མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྐྱིད་སྡུག་མཉམ་ཁུར་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༡༣/༡༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་འོག་རྒྱ་གར་རྒྱལ་ས་ལྡི་ལིར། ཉེ་ལམ་ཁམས་འབྲི་རུ་ཁུལ་དུ་རྒྱ་གཞུང་གིས་དྲག་གནོན་བྱེད་ཀྱིན་པར་ངོ་རྒོལ་གོམ་བགྲོད་ལས་འགུལ་ཞིག་གོ་སྒྲིག་བྱས་ཡོད་ཅིང་། དེ་ནི་ཁ་སང་ཚེས་ ༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡།༤༠ ཐོག་རྒྱ་གར་རྒྱལ་ལྡི་ལིའི་རམ་ལེ་ལཱ་( Ram Leela maidan ) ནས་ཇན་ཏར་མན་ཏར་ (Jantar Mantar) བར་གཞིས་བྱེས་བོད་མིའི་སྐྱིད་སྡུག་མཉམ་འཁུར་ཞེས་པའི་རྒྱ་ནག་གཞུང་ལ་ངོ་རྒོལ་གོམ་བགྲོད་ལས་འགུལ་ཞིག་སྤེལ་ཡོད་འདུག

མང་ཚོགས་ཇན་ཏར་མན་ཏར་རུ་འཛོམས་རྗེས་བོད་དོན་ཆེད་སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ཞུས་རྗེས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དྲུང་ཆེ་སེར་སྨད་བློ་དགའ་ལགས་ཀྱིས་བོད་སྐད་དང་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་ལགས་ཀྱིས་དབྱིན་སྐད། བོད་མི་མང་སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་ཧིན་སྐད་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་ཡོད་པ་དང་། དེའི་རྗེས་གདན་ཞུའི་སྐུ་མགྲོན་རྒྱ་གར་བ་ཁག་ཅིག་གིས་ཀྱང་གཏམ་བཤད་གནང་ཡོད་འདུག ལས་འགུལ་དེའི་ནང་ལྡི་ལི་བསམ་ཡས་གླིང་མི་མང་དང་མཐོ་སློབ་ཁག་གི་སློབ་ཕྲུག་སོགས་མཉམ་ཞུགས་གནང་ཡོད་འདུག

ཐེངས་འདིའི་ལས་འགུལ་ནི་མདོ་ཁམས་འབྲི་རུའི་ནང་གི་ཛ་དྲག་གི་གནས་སྟངས་གཙོ་བོ་བྱས་པའི་བོད་ནང་གི་རྒྱ་ནག་གི་དམ་བསྒྲགས་ལས་འགུལ་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཐུགས་སྣང་ཡོང་ཆེད་ཡིན་པ་དང་། ལས་འགུལ་དེར་བསྒྲགས་གཏམ་དོན་ཚན་བཞི་ཡོད་པ་དག་ནི། ༡༽ བོད་ཀྱི་ལོ་རྒྱུས་ནི་ཡུན་རིང་གི་བྱུང་རབས་ཤིག་ཡིན་པར་འཛམ་གླིང་གི་ཆེས་མཐོའི་མི་སྣས་མཁྱེན་གསལ་ཡིན་པ་མ་ཟད། ཉེ་ལམ་བོད་ནང་གཅིག་པུར་རྒྱལ་གཅེས་དཔའ་བོ་ ༡༢༡ གིས་རང་ལུས་མེར་བསྲེགས་ཀྱི་ལམ་ནས་བོད་ཀྱི་སྡུག་བསྔལ་རྣམས་འཛམ་གླིང་ཐོག་གསལ་སྟོན་གནང་ཡོད་ལ། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་དུ་བོད་ནང་གི་ཛ་དྲག་གི་གནས་ཚུལ་ཆ་ཚང་བ་ཞིག་ཐོན་མིན་ལ་མ་ལྟོས་པར་རྒྱལ་སྤྱིའི་གནད་ཡོད་མི་སྣ་དང་གཞུང་འབྲེལ་ཁག་ནས། བོད་ཀྱི་དཀའ་ངལ་དེ་དག་མ་གོ་མ་ཐོས་པའི་ཟོལ་གྱིས་སྐྱུར་འཇོག་དང་སྣང་ཆུང་དུ་མི་གཏོང་བའི་རེ་སྐུལ་ཞུ་རྒྱུ། ༢༽ བོད་ནང་གི་ཛ་དྲག་གི་གནས་སྟངས་སྤྱི་དང་ལྷག་པར་ཉིན་གྲངས་བརྒྱ་མ་ཟིན་པའི་ནང་། རྒྱ་ནག་གཞུང་གིས་མདོ་ཁམས་འབྲི་རུ་ལ་རྡུང་རྡེག་ཚ་ནན་བཏང་བ་དང་ས་གནས་མང་ཚོགས་ཀྱི་མངོན་འདོད་རྡོག་རོལ་བཏང་སྟེ་ས་གནས་གང་སར་དམག་མི་བཀྲམས་པ་དང་མི་མང་ནང་གང་བྱུང་མེ་མདའ་བརྒྱབ་པ། ཉེས་མེད་ཡུལ་མི་འཇུ་བཟུང་བྱས་པ་སོཌ་མི་སྦྱོད་ལས་འདས་པའི་བྱ་སྤྱོད་དེ་དག་འཕྲལ་དུ་མཚམས་འཇོག་དང་བོད་མི་དེ་རྣམས་མྱུར་དུ་གློད་གྲོལ་བྱ་དགོས།

༣༽ བོད་ཀྱི་ཡུལ་མི་དང་གནའ་བོའི་སྲོལ་རྒྱུན་རིག་གནས་སོགས་རྩ་མེད་གཏོང་བའི་ཇུས་ངན་བཤམ་སྟེ། བོད་པ་རིག་གནས་ཅན་དང་མི་རིགས་ཀྱི་སློབ་གསོའི་ལམ་སྟོན་པ་སོགས་འཇུ་བཟུང་བྱས་པ། གཏེར་ཁ་སྔོག་འདོན་སོགས་ཀྱིས་འཁོར་ཡུག་གཏོར་སྐྱོན་བཏང་བ། འབྲོག་སྡེ་རྣམས་ཤུལ་མེད་དང་ཞིང་པའི་ཞིང་སར་ནགས་ཚལ་ཅན་དུ་བསྒྱུར་བ་སོགས་སྲོལ་རྒྱུན་འཚོ་བའི་ཁ་ཕྱོགས་རྣམས་བཙན་སྒྱུར་བྱེད་བཞིན་པའི་བྱ་ངན་དེ་དག་འཕྲལ་དུ་ཕྱིར་འཐེན་བྱ་དགོས། ༤༽ རྒྱ་ནག་རང་ཉིད་ཀྱིས་གཏན་འབེབ་བྱས་པའི་རྩ་ཁྲིམས་ཀྱི་མང་གཙོའི་ཐོབ་ཐང་སོགས་ལ་སྣང་ཆུང་གཏོར་བཤིག་བཏང་བ་དང་། བོད་མི་རིགས་ཀྱི་སོན་རྩའི་མི་རབས་གསར་པའི་ན་གཞོན་ཤེས་ཡོན་ཅན་རྣམས་ལ་འོས་བབ་ཀྱི་ལས་ཀ་མི་སྤྲོད་པ་དང་ལས་སྣེ་ནས་ཕྱིར་འཕུད་གཏོང་བ། ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་ཁོང་ཚོའི་མདུན་ལམ་ལ་བར་ཆད་གཏོང་བ་སོགས་ཀྱི་གཡོ་ཇུས་ཇི་སྙེད་ཅིག་རྩོམ་བཞིན་པ་དེ་དག་འཕྲལ་མར་མཚམས་འཇོག་བྱ་དགོས། ཞེས་སོགས་བཀོད་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༦ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese