མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམག་མི་ ༡༥༢ ལ་སྲོག་ཁྲིམས།

བོད་ཀྱི་དུས་བབ།
༢༠༡༣/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བྷང་ལཱ་ངྷེ་ཤི་རྒྱལ་སའི་ཁྲིམས་ཁང་གིས་མཐའ་མཚམས་སྲུང་སྐྱོབ་དམག་མི་ངོ་ལོག་པ་ ༡༥༢ ཙམ་ལ་སྲོག་ཁྲིམས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག

དེ་རིང་སྔ་དྲོར་བྷང་ལཱ་ངྷེ་ཤིའི་རྒྱལ་སའི་གྲོང་ཁྱེར་ཁྲིམས་ཁང་གིས། ༢༠༠༩ ལོར་བྷང་ལཱ་ངྷེ་ཤི་མཐའ་མཚམས་སྲུང་སྐྱོབ་དམག་མིའི་ལྟེ་གནས་ཁང་ (BDR) ཞེས་པ་རུ་དམག་མིས་གྱེན་ལོག་བྱས་ཏེ། དམག་དཔོན་དང་ལས་བྱེད་ ༧༤ ཙམ་གྱི་རྐང་ལག་གཅོད་འབྲེག་དང་གསོན་བསྲེགས་བྱས་པའི་ཉེས་མིང་འོག་དམག་མི་༨༤༦ ཙམ་འཛིན་བཟུང་བྱས་པའི་ཁྲོད། ནག་ཉེས་ཆེ་ཤོས་ཀྱི་དམག་མི་ ༡༥༢ ལ་སྲོག་ཁྲིམས་དང་། གཞན་ ༡༩༠ ལ་ཚེ་བཙོན། དེ་མིན་གཞན་དག་ལ་ལོ་གྲངས་མི་འདྲ་བའི་ཁྲིམས་ཐག་བཅད་ཡོད་པ་གསལ་བསྒྲགས་བྱས་འདུག

༢༠༠༩ ལོར་བྷང་ལཱ་ངྷེ་ཤིའི་མཐའ་མཚམས་སྲུང་སྐྱོབ་དམག་མིའི་ལྟེ་གནས་ཀྱི་ལོ་འཁོར་དུས་དྲན་སྲུང་རྩིས་སྐབས། མཐའ་མཚམས་དམག་མི་དཀྱུས་མས་མཐོ་རིམ་དམག་དཔོན་ལ་སྐྱོན་བརྗོད་བྱས་ཏེ། མཐའ་མཚམས་སྲུང་སྐྱོབ་དམག་མིའི་སྤྱི་ཁྱབ་དམག་དཔོན་ལ་དམག་མིའི་སྤྱི་ཁྱབ་དམག་དཔོན་མི་དགོས་པར་གོ་གནས་ནས་འཕུད་བྱེད་དགོས་པ་དང་། དམག་མི་དང་མཐའ་མཚམས་སྲུང་སྐྱོབ་དམག་མི་གཉིས་བར་ཐོབ་ཐང་གཅིག་མཚུངས་དགོས་པའི་དགོས་འདུན་བཏོན་པར་མཐོ་རིམ་དམག་དཔོན་ཚོས་མོས་མཐུན་མ་བྱས་སྟབས། མཐའ་མཚམས་སྲུང་སྐྱོབ་དམག་མིས་མཐའ་མཚམས་སྲུང་སྐྱོབ་དམག་མིའི་སྤྱི་ཁྱབ་དམག་སྤྱི་ཤད་ཀེ་( Sheikh Ahmed) གཙོས་དམག་དཔོན་ ༥༧ དང་ལས་བྱེད་པ་ ༡༧ དམར་གསོད་བྱས་ཡོད་འདུག

དེ་རིང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བྷང་ལཱ་ངྷེ་ཤི་གཞུང་གི་ཐག་གཅོད་དེར་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་མ་ཟད། ཐེངས་འདིའི་སྲོག་ཁྲིམས་བཅད་པ་ཁོ་ནས་དྲང་བདེན་རྩོད་པར་རོགས་འདེགས་གང་ཡང་བྱས་མེད་ཚུལ་བརྗོད་འདུག གཟའ་སྔོན་མའི་ནང་། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས། བྷང་ལཱ་ངྷེ་ཤི་སྲིད་གཞུང་གིས་ཁྲིམས་རྩོད་པ་ཚོ་བཙོན་པར་ཐུག་འཕྲད་དང་ནག་ཉེས་གྱོད་དོན་སྐོར་ལ་རྒྱུས་ལོན་ཀྱི་ཡིག་ཆ་འཚོལ་བསྡུ་བྱེད་པ་བཅས་ལ་ཚོད་འཛིན་བྱས་ཡོད་པར་སྐྱོན་འཛུགས་བྱས་ཀྱང་། སྲིད་གཞུང་གིས་ངོས་ལེན་གང་ཡང་བྱས་མི་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༣ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༨ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese