མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟས་བཅད་ངོ་རྒོལ་ཉིན་ ༡༣ པ།

བོད་ཀྱི་དུས་བབ།
༢༠༡༣/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་འཐབ་རྩོད་པ་ཤེས་རབ་ཚེ་རྡོར་ལགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་བྱས་ཏེ་ཉིན་ ༡༣ འགྲོ་བཞིན་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོར། ལྡི་ལིར་གནས་སྡོད་བོད་དོན་འཐབ་རྩོད་པ་ཤེས་རབ་ཚེ་རྡོར་ལགས་ཀྱིས། སུད་སིའི་གྲོང་ཁྱེར་ཇེ་ནི་ཝའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་གཏན་འབེབས་ཀྱི་ཉིན་མོ་དང་བསྟུན་ཏེ། རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་ལ་དངོས་སུ་རྟོག་ཞིབ་ཡོང་རྒྱུར་འབོད་སྐུལ་ཆེད། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཇན་ཏར་མན་ཏར་(Jantar Mantar)ས་གནས་སུ་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་མགོ་འཛུགས་བྱས་ཏེ། དེ་རིང་བར་ཉིན་ ༡༣ འགྲོ་བཞིན་ཡོད།

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཁོང་གི་སྐུ་གཟུགས་གནས་སྟངས་དང་། ལས་འགུལ་མཚམས་འཇོག་གནང་འཆར་ཡོད་མེད་དྲིས་པར་ཁོང་གིས། “ད་ལྟའི་ཆར་གོམ་པ་བརྒྱབ་ནས་འགྲོ་ཐུབ་ཀྱི་འདུག ཡིན་ནའང་། ལམ་སང་ཐང་ཆད་པ་དེ་འདྲ་ཡོང་གི་འདུག གང་ལྟར་ང་རང་བོད་མི་ཞིག་ཡིན་པའི་ཆ་ནས་མཉམ་འབྲེལ་རྒྱལ་ཚོགས་ལ་བཏོན་པའི་རེ་སྐུལ་དེ་ཚོ་མ་འགྲུབ་བར་ཟས་བཅད་ངོ་རྒོལ་ལ་འདུག་རྒྱུ་ཡིན།  ང་རང་གི་ངོས་ནས་གཟུགས་པོའི་གནས་སྟངས་ཛ་དྲག་ཆགས་མིན་ལ་བསམ་བློ་གཏོང་གི་མེད། གཙོ་བོ་ང་རང་ཚོའི་དོན་དག་དེ་འགྲུབ་དགོས་པ་རེད། གཞིས་ལུས་བོད་མི་ཚོས་རྒྱ་གཞུང་གི་དྲག་གནོན་འོག་ལུས་སྲོག་བློས་གཏོང་བཞིན་ཡོད་པ་རེད། ང་ཚོ་བཙན་བྱོལ་ལུང་པར་སྡོད་མཁན་ཚོས་འདི་ཙམ་ཞིག་བྱེད་མ་ཐུབ་ན་རྣམ་རྟོག་རེད། ”ཅེས་བརྗོད་བྱུང་།

ད་ལྟའི་བར་རྒྱ་གར་བདེ་སྲུང་ལས་ཁུངས་དང་བོད་མིའི་སྒྲིག་འཛུགས་སོགས་ནས་ལས་འགུལ་མཚམས་འཇོག་དགོས་པའི་རེ་སྐུལ་གནང་ཡོད་མེད་དྲིས་པར། “ ཟས་བཅད་ངོ་རྒོལ་གྱི་ཉིན་གཉིས་པ་དེར་རྒྱ་གར་ཉེན་རྟོག་པས་ལས་འགུལ་མཚམས་འཇོག་དགོས་པའི་བཀའ་རྒྱ་བཏང་བ་མ་གཏོགས་ཕྱིས་སུ་བཀག་འགོག་གང་ཡང་བྱུང་མ་སོང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མི་སྣ་དང་ཚོགས་པ་ཁག་ནས་ཀྱང་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་མ་སོང་། ཡིན་ནའང་། ང་རང་གི་གཉེན་ཉེ་དང་གྲོགས་པོ་གྲོགས་མོ་ཚོས་ཁ་སང་ནས་ལས་འགུལ་མཚམས་འཇོག་གནང་རོགས་ཞེས་འབོད་སྐུལ་གནང་སོང་ཡང་། ང་རང་གིས་ཐག་བཅད་ཚར་བ་ཞིག་ལག་ལེན་བསྟར་ཐུབ་པ་བྱེད་རྒྱུ་ཡིན་པས་མཚམས་འཇོག་རྩ་བ་ནས་བྱེད་རྒྱུ་མིན་ཞེས་ཞུས་ཚར་བ་ཡིན། ”ཞེས་བརྗོད་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

ཆུ་ཚོད་ ༢༠ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

ཆུ་ཚོད་ ༢༡ སྔོན་ལ།
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

ཆུ་ཚོད་ ༢༣ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

༢༠༢༦/༠༩/༢༣
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

༢༠༢༦/༠༩/༢༣
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

༢༠༢༦/༠༩/༢༣

མཆན། 1

  1. བདེན་པའི་རྒྱལ་སྲས། says:
    ལོ་ 13 སྔོན།

    ཟམ་གདོང་རིན་པོ་ཆེས། རྒྱ་གཞུང་དང་། དེའི་ཆེས་མཐོའི་དཔོན་རིགས་སོགས་ལ་ངོ་རྒོལ་དང་། སྐད་འབོད་བྱེད་མི་རུང་འཚེ་བ་མེད་པའི་ལྟ་གྲུབ་དང་འགལ་འགྲོ་ཟེར་ལན་དུ་མར་གསུང་ཟིན་ནའང་། ད་དུང་མི་འདི་ཚོ་གོ་མེད་ཚོར་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese