་ཁོང་ལ་མཚན་ཤས་བཟོས་ཡོད་པའི་ཁ་མཆུ་བཙུགས་ཏེ། བྱང་ཕྱོགས་ས་གནས་བོད་མིའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུག་བྱས་ཡོད་པ་དང་། ས་གནས་ཁྲིམས་ཁང་གིས་ངྷ་རམ་ས་ལའི་དབུས་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་དང་དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས། དམིགས་བསལ་ལས་རིགས་འབྲེལ་མཐུད་པ་བསྟན་འཛིན་རྡོ་རྗེ་ལགས་གསུམ་ལ་བརྡ་ཐོ་སྔ་ཕྱི་ཐེངས་ ༤ ཙམ་བཏང་སྟེ་ས་གནས་ཁྲིམས་ཞིབ་ཁང་དུ་འབོད་འགུག་བྱས་ཀྱང་། གྱོད་ཡ་རྩོད་ལན་པ་གསུམ་གྱི་སྐུ་ཚབ་ཏུ་འབྲེལ་མཐུད་པ་མ་གཏོགས་འགན་འཛིན་དང་དྲུང་ཆེ་གཉིས་ངོ་བཅར་ཞུས་མེད་པ་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་ཉམས་ལེན་བརྩི་བཀུར་མ་བྱས་པ་སོགས་ལ་བརྟེན། ཟླ་འདིའི་ཚེས་ ༡༥ ཉིན་ས་གནས་ཁྲིམས་ཞིབ་ཁང་གིས་ཁོང་གསུམ་ལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་དབང་མེད་པའི་ཐག་གཅོད་བཀའ་ཁྱབ་བཏང་འདུག

རྟ་མགྲིན་ཚེ་རིང་ལགས་ཀྱི་ཐོག་མའི་ཞུ་གཏུག་ཡིག་ཆ་འདི་གར་བསྐུར་འབྱོར་བྱུང་བའི་ནང་འདི་ལྟར་བཀོད་འདུག ཐེངས་འདིའི་རྙོག་གྲའི་འབྱུང་རྐྱེན་གཙོ་བོ་པ་ནི་པ་ཏི་སྤོས་བཟོ་སྡེ་ཚན་གྱིས་ ༢༠༡༡ ཟླ་ ༥ ནང་ཚོང་པའི་ས་ནས་སྤོས་ཤུག་པ་ཀེ་ལོ་ ༢༠༠༠ ཉོ་སྐབས། འགན་འཛིན་དང་རྩིས་པ། གསོག་གཉེར། པོ་ཏ་ལའི་སྤོས་བཟོ་ལས་བྱེད་བཅས་འཛོམས་ཏེ་ཤུག་པའི་རིན་གོང་དང་ལྗིད་ཚད་བཅས་སྤྱི་མོས་ཐོག་གཏན་འབེབས་ཐག་གཅོད་དང་། ཀེ་ལོ་ག་ཚོད་ཡོད་མེད་ལྗིད་ཚད་མཇལ་ཡོད། སྒེར་གྱི་ས་ནས་ཉོས་པའི་སྤོས་རྫས་མང་པོ་ཞིག་ལ་སྒྲིག་མཐུན་བྱུང་འཛིན་ངོ་མ་རག་ཐབས་མེད་པ་དང་། མང་པོ་ཞིག་ཐོག་མའི་ལྗིད་ཚད་ནས་ཉིན་རེ་བཞིན་སྐམ་ཆག་ཏུ་འགྲོ་གྱིན་པ་གོང་རིམ་ནས་མཁྱེན་གསལ་ཡིན། ཟླ་ཤས་རྗེས་སུ་བྱུང་འཛིན་བཟོ་བཀོད་དང་། རྩིས་ཁྲ་དེབ་བཀོད་སྐབས་ཞིབ་འཇུག་ནན་ཏན་མ་བྱུང་བའི་འཐུས་ཤོར་སོང་བས་རྩིས་ཁྲའི་ནང་ཤུག་པ་ཀེ་ལོ་ ༡༠༠ འགོད་ནོར་ཤོར་ཡོད། ཀེ་ལོ་རེར་རིན་གོང་གཏན་འབེབས་ཟིན་པའི་སྒོར་ ༧༥ ཡིན་སྟབས། ཤུག་པ་ཀེ་ལོ་ ༢༠༠༠ ལ་མ་གནས་སྒོར་ཆིག་འབུམ་ལྔ་ཁྲི་ ༡༥།༠༠༠༠།༠༠ མ་གནས་ཀྱི་དངུལ་འབོར་ཐོག་ཧེ་བག་གང་ཡང་སོང་མེད། དེ་ནས་དུས་ཡུན་གང་འཚམ་སོང་རྗེས་རྩིས་པ་དང་ཟོག་གཉེར་བར་གནད་དོན་དེའི་སྐོར་གླེང་གཞི་བྱུང་ཡོད། ཤུག་པ་ཀེ་ལོ་ ༡༩༨༨ ལག་ཐོག་རྩིས་སྤྲོད་བྱུང་བ་ཁོང་གཉིས་ཀས་ངོས་ལེན་བྱེད་བཞིན་ཡོད། ཀེ་ལོ་ ༡༢ ཙམ་ཚང་མ་ཚང་དང་། རྩིས་ཁྲ་དེབ་འགོད་ཞུ་ཕྱོགས་སྐོར་གྱི་གླེང་གཞིར་ནང་འགྲིག་བྱས་ཏེ། གླེང་རྙོག་མི་ཡོང་བ་བྱ་རྒྱུའི་ཐབས་ཤེས་བྱས་ཡོད་ལ། དེའི་ཐོག་རང་ལ་གནོང་འགྱོད་གང་ཡང་མེད་པས་སྤྱི་ཁྱབ་ལས་ཁུངས་སུ་སྙན་གསེང་ཞུས་པ་ཡིན། ཞིབ་འཇུག་ཚོགས་ཆུང་ཁག་གཉིས་ནས་ཞིབ་འཇུག་གནང་ཡོད་ཀྱང་། ཞིབ་འཇུག་གི་ཚད་གཞི་དང་མི་འགྲོ་རྩིས་ཤོག་དང་རྩིས་ཁྲ་ཁག བྱུང་འཛིན། ཟོག་གཉེར་བཅས་མགོ་ནས་མཇུག་བར་རྩད་གཅོད་ཐུབ་པའི་ཞིབ་འཇུག་ཞིབ་ཚགས་འདོད་པ་ཁེངས་པ་མ་བྱུང་། ཞེས་སོགས་བཀོད་འདུག

གཏུག་ཡིག་ནང་མུ་མཐུད་དུ་བཀོད་པར། སྔར་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་དབུས་སྨན་རྩིས་ཁང་གིས་བོད་དྲུང་གི་མཚན་རྟགས་འཁོད་པའི་དབུས་དང་ཕྱོཊ་མཐའི་ཡན་ལག་ཚང་མར་གསལ་བསྒྲགས་ཤིག་སྤེལ་ཏེ། རྟ་མགྲིན་ཚེ་རིང་དང་ཟོག་གཉེར་པདྨ་དོན་འགྲུབ་གཉིས་ནས་ངན་པ་ལག་སྦྲེལ་ཐོག་གཞུང་གནོད་སྒེར་ཕན་རྩིས་ཁྲ་སྦས་སྐུང་རྫུན་བཟོ་གྲ་མ་སྒྲིག་བྱས་ལུགས་བཀོད་ཡོད་པ་དང་། སྐབས་དེར་རྟ་མགྲིན་ཚེ་རིང་ལགས་ཀྱིས་དབུས་ལས་ཁུངས་ལ་གནས་ཚུལ་དེར་བསྐྱར་ཞིབ་ཡོང་བའི་སྙན་ཞུ་ཕུལ་ཡང་བཀའ་ལན་འབྱོར་མེད་ཅིང་། དེའི་རྗེས་ངག་ལམ་ནས་བསྐྱར་ཞིབ་ཡོང་རེ་མེད་པས་ཁྲིམས་གཏུག་བྱེད་ཅེས་བཀའ་ཕེབས་ཡོད་སྟབས། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ལྟར་ཁྲིམས་རྩོད་པ་གྲ་སྒྲིག་གིས་ད་ལོའི་ཕྱི་ཟླ་ ༤ ཚེས་ ༣ ཉིན་ཁྲིམས་རྩོད་པས་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གཞིར་བཟུང་བརྡ་ཐོ་བཏང་ཡོད་པར། དབུས་སྨན་རྩིས་ཁང་གི་དྲུང་ཆེ་ལགས་ཀྱིས་ཁ་པར་འབྱོར་ཏེ་དབུ་འཛིན་ས་གནས་སུ་བཞུགས་མེད་པ་དང་། ཕྱི་ཟླ་ ༥ ཚེས་ ༡ ནས་ལས་བཅར་ཞུ་རྒྱུ་ཡིན་སྟབས། སྐབས་དེར་བཀའ་བསྡུར་ཐག་གཅོད་ཅི་བྱུང་ལན་སྤྲོད་ངེས་ཡིན་ཚུལ་བརྗོད་ཡོད་འདུག

ཕྱི་ཟླ་ ༤ ཚེས་ ༡༥ ཉིན་དབུས་སྨན་རྩིས་ཁང་གི་དམིགས་བསལ་ལས་འགོད་འབྲེལ་མཐུད་པ་དང་དྲུང་ཆེ། པ་ནི་པ་ཏི་འགན་འཛིན་ལས་ཚབ་བཅས་གློ་བུར་དུ་འབྱོར་ཏེ་རྩིས་ལེན་རྩོད་སྤྲོད་དགོས་ལུགས་བརྗོད་ཡོད་པ་ལྟར། ཡིག་ཆ་ཁག་རྩིས་སྤྲོད་བྱས་ཡོད་ཀྱང་། རྩིས་པ་ས་གནས་སུ་མེད་སྟབས་རྩིས་པ་ལས་བཅར་ཞུས་མཚམས་རྩིས་སྤྲོད་བྱ་རྒྱུ་བྱས་ཡོད་ཀྱང་། ཚེས་ ༡༩ ཉིན་སླར་ཡང་ཁོང་གསུམ་འབྱོར་ཏེ་གཞུང་དངུལ་ཆ་ཚང་རྩིས་ལེན་བྱས་ཡོད་པ་དང་། དེ་དང་མཉམ་དུ་ཡིག་ཆུང་ཞིག་སྤྲད་པའི་ནང་། མ་འོངས་པའི་ཉིན་གསུམ་ནང་ཚུད་དུ་ལས་མཚམས་བཞག་སྟེ་ལས་ཤག་ནང་གི་སྒེར་གྱི་ཅ་དངོས་ཚང་མ་འདོན་དགོས་པ། གལ་སྲིད་དེ་ལྟར་བརྩི་སྲུང་མ་བྱས་ཚེ་སྐོར་སྲུང་བར་རྩིས་སྤྲོད་བྱ་རྒྱུ་ཡིན་ཞེས་སོགས་བཀོད་ཡོད་འདུག

གཏུག་ཡིག་གི་མཇུག་ཏུ། “ རྩ་བའི་རྩིས་ལེན་རྩིས་སྤྲོད་ཟིན་ན་ཡང་གནས་ཡུལ་གཞུང་གི་ཁྲིམས་ཐོག་ནས་པ་ནི་པ་ཏི་སྤོས་བཟོ་ཁང་གི་(Power of Attorney)ཡིག་ཆའི་ཐོག་ངོས་ཀྱི་མིང་ཡོད་པ་མིང་བསྒྱུར་ཟིན་མེད། དེ་བཞིན་ཁྲིམས་ཐོག་ནས་བཀའ་ཁྱབ་མཚམས་འཇོག་(Stay Order)ཞུ་རྒྱུའི་ཐབས་ལམ་དེ་དག་ཁྲིམས་མཐུན་ལྟར་ཞུ་རྒྱུའི་གྲ་སྒྲིག་བྱས་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་གལ་ཏེ་ངས་ཡིག་ཆུང་ནང་འཁོད་ལྟར་བཀའ་བརྩི་དང་ལེན་མ་ཞུས་ཀྱང་། དེ་ལྟར་བྱ་ཐུབ་པའི་ཆ་རྐྱེན་གྱི་ནུས་པ་དང་ཐོབ་ཐང་ཆ་ཚང་ཁྲིམས་ཐོག་ནས་ཚང་ཡོད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་སྨན་རྩིས་ཁང་གི་སྒྲིག་འཛུགས་ལ་མཚན་ཤས་མི་ཡོང་ཆེད་ཡིག་ཐོག་ནས་བཀའ་གནང་བ་གཞིར་བཟུང་བཀའ་བརྩི་དང་ལེན་ཞུས་པ་ཡིན” ཞེས་བཀོད་སོགས་བཀོད་འདུག

དབུས་སྨན་རྩིས་ཁང་གི་གནས་ཚུལ་དེའི་བྱུང་རིམ་སྐོར་གྱི་ཡིག་ཆ་ཞིག་འདི་གར་སྤྲད་པའི་ནང་འདི་ལྟར་བཀོད་འདུག བསྐྱར་ཞིབ་ཚོགས་ཆུང་གི་སྙན་ཐོ་དང་བདེན་རྟགས་ཡིག་ཆ་ཆ་ཚང་སྨན་རྩིས་ཁང་གི་འགན་འཛིན་གྱིས་རྟོག་ཞིབ་བྱས་ཏེ་དགོངས་པ་ཆེ་བཞེས་ཀྱིས་གནས་དབྱུང་མ་བཏང་བར་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༦ འཁོད་པ་སྨན་རྩིས་ཁང་གི་ཡོངས་གསལ་ཨང་ ༡༨༠ ཐོག་བཅད་ཁྲ་བཏང་བའི་ནང་། བློ་ཕམ་གྱིས་གནས་ཚུལ་བརྗོད་རྒྱུར། པ་ནི་པ་ཏི་སྤོས་བཟོ་སྡེ་ཚན་གྱི་འགན་འཛིན་རྟ་མགྲིན་ཚེ་རིང་ལགས་དང་། ཟོག་གཉེར་བ་པདྨ་དོན་འགྲུབ་ལགས་གཉིས་ཀྱིས་ངན་པ་ལག་སྦྲེལ་ཐོག་གཞུང་གནོད་སྒེར་ཕན་རྩིས་ཁྲ་སྦས་སྐུང་རྫུན་བཟོ་གྲ་མ་འགྲིག་བྱས་འདུག་ཀྱང་། རྩིས་པ་སངས་རྒྱས་ནོར་བུ་ལགས་ཀྱིས་འགན་འཛིན་དང་། ཟོག་གཉེར་གྱིས་གང་བྱས་པ་ཤེས་བཞིན་རྩིས་པའི་འགན་འཁུར་ནས་སྟངས་འཛིན་བྱེད་དགོས་ངེས་མ་བྱས་པ་དང་། ངན་པ་ལག་སྦྲེལ་གྱི་གནས་ཚུལ་ཤེས་བཞིན་དུ་དབུས་ལ་སྙན་སེང་མ་ཞུས། ༡༽ པ་ནི་པ་ཏི་སྦོས་བཟོའི་འགན་འཛིན་རྟ་མགྲིན་ཚེ་རིང་ལགས་ལ། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡ ནས་གནས་རིམ་གཅོག་རྒྱུ་དང་། ལོ་ལྔའི་རིང་གནས་རིམ་དེ་གར་སྡོད་དགོས་པ་ལས་སྤར་མི་ཆོག་པ་དང་། ཧིན་སྒོར་ཉིས་ཁྲི་ ༢༠.༠༠༠།༠༠ ཉེས་ཆད་གཅོད་རྒྱུ།  ༢༽ ཟོག་གཉེར་བ་པདྨ་དོན་འགྲུབ་ལགས་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡ ནས་གནས་རིམ་གཅིག་གཅོག་རྒྱུ་དང་། ལོ་ལྔའི་རིང་གནས་རིམ་དེ་གར་སྡོད་དགོས་པ་ལས་སྤར་མི་ཆོག་པ་དང་། ཧིན་སྒོར་ཉིས་ཁྲི་ ༢༠.༠༠༠།༠༠ ཉེས་ཆད་གཅད་རྒྱུ། ༣༽ རྩིས་པ་སངས་རྒྱས་ནོར་བུ་ལགས་སུ་ཉེས་ཆད་ཧིན་སྒོར་ཆིག་ཁྲི་ ༡༠.༠༠༠།༠༠ གཏོང་རྒྱུ་གསལ་བ་ལྟར། ཟོག་གཉེར་པདྨ་དོན་འགྲུབ་ལགས་དང་། རྩིས་པ་སངས་རྒྱས་ནོར་བུ་ལགས་གཉིས་ནས་ཀ་ཀོར་མེད་པ་བརྩི་སྲུང་ཞུས་ཡོད།

རྟ་མགྲིན་ཚེ་རིང་ལགས་ཀྱིས་བརྩི་སྲུང་མ་གནང་བ་མ་ཟད། ཁྲིམས་གཏུག་བྱེད་རྒྱུའི་གོ་སྒྲིག་གནང་བ་ལྟར། བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པ་ཚེ་བརྟན་ནོར་བུ་ལགས་ནས་རྟ་མགྲིན་ཚེ་རིང་ལགས་ཀྱི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཀྱི་བརྡ་ཐོ་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༤ ཉིན་སྨན་རྩིས་ཁང་དུ་འབྱོར་བར་བརྟེན། ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༧ ཉིན་སྨན་རྩིས་ཁང་གི་འགན་འཛིན་གྱིས་བཀའ་འབྲེལ་བཞིན་རྟ་མགྲིན་ཚེ་རིང་ལགས་སྨན་རྩིས་ཁང་ནས་གནས་དབྱུང་བཏང་།

བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་ནས་བརྡ་ཐོ་དང་པོ་མི་སྒེར་གསུམ་གྱི་མིང་ལ་བཏང་གནང་བ་དང་། གོང་འཁོད་མི་གསུམ་ནས་དང་པོ་ནས་ཁ་མཆུ་མི་སྒེར་ལ་བཏང་ཡོད་ན་ངེད་གསུམ་དང་རྟ་མགྲིན་ཚེ་རིང་ལགས་བར་ཁ་ཆག་སྣ་རལ་སོགས་སྒེར་གྱི་གནད་དོན་གང་ཡང་བྱུང་མྱོང་མེད་ཅེས་ཞུས་ཡོད། བརྡ་ཐོ་གཉིས་པ་སྨན་རྩིས་ཁང་ལ་ཡིན་པ་བསྒྱུར་བཅོས་བཏང་གནང་འདུག སྨན་རྩིས་ཁང་ལ་ཁ་མཆུའི་བརྡ་ཐོ་བཏང་བར་བརྟེན་བརྩི་སྲུང་ཐོག་འདི་ནས་དོ་ཆོད་སྐུ་ཚབ་ལ་འགན་དབང་དང་གནད་དོན་འདིའི་བྱུང་རིམ། བདེན་རྟགས་ཡིག་ཆ་ཁག ཞུ་རྩའི་དོན་ཚན་ཁག་གིས་ལན་འདེབས། གནད་དོན་འདི་གཞན་དང་མི་འདྲ་བ་ཡིད་ཆེས་དགེ་རྩ་ཚོགས་པའི་རྒྱུ་དང་རྩིས་ཐོག་ནས་ངན་པ་ལག་སྦྲེལ་གྱིས་གཞུང་གནོད་སྒེར་ཕན་གྱི་རྩིས་ཁྲར་རྫུན་བཟོ་སྦས་སྐུང་གྲ་མ་འགྲིག་པ་བྱས་པའི་གནད་དོན་ཞིག་ཡིན་པའི་གསལ་བཤད་ཞུ་ཆེད་ཐེངས་གསུམ་ལ་ཆེད་གཉེར་བཅར་ཡོད། འོན་ཀྱང་། ས་གནས་ཁྲིམས་ཞིབ་ཁང་ནས་ངོས་ལེན་མ་གནང་བར་ཆ་རྐྱེན་ལ་གྱོད་ཡའི་མོས་མཐུན་ཆོད་ཡིག་དང་རྒྱ་གར་ཁྲིམས་ཁང་ནས་ཁས་བླངས་དམ་བཅའ་ (Affidavit)མི་འདྲ་བ་གཉིས་རེ་གྱོད་ཡ་སོ་སོར་དགོས་ལུགས་གསུངས་བར་ཁས་ལེན་ཞུ་ཐབས་བྲལ་ལུགས་ཞུས་ཡོད། གང་ལགས་ཞུས་ན། སྨན་རྩིས་ཁང་ནི་དགེ་རྩའི་ཚོགས་པ་གང་ཞིག་གི་མཁར་དབང་འདི་གའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་མཚོན་པའི་ལས་བྱེད་སོགས་ཀྱི་གྲ་མ་འགྲིག་པ་བྱས་ཚེ་ཁྲིམས་ཐོག་ནས་དམིགས་བསལ་སྲུང་སྐྱོབ་ཡོད་པ་ལོངས་སུ་སྤྱོད་ཆོག་པར་བརྟེན། ས་གནས་ཁྲིམས་ཞིབ་ཁང་ནས་བརྡ་ཐ་མ་བཏང་སྔོན། ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༨ ཉིན་དབྱིན་ཡིག་ཐོག་རྟ་མགྲིན་ཚེ་རིང་ལགས་དང་། ལྐོག་ཟ་བར་རྒྱབ་སྐྱོར་གནང་མཁན་ཁྲིམས་རྩོད་པ་ཚེ་བརྟན་ནོར་བུ་ལགས་གཉིས་རྒྱ་གར་ཁྲིམས་ཁང་ལ་གཏུག་རྒྱུ་ཡིན་པ་ཐག་ཆོད་ཟིན་ཡོད། དེར་བརྟེན། ཁྲིམས་ཐོག་ནས་གོང་མིང་གསུམ་སོ་སོའི་གྱོད་ཡའི་མོས་མཐུན་ཆོད་ཡིག་དང་། རྒྱ་གར་ཁྲིམས་ཁང་ནས་ཁས་བླངས་དམ་བཅའ་ (Affidavit on Rs 10 INDIAN JUDICIAL stamp paper) མི་འདྲ་བ་ཁག་གཉིས་རེ་བཟོས་ཏེ་འབུལ་དགོས་ལུགས་ཐད་འབུལ་ཐབས་མེད་ལུགས་ཞུས་ཡོད། ཅེས་སོགས་བཀོད་འདུག

གསལ་བཤད་དེའི་མཇུག་ཏུ། “ རྩ་བའི་སྨན་རྩིས་ཁང་གི་ལས་བྱེད་གང་ཞིག་དང་སྨན་རྩིས་ཁང་གཉིས་བར་གནས་རིམ་དང་ཕོགས་རིམ་སྤར་ཕྱོགས། གནས་སྤོ། བཟའ་ཚང་མི་མཐུན་པའི་གནས་ཚུལ། འཁྲུག་རྩོད་ཐག་གཅོད་སོགས་འགྲིག་མིན་ཁྲིམས་གཏུག་བྱས་པའི་གནད་དོན་བྱུང་ཚེ་རྒྱ་གར་ཁྲིམས་ཀྱི་བཀའ་མོལ་ཞུ་མ་དགོས་པར་བོད་མིའི་ཁྲིམས་ཞིབ་ཁང་ལ་གཏུག་བཤེར་གྲུབ་འབྲས་ལ་མོས་མཐུན་ཞུ་མ་ཐུབ་པ་མེད། འོན་ཀྱང་། གནད་དོན་འདི་དེ་ལྟར་མིན་པ་ཡིད་ཆེས་དགེ་རྩ་ཚོགས་པའི་རྒྱུ་དང་རྩིས་ཐོག་ནས་ངན་པ་ལག་སྦྲེལ་གྱིས་གཞུང་གནོད་སྒེར་ཕན་གྱིས་རྩིས་ཁྲར་རྫུན་བཟོ་སྦས་བསྐུངས་གྲ་མ་འགྲིག་པ་བྱས་པའི་གནད་དོན་ཞིག་ཡིན” ཞེས་དང་། “ ས་གནས་ཁྲིམས་ཞིབ་ཁང་ནས་ཁྲིམས་གཏུག་དེ་བཞིན་མི་སྒེར་ལ་མིན་པ་གསུངས་བཞིན་དུ་ད་ཆ་བྱང་ཕྱོགས་བོད་མིིའི་ས་གནས་ཁྲིམས་ཞིབ་པས་བཅད་ཁྲ་བཏང་བ་དེའི་ནང་སྨན་རྩིས་ཁང་གི་གནད་ཡོད་ལས་བྱེད་གསུམ་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འོས་བསྡུའི་རིགས་ཀྱི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་པ་འཁོད་པའི་ཐད་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཞུ་སྙན་འབུལ་རྒྱུ་དང་། དང་ཐོག་སྨན་རྩིས་ཁང་ནས་ཐག་གཅོད་ཟིན་པ་ལྟར་རྟ་མགྲིན་ཚེ་རིང་ལགས་དང་ལྐོག་ཟ་བར་རྒྱབ་སྐྱོར་གནང་མཁན་གྱི་ཁྲིམས་རྩོད་པ་ཚེ་བརྟན་ནོར་བུ་གཉིས་ཐད། རིང་མིན་རྒྱ་གར་ཁྲིམས་ཁང་དུ་ཁྲིམས་གཏུག་བྱ་རྒྱུ་ཡིན། ད་བར་གནད་དོན་འདིིའི་ཐོག་འགྲོ་གྲོན་ཇི་སོང་འགན་ཟུར་རྟ་མགྲིན་ཚེ་རིང་ལགས་ནས་སྒྲུབ་རྒྱུ་དང་། མ་འོངས་སྨན་རྩིས་ཁང་གི་ལས་བྱེད་ཆེ་ཕྲ་ཆུ་གསུམ་སུ་ཞིག་གིས་གཞུང་གནོད་སྒེར་ཕན་དང་རྩིས་ཁྲར་རྫུན་བཟོ་སྦས་བསྐུངས་བྱས་རིགས་ལ་བཅད་ཁྲ་བཏང་བར་བརྩི་སྲུང་དང་ལེན་མ་གནང་ཚེ་རྒྱ་གར་ཁྲིམས་ཁང་དུ་ཁྲིམས་གཏུག་བྱ་རྒྱུ་ནི་སྨན་རྩིས་ཁང་གི་རྩ་བའི་ལངས་ཕྱོགས་ཡིན” ཞེས་བཀོད་འདུག

ཟླ་འདིའི་ཚེས་ ༢༩ ཉིན་འདི་གའི་གསར་འགོད་པས་རྟ་མགྲིན་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པར། “ ང་རང་ལ་མཚོན་ན་པ་ནི་པ་ཏི་སྤོས་བཟོ་གྲྭ་ཐོག་མར་གསར་འཛུགས་ཀྱི་སྐབས་ནས་ལས་ཀ་བྱས་པ་ཡིན། བར་ལམ་རྩིས་པ་དང་ཚོང་གཉེར་འགན་འཛིན་བཅས་ཀྱི་བར་ནས་རྩིས་ནོར་ཏོག་ཙམ་བྱུང་སྟེ་སྨན་རྩིས་ཁང་གིས་ང་ལ་ཉེས་ཆད་བཅད་པ་རེད། སྤྱིར་བཏང་ང་རང་འགན་འཛིན་ཡིན་པའི་ཆ་ནས་རྩིས་ཁྲ་སྟངས་འཛིན་ཡག་པོ་བྱས་མ་ཐུབ་པ་དང་ངས་འགན་འཁྱེར་མ་ཐུབ་པ་དེར་ངས་ངོས་ལེན་བྱེད་ཀྱི་ཡོད། ཡིན་ནའང་སྨན་རྩིས་ཁང་གིས་ང་ལ། ངན་པ་ལག་སྦྲེལ་ཐོག་གཞུང་གནོད་སྒེར་ཕན་རྩིས་ཁྲ་སྦས་སྐུང་རྫུན་བཟོ་བྱས་ཚུལ་སོགས་ཀྱི་ཚིག་ངན་པ་མང་པོ་བེད་སྤྱོད་བཏང་འདུག ཕར་འགྲེལ་བཤད་དང་གསལ་བཤད་ཅི་ཙམ་བྱས་ཀྱང་ཡ་ལན་མེད་པ་དང་། ཐག་གཅོད་དེས་ང་རང་གི་ཕ་མ་སྤུན་མཆེད་དང་ཉེ་འབྲེལ་ཚང་མར་མཚན་ཤས་འགྲོ་བ་ཆགས་ཏེ་ལམ་ཁ་འདི་ལས་ལྷག་མ་སོང་སྟབས་ངས་ཁྲིམས་གཏུག་བྱས་པ་ཡིན”ཞེས་བརྗོད་བྱུང་།

ཡང་གསར་འགོད་པས་དབུས་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་སུ། དབུས་སྨན་རྩིས་ཁང་གིས་རྟ་མགྲིན་ཚེ་རིང་ལགས་སུ་རྩིས་ཁྲ་རྫུན་བཟོ་བྱས་ཚུལ་བརྗོད་དོན་སྐོར་བཅར་འདྲི་ཞུས་པར་ཁོང་གིས། “ ཚིག་དེ་དག་རྟ་མགྲིན་ཚེ་རིང་གཅིག་པུར་བེད་སྤྱོད་བཏང་བ་མ་རེད། མི་ངན་པ་གཉིས་གསུམ་ལག་པ་སྦྲེལ་ནས་གཞུང་གནོད་སྒེར་ཕན་པའི་ལས་ཀ་བྱས་པ་རེད་ཟེར་གྱི་ཡོད། རྟ་མགྲིན་ཚེ་རིང་གི་ཉེས་ཆད་འཁུར་གྱི་ཡོད་ལབ་པ་དེ་སྐྱག་རྫུན་རེད། གནས་ཚུལ་བྱུང་སྐབས་རྟ་མགྲིན་ཚེ་རིང་དང་ཟོག་ཉར་པདྨ་དོན་འགྲུབ་གཉིས་ངན་པ་ལག་སྦྲེལ་བྱས་ཏེ་རྩིས་ཁྲ་རྫུན་མ་བཟོས་པ་ང་ཚོས་ཞིབ་འཇུག་བྱས་ཏེ་ཐོན་པ་རེད། རྩིས་པ་ཁོ་རང་གིས་ཧ་གོ་སྟེ་ཁོའི་ཉིན་དེབ་ནང་ཐོ་བཀོད་ཡོད་པ་ལས། འཛིན་སྐྱོང་ལ་ལས་ཁུངས་ལ་ཞུས་མེད་སྟབས་ཉེས་ཆད་བཅད་པ་རེད། ཟོག་ཉར་བ་དང་རྩིས་པ་གཉིས་ཀས་ཉེས་པ་འཁུར་གྱི་ཡོད། རྟ་མགྲིན་ཚེ་རིང་གིས་ང་ས་གནས་སུ་ཐེངས་གཉིས་འགྲོ་དུས་བསྐྱར་ཞིབ་གནང་རོགས། ངས་གཞུང་གི་རྒྱུ་ཟོས་མེད་ཅེས་ཤོད་ཀྱི་འདུག ཉེས་པ་གཞུང་གི་རྒྱུ་ཟོས་སོང་ཞེས་ཕོག་པ་ཡིན་དུས། ཟོས་མེད་པའི་ཁུངས་སྐྱེལ་དགོས་ཀྱི་ཡོད་པ་རེད། གནས་སྟངས་དེ་དག་གི་ཐོག་ནས་སྨན་རྩིས་ཁང་གིས་ཚིག་དེ་དག་བེད་སྤྱོད་བྱས་པ་རེད”ཅེས་བརྗོད་བྱུང་།

ཡང་ཁོང་ལ་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གིས་བརྡ་ཐོ་གཏོང་སྐབས་ས་གནས་སུ་བཅར་མེད་པའི་རྒྱུ་མཚན་དྲིས་པར། “ ཉེ་སྔོན་རྟ་མགྲིན་ཚེ་རིང་གིས་ཁྲིམས་གཏུག་བྱེད་སྐབས་ང་ཚོས་ཁྲིམས་རྩོད་པ་ཚེ་དབང་ནོར་བུ་བུར་ཡི་གེ་བཏང་སྟེ་གནས་ཚུལ་ཆ་ཚང་ཧ་མ་གོ་བ་དང་རྐུ་མར་རྒྱབ་སྐྱོར་བྱེད་ཀྱིན་པ་གང་འདྲ་ཡིན་མིན་དྲིས་ཡོད། ས་གནས་ཁྲིམས་ཞིབ་ཁང་གི་ཐོག་མའི་བརྡ་ཐོ་འབྱོར་སྐབས་ཡི་གེ་བླངས་ཏེ་དྲི་བ་དྲིས་ལན་ཆ་ཚང་ཕུལ་བ་ཡིན། ཡིན་ནའང་། ཁྲིམས་ཁང་གི་བརྡ་ཐོ་ཐོག་མར་གཏོང་སྐབས་ང་ཚོ་མི་གསུམ་གྱི་མིང་བཏགས་ཏེ་བཏང་འདུག རྗེས་སུ་ང་ཚོས་ཁྲིམས་ཞིབ་ཁང་ལ་ང་ཚོ་མི་སྒེར་གྱི་ངོས་ནས་རྟ་མགྲིན་ཚེ་རིང་ལ་ཁ་ཆག་སྣ་རལ་གྱི་གནད་དོན་གང་ཡང་མེད་ཅེས་ཞུས་པར། བརྡ་ཐོ་གཉིས་པའི་ཐོག་བཟོ་བཅོས་བྱས་ཏེ་སྨན་རྩིས་ཁང་ཡིན་པའི་བརྡ་བསླེབས་པ་རེད། ང་ཚོས་བརྡ་ཐོ་བརྩི་སྲུང་བྱས་ཏེ་ང་ཚོས་འཐུས་མིས་གནད་དོན་གྱི་བྱུང་རིམ་དང་བདེན་རྟགས་ཡིག་ཆ། ཞུ་རྩའི་དོན་ཚན་ཁག་གི་ལན་འདེབས་བཅས་འཁུར་ཏེ་གསལ་བཤད་ཆེད་ཐེངས་གསུམ་བཅར་བ་ཡིན། ས་གནས་ཁྲིམས་ཞིབ་ཁང་གིས་ངོས་ལེན་མ་གནང་བར་ཆ་རྐྱེན་ལ་གྱོད་ཡའི་མོས་མཐུན་ཆོད་ཡིག་དང་། རྒྱ་གར་ཁྲིམས་ཁང་ནས་ཁས་ལེན་དམ་བཅའ་ (Affidavit) གཉིས་རེ་གྱོད་ཡ་སོ་སོར་དགོས་ལུགས་གསུངས་སོང་། དེ་ང་ཚོས་ཁས་ལེན་ཐུབ་ཀྱི་ཡོད་པ་མ་རེད། རྟ་མགྲིན་ཚེ་རིང་གིས་ས་ཡིག་བརྒྱབ་ཡོད་པ་རེད། ང་ཚོས་ངོས་ལེན་མ་ཐུབ་པའི་རྒྱུ་མཚན་སྨན་རྩིས་ཁང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། ཁྲིམས་ཁང་ལ་བརྩི་བཀུར་མ་ཞུས་པ་མ་རེད། སྨན་རྩིས་ཁང་དུ་འཛིན་སྐྱོང་གིས་གནས་རིམ་དང་ཕོགས་རིམ་སོགས་རྙོག་གྲ་ཆུང་ཚགས་རིགས་དང་། སྨན་རྩིས་ཁང་དང་སྡེ་ཚན་གཞན་བར་རྙོག་གྲ་བྱུང་བའི་རིགས་ནང་ཁུལ་གྱི་ཐག་གཅོད་ལ་མོས་མཐུན་མེད་པར་ང་ཚོའི་ཁྲིམས་ཁང་གི་ཐག་གཅོད་བྱས་ཀྱང་མ་འགྲིག་པ་མེད་ཀྱང་། ད་རེབ་ཀྱི་འདི་དགེ་རྩའི་ཚོགས་པ་ཞིག་གི་སྤྱི་རྫས་རྐུ་མ་བརྐུས་པའི་རིགས་དེ་ང་ཚོའི་ཁྲིམས་ཁང་གི་གནས་ཚད་བསྡད་ཡོད་པ་མ་རེད་ལ། ཁྲིམས་དེ་འདྲར་སོ་རྒྱག་པའི་ནུས་པ་དེ་མེད་སྟབས། གནས་ཚུལ་འདིའི་རིགས་ང་ཚོའི་ཁྲིམས་ཁང་གི་ལག་བསྟར་བྱ་རྒྱུའི་རིགས་མ་རེད། ”ཅེས་བརྗོད་བྱུང་།

མཇུག་ཏུ་ཁོང་གིས་ནན་ཏན་སྒོས་བརྗོད་དོན། “ ད་ལྟའི་ཆར་ང་ཚོས་རིམ་པ་བཞི་ལས་དང་པོ་ཚར་བ་རེད། རིམ་པ་གཉིས་པ་ས་གནས་ཁྲིམས་ཞིབ་ཁང་གིས་བཀའ་ཁྱབ་བཏང་སྟེ་ལས་བྱེད་གསུམ་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འོས་བསྡུའི་རིགས་ཀྱི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་དབང་འཕྲོག་པའི་ཐད་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་སྙན་ཞུ་འབུལ་རྒྱུ་ཡིན། གསུམ་པ་རྟ་མགྲིན་ཚེ་རིང་ལ་ཁེ་ཕན་ཡོད་པའི་དངུལ་གྱི་འདེམས་ཀ་ཞིག་སྤྲོད་རྒྱུ་ཡིན། གལ་སྲིད་ངོས་ལེན་མ་བྱས་ཚེ་རྟ་མགྲིན་ཚེ་རིང་དང་ལྐོག་ཟ་བར་རྒྱབ་སྐྱོར་གནང་མཁན་གྱི་ཁྲིམས་རྩོད་པ་ཚེ་བརྟན་ནོར་བུ་གཉིས་རིང་མིན་རྒྱ་གར་ཁྲིམས་ཁང་ལ་ཁྲིམས་གཏུག་བྱ་རྒྱུ་ཡིན། དེ་བཞིན། ད་བར་གནད་དོན་འདིའི་ཐད་འགྲོ་གྲོན་ཇི་སོང་ཚང་མ་རྟ་མགྲིན་ཚེ་རིང་གིས་ལག་ནས་བསྡུ་རྒྱུའི་ཐག་གཅོད་བྱས་ཡོད་ལ། མ་འོངས་པར་སྨན་རྩིས་ཁང་གི་ལས་བྱེད་ཆེ་ཕྲ་ཆུང་གསུམ་སུ་ཞིག་གིས་གཞུང་གནོད་སྒེར་ཕན་དང་རྩིས་ཁྲ་སྦས་སྐུང་བྱས་རིགས་ལ་བཅད་ཁྲ་བཏང་བར་བརྩི་སྲུང་དང་ལེན་མ་ གནང་ཚེ་རྒྱ་གར་ཁྲིམས་ཁང་དུ་ཁྲིམས་གཏུག་བྱ་རྒྱུ་དེ་སྨན་རྩིས་ཁང་གི་ལངས་ ཕྱོགས་ཡིན། ” ཞེས་བརྗོད་བྱུང་།

གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་ཁྱབ་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ་ལགས་སུ་ས་གནས་ཁྲིམས་ཁང་གི་ཐག་གཅོད་དེར་གཟིགས་ཚུལ་གང་འདྲ་ཡོད་མེད་དྲིས་པར། “ སྤྱིར་བཏང་ས་གནས་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཐག་གཅོད་ཅི་ཞིག་བྱས་ཀྱང་། དེ་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ལམ་སྟོན་དང་ཐེ་ཇུས་རིགས་གཏན་ནས་བྱེད་ཆོག་གི་མ་རེད། ཁྲིམས་ཀྱི་འགྲོ་སྟངས་ཐོག་ས་གནས་ཁྲིམས་ཞིབ་ཁང་གི་ཐག་གཅོད་ལ་མོས་མཐུན་མེད་པ་ཡིན་ན་ཁྲིམས་ཞིབ་ཁང་གོང་མར་གཏུག་ཡོང་གི་ཡོད་པ་རེད” ཅེས་བརྗོད་བྱུང་། ཁོང་ལ་སྨན་རྩིས་ཁང་གི་འགན་འཛིན་སོགས་ཀྱིས་གདམ་བྱ་འདེམས་བྱེད་ཀྱི་ཐོབ་དབང་བསྐྱར་དུ་ལེན་པའི་ལམ་ཁ་གང་འདྲ་ཡོད་མེད་དྲིས་པར། “ ས་གནས་ཁྲིམས་ཞིབ་ཁང་གིས། སྔར་བཤགས་ཕྱིས་འདོམས་མ་བྱས་པར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འོས་བསྡུའི་རིགས་ཀྱི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་དབང་མེད་པའི་ཐག་གཅོད་བྱས་པ་ཡིན། ཞེས་བཀའ་ཁྱབ་བཏང་བ་ལས་བཅད་ཁྲ་མ་རེད། ཐེངས་འདིར་ཁོང་ཚོ་ཉམས་ཞིབ་ཀྱི་རིམ་པ་དང་གྱོད་ཡ་མོས་མཐུན་ཆོད་ཡིག་ལ་ས་རྟགས་མ་བརྒྱབ་པའི་དབང་གིས་ཁྲིམས་ཡིག་ནང་གསལ་གྱི་དོན་ཚན་དང་འགལ་ཏེ་བཀའ་ཁྱབ་བཏང་བ་རེད། ཁོང་ཚོར་རྒྱུ་མཚན་ཁུངས་ལུང་ག་རེ་བཤད་རྒྱུ་ཡོད་ན་བཤད་དེ། ས་གནས་ཁྲིམས་ཞིབ་ཁང་ལ་སྔར་བཤགས་ཕྱིས་འདོམས་བྱས་པ་དང་། མོས་མཐུན་ཆོད་ཡིག་ལ་ས་རྟགས་བརྒྱབ་པ་ཡིན་ན། ཉེས་ཆད་དེ་རང་བཞིན་གྱིས་ཕྱིར་བསྡུ་ཆགས་འགྲོ་བ་རེད” ཅེས་བརྗོད་བྱུང་། 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༣ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༥ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༦ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༧ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༧ སྔོན་ལ།

མཆན། 9

  1. Dawai Shonu says:
    ལོ་ 12 སྔོན།

    བསྟན་ཆོས་ལགས། རྩིས་དེབ་ནང་ཨང་གྲངས་འགོད་ནོར་ཤོར་བ་མ་རེད། དངོས་ཡོད་ཐོག་ནས་ཤུག་པ་ཀི་ལོ་མང་པོ་ཞིག་ཚང་གི་ཡོད་མ་རེད། མ་ཚང་བ་དེ་ག་པར་ཕྱིན་པ་རེད། སྐད་ཆ་འདི་རེད། དེ་སྒེར་སྤྱོད་བྱས་པ་རེད་དམ་བར་སྣང་ལ་ཡལ་སོང་བ་རེད། གོ་ཐོས་ལ་རྟ་མགྲིན་ཚེ་རིང་དང་ཚེ་རྟེན་ནོར་བུ་གཉིས་བུ་སྤུན་རེད། ཁོང་གཉིས་སྒེར་ལ་སྤོས་ཀྱི་བཟོ་གྲྭ་ཡོད་པ་རེད། དེ་འདྲའི་ཐོག་ནས་བསམ་བློ་གཏོང་རྒྱུ་མིན་འདུག་གམ།

    Reply
  2. བསྟན་ཆོས། says:
    ལོ་ 12 སྔོན།

    འགག་རྩ། ༡) ཤུག་པ་ཀེ་ལོ་རྒ་རམ་༢༠༠༠་ལ་ཧིན་སྒོར་༡༥༠༠༠༠ མ་གནསདང་དེ་རྩིས་ཁྲའི་ནང་ཤུག་པ་ཀེ་ལོ་ ༡༠༠ འགོད་ནོར་ཤོར་ཡོད། ཀེ་ལོ་རེར་རིན་གོང་གཏན་འབེབས་ཟིན་པའི་སྒོར་ ༧༥ ཡིན་སྟབས། ཤུག་པ་ཀེ་ལོ་ ༢༠༠༠ ལ་མ་གནས་སྒོར་ཆིག་འབུམ་ལྔ་ཁྲི་ ༡༥།༠༠༠༠།༠༠ མ་གནས་ཀྱི་དངུལ་འབོར་ཐོག་ཧེ་བག་གང་ཡང་སོང་མེད།ཅེས་པ་བདེན་མིན་དཔྱད་་རྒྱུ་དེ་རེད་སྙམ།
    དྲ་གྲོགས་རེ་ཟུང་གི་མཆན་ལས། རྒྱ་གར་ཁྲིམས་འོག་གི་ཚོགས་སྡེ་སོགས་ཀྱི་ནང་ཁུལ་འགྲིག་མཐུན་ལ་སོགས་འོས་པ་དག་ལ་མ་གཏོགས་ཕྱག་བརྐྱང་ཆོག་པའི་ཐོབ་ཐང་མེད་པ་མཁྱེན་པ་གནང་དགོས་ས་རེད་སྙམ་པའི་ཚོར་སྣང་བྱུང་ངོ།།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    ཁྲིམས་ལུགས་ཀྱི་མདུན་དུ་གནས་ལུགས་་དང་བདེན་པ་རྒྱལ་ཐུབ་མིན་དེ་ཡང་ཁྲིམས་དཔོན་ལ་རག་ལས་ཡོད། དཀར་ནག་གསལ་འབྱེད་ལ་སྒུག

    Reply
  4. བོད་དགའ། says:
    ལོ་ 12 སྔོན།

    ཐོག་མའི་ས་གནས་སྤོས་བཟོ་སྡེ་ཚན་གྱི་རྩིས་ཕྲ་སྐོར་དེ་བཀླགས་ནས་བསམ་གཞུག་བྱ་ཚེ། མི་གསུམ་ནས་གཉིས་ཀྱིས་སྨན་རྩིས་ཁང་གཞུང་གིས་ཉེས་པ་གང་བཏང་བ་དེར་ངོས་ལེན་བྱས་འདུག་པས་རྩ་བའི་གནས་ཚུལ་འདི་བདེན་པ་ཡིན་པ་འདྲ། འོན་ཀྱང་ཁྲིམས་རྩོད་པ་ཚེ་བརྟན་ནོར་བུས་རྟ་མགྲིན་ལ་ཉེས་པ་མེད་ཁུལ་གྱིས་རྩོད་ལེན་བྱེད་བཞིན་པ་འདིའི་རྒྱབ་ལ་གོ་རྒྱུ་གཞན་ཞིག་ཡོད་ས་རེད།
    སྨན་རྩིས་ཁང་གི་དབུ་འཛིན་ཚེ་རིང་བཀྲིས་ནི་གཙོ་བོར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་འཇོན་པོ་དང་མི་ནུས་ཅན་གོ་ཆོད་ཅིག་ཡིན་པར་གོ་ཐོས་ཡོད། འོན་ཀྱང་ད་ལན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་སྲོལ་ལྟར་ས་གནས་ཀྱི་ཐག་གཅོད་ལ་མོས་མཐུན་མེད་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་བཏུག་དགོས་པ་ལས་རྒྱ་གར་ཁྲིམས་ཁང་ལ་བཏུག་བཤེར་བྱེད་པ་འདི་ནི་སོ་སོའི་གཞུང་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བརྩི་བཀུར་མ་བྱས་པ་ཞིག་རེད།

    Reply
  5. སོ་ནམས་པ། says:
    ལོ་ 12 སྔོན།

    རྩོམ་པ་པོ་ཐབ་ཐེབ་ཅིག་གིས་དཔྱད་རྩོམ་ཞིག་སྤེལ་བ་ལས་བོད་ཀྱི་དུས་བབ་ཚང་གི་གསར་འགྱུར་རྒྱས་པ་ཞིག་ཀློག་ན་དེས་བྲོ་བ་ཆེ་བ་་འདུག གསར་འགོད་པའི་དཀའ་ལས་མང་པོ་བརྒྱབས་ཏེ་གསར་འགྱུར་ཧ་ཅང་ཞིབ་ཚགས་མོ་ཁ་གསལ་བོ་བྲིས་གནང་དའུག ་སྨན་རྩིས་ཁང་གི་འགན་འཛིན་ལ་ཐུགས་ཁག་ཡོད་པ་མ་རེད་རྡ་རམ་ས་ལ་ནས་མི་སུ་ཞིག་གིས་འཇོན་པ་དང་ལས་ཀར་ཧུར་བརྩོན་བྱས་ན་དེར་ཕྱི་ནང་གཉིས་ནས་གནོན་ཤུགས་མང་བ་དང་འབུར་འཇོམ་མེད་པ་བཟོ་ཐབས་བྱེད་གི་རེད། ཁོང་སྨན་རྩིས་ཁང་གི་འགན་འཛིན་དུ་བཞུགས་རྗེས་སྐྱག་ལང་ལ་ཤོར་ཡོད་མཁན་མང་པོ་ཞིག་རྩ་མེད་བཏང་ཡོད་པ་ཞིག་ཐོས་སོང་། ཁོ་བ་ཅག་གིས་འདས་པའི་ལོ་མང་པོའི་རིང་སྨན་རྩིས་ཁང་ཟ་རྐྱང་ཐུང་རྐྱང་བྱས་ཏེ་སྒེར་དོན་རྐྱང་རྐྱང་བསྒྲུབ་ནས་བསྡད་པ་རེད། མང་པོ་ཞུ་ཡ་མེད་འགན་འཛིན་མཆོག་གིས་མུ་མཐུད་དུ་ཧུར་སྐྱེད་གནང་རོགས་ཞུ་རྒྱུ་ཡིན་

    Reply
  6. མི་རྒོད། says:
    ལོ་ 12 སྔོན།

    འོ་ཡ་སྨན་རྩིས་ཁང་འདི་རྙོག་གླེང་རྫོགས་ཞེ་དྲག་འདུག་ད་ག་དུས་རྫོགས་ཡོང་དཀོན་མཆོག་མཁྱེན་གོང་ས་མཆོག་བཀའ་སྐྱོན་རིམ་པ་སྟར་ཕེབས་ཡོད་རེད་ཡིནའང་ལས་བྱེད་འདི་ཚོ་ཤ་ལྤགས་ཐུག་ཐག་གཅོད་བྱུང་ད། དབུ་འཛིན་འདི་འདྲ་པོ་རག་པ་ཁག་པོ་རེད་ཡིནའང་དུས་རབས་འདིར་གཞུང་སེམས་དྲང་པོ་གནང་མཁན་ལ་རྟག་ཏུ་ཁ་གཏད་ལང་ཡོང་གི་རེད་ལ་བརྒྱབ་སྐྱོར་ཡང་ཉུང་ཉུང་ཆགས་གི་རེད། མ་རབ་ཀྱི་ཧམ་སེམས་དང་། བསླུ་བྲིད། མགོ་སྐོར་ལ་མཁས་པ་ཆགས་ཚེ་འཇོན་པ་རེད་ཞེས་དགའ་བསུ་ནང་ལ་བྱེད་པ་ཇེ་མང་དུ་འགྲོ་བཞིན་ཡཔད་ང་ཚོ་བོད་པའི་སྤྱི་ཚོགས་ནང་མཁྱེན་ལྡན་ཚོ་ད་རང་གི་རིག་གཞུང་སྟེ་གནས་བསྲུང་འདོད་ཡོད་ཚེ་བོད་རིགས་མི་མང་གནད་ལ་འཁེལ་བའི་ཞལ་གསང་དགོས་པ་རེད་ད་་་་་་་་

    Reply
  7. Dawai Shonu says:
    ལོ་ 12 སྔོན།

    ད་རེའི་རྟ་མགྲིན་ཚེ་རིང་གི་གནས་ཚུལ་དེའི་སྐོར་གསལ་པོ་བཤད་ན། དངུལ་རྩིས་ཐོག་ནས་ནོར་ཚར་བ་རེད་ལ་ཞིབ་འཇུག་བྱས་ནས་ཐག་བཅད་ཟིན་པ་རེད། ནོར་འཕྲུལ་ནང་ཚུད་མཁན་མི་གསུམ་ནས་གཉིས་ཀྱི་ནོར་འཕྲུལ་ངོས་ལེན་བྱས་ནས་སྨན་རྩིས་ཁང་གཞུང་གིས་ཉེས་པ་གང་བཏང་བ་དེར་ངོས་ལེན་བྱས་པ་རེད། ནོར་འཕྲུལ་བྱས་པ་རེད། ཉེས་པ་ཕོགས་པ་རེད། འགྲིགས་པ་རེད། སྒྲུང་རྫོགས་པ་རེད། འོན་ཀྱང་རྗེས་སུ་རྟ་མགྲིན་ཚེ་རིང་གི་རྒྱབ་ཏུ་ཚེ་རྟེན་ནོར་བུ་ལངས་ནས་ཁོའི་ནོར་འཕྲུལ་འགེབས་སྲུང་དང་ཞབས་འདྲེན་ཞུས་མེད་ཁུལ་བྱས་ཏེ་ཁྲིམས་གཏུགས་བྱེད་ཚུལ་བྱས་པ་རེད། ས་གནས་ཁྲིམས་ཞིབ་ཁང་ཡང་ཁྲིམས་ཀྱི་ཤེས་ཡོན་དང་ཉམས་མྱོང་དེ་ཙམ་མེད་དུས་ལག་ལེན་གྱི་ཐོག་ནས་བྱེད་ཤེས་མེད་པ་རེད། ས་གནས་ཁྲིམས་དཔོན་རང་ཉིད་ས་གནས་དེ་རང་དུ་བསྡད་དུས་ཚེ་རྟེན་ནོར་བུ་དང་འབྲེལ་བ་ཡོད་པར་སོང་ཐག་གཅོད་ཁག་པོ་ཆགས་ཡོད་པ་རེད། ད་ག་རེ་བྱེད་དགོས་ཞེས་ན། སྨན་རྩིས་ཁང་གི་སོ་སོའི་བདེན་པ་དེ་མཐའ་གསལ་དགོས་པ་རེད། ཁུངས་སྐྱེལ་དགོས་པ་རེད། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས་དགོས་པ་རེད།་ དེ་རེད། རྙོག་དྲ་ཞེ་དྲག་མེད་རེད།

    Reply
  8. ཕུར་བུ་ཚེ་རིང་། says:
    ལོ་ 12 སྔོན།

    གནས་ཚུལ་འདི་ཡ་མཚན་པོ་འདྲ་ཞིག་ཆགས་ཀྱིན་འདུག མ་གཞི་དབུས་སྨན་རྩིས་ཁང་གི་དབུ་འཛིན་ཚེ་རིང་བཀྲ་ཤིས་མཆོག་ནི་མི་ཧ་ཅང་ཤེས་འཇོན་གཉིས་ལྡན་ཞིག་ཡིན། ཁོང་ཐེངས་སྔོན་མར་སྨན་རྩིས་ཁང་གི་དབུ་འཛིན་ལ་བཞུགས་སྐབས་སྨན་རྩིས་ཁང་ལ་གསར་གཏོད་མང་པོ་ཞིག་གནང་ཡོད་པ་རེད། ཡིན་ནའང་སྐབས་དེར་ཨམ་རྗེ་ཁ་ཤས་ཀྱིས་ལྐོག་ལྐོག་སུད་སུད་ཀྱིས་ལས་ཀ་འདྲ་མིན་བྱས་ཏེ་ཁོང་གིས་དགོངས་པ་ཞུ་དགོས་ཐུག་རེད། ད་རེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་འབྲེལ་ལྟར་ཁོང་བསྐྱར་དུ་དབུ་འཛིན་དུ་ཕེབས་ཏེ། སྨན་རྩིས་ཁང་གི་རུལ་སུངས་དང་ཉམས་རྒུད་མང་པོ་ཞིག་སླར་གསོ་དང་གཙང་བཟོ་གནང་བ་རེད། ལྷག་པར་དུ་དབུས་ས་གཉིས་ཀྱིས་ལས་དོན་ཁག་འབད་མེད་ལོངས་སྤྱོད་བྱེད་མི་ཆོག་པར་ཚགས་ཚུད་གནང་བ་རེད། འགྱུར་བ་དེ་དག་གིས་མི་རེ་གཉིས་ལ་ཕོག་ཐུག་འགྲོ་ཡོད་སྲིད་ཀྱང་སྤྱི་བའི་སྒྲིག་འཛུགས་ལ་ཕན་ཆེན་པོ་ཐོགས་ཡོད་པ་རེད། ད་རེས་ཀྱང་ཁོང་ལ་ཨམ་རྗེ་དེ་ཚོས་མངོན་ལྐོག་ཅི་རིགས་ནས་ལས་ཀ་འདྲ་མིན་བྱས་དང་བྱེད་བཞིན་ཡོད་པ་རེད། ཡིན་ནའང་མང་ཚོགས་ཚོས་ངོས་ནས་ཞིབ་འཇུག་ཡག་པོ་གནང་དགོས་པ་རེད། མི་རེ་ཟུང་དགའ་མིན་དགའ་ཐོག་གི་སྐད་ཆ་དང་སྤྱོད་པ་ཙམ་ལ་ལྟ་རྒྱུ་ཡོད་མ་རེད། ཐེངས་འདིར་དབུ་འཛིན་མཆོག་གིས་ཕྱག་ལས་མགོ་འཛུགས་གནང་སྟེ་རྒྱུན་རིང་པོ་ཕྱིན་མེད་ནའང་སྨན་རྩིས་ཁང་དབུས་ས་གཉིས་དང་ཕྱི་ནང་གསང་གསུམ་ཚང་མ་གཙང་མ་དང་གྲ་འགྲིག་པོ་ཞིག་གི་ཐོག་ལ་འཇོག་གནང་མཛད་ཡོད་པ་རེད། ལྷག་པར་དུ་ད་བར་སྒེར་སེམས་ཁོ་ནས་སྤྱོད་པ་ལོག་བསྡད་པ་མང་པོ་ཞིག་ལ་མངོན་ལྐོག་མེད་པའི་ཐོག་ནས་ཐག་གཅོད་གཙང་མ་གནང་ཡོད་པ་རེད། ཐུགས་རྗེ་ཆེ།

    Reply
  9. གངས་ལྡོམ། says:
    ལོ་ 12 སྔོན།

    དེ་རིང་འདིར་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་དེ་ཕན་མེད་ཅིག་ཡིན་པ་གསལ་པོ་བསྟན་འདུག་ག
    ཕན་མེད་ཅིག་མིན་ན་བོད་པ་ནང་ཁུལ་གྱི་གནས་དོན་ཆེ་ཆུང་ཚང་མ་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཐག་གཅོད་བྱས་ཆོག་གི་རེད། ལྟོས་དང་ལམ་སེང་རྒྱ་གར་ཁྲིམས་ཁང་ལ་ཁྲིམས་གཏུག་བྱ་རྒྱུ་ཡིན་ཟེར། ཧཧཧཧཧ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese