མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་འགྲོ་བ་མིའི་ཐོང་ཐང་ལྷན་ཚོཊ་རྒྱུན་ལས་ནང་ཞུགས་མི་ཆོག

བོད་ཀྱི་དུས་བབ།
༢༠༡༣/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ངྷ་སའི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་རྒྱ་ནག་ནི་འགྲོ་བ་མིའི་ཐོང་ཐང་གསལ་བསྒྲགས་རྡོག་རོལ་གཏོང་མཁན་གཏེ་བོ་དེ་ཡིན་སྟབས། ཐེངས་འདིར་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྒྱུན་ལས་གྲས་སུ་ཞུགས་རྒྱུའི་ཐོབ་ཐང་མེད་ཅེས་ངོ་རྒོལ་ལས་འགུལ་ཞིག་སྤེལ་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག སུད་སིའི་གྲོང་ཁྱེར་ཇི་ནེ་ཝའི་ནང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ལོ་བཞིའི་རིང་ཚོགས་མིའི་རྒྱལ་ཁབ་སོ་སོའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བསྐྱར་ཞིབ་ཚོགས་འདུ་དེ་རིང་མཇུག་བསྒྲིལ་ཏེ་ལྷན་ཚོགས་ཀྱི་རྒྱུན་ལས་འོས་འདེམས་བྱེད་ཀྱི་ཡོད་པའི་སྐབས་དང་བསྟུན་ཏེ། ངྷ་སའི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔའི་གོ་སྒྲིག་འོག ངྷ་ས་མེག་གྷན་ཁྲོམ་གཞུང་དུ། རྒྱ་གཞུང་གིས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པའི་སྐབས་འདིར། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྒྱུན་ལས་རྒྱལ་ཁབ་ཁག་གིས་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཀྱི་རྩ་ཁྲིམས་ལ་དོན་དངོས་ཀྱིས་བརྩི་བཀུར་བྱས་ཏེ། རྒྱ་ནག་ཡང་བསྐྱར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་རྒྱུན་ལས་གྲས་སུ་ཞུགས་རྒྱུར་རྒྱབ་སྐྱོར་མི་བྱེད་རྒྱུར་བསྒྲགས་གཏམ་དང་།  ད་ལྟ་བོད་ནང་གི་ཛ་དྲག་གནས་སྟངས་སྔར་ལས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པར་ངོ་རྒོལ་ལས་འགུལ་ཞིག་སྤེལ་སོང་།

ཐེངས་འདིའི་ལས་འགུལ་དང་འབྲེལ་བའི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔའི་བསྒྲགས་གཏམ་ནང་། གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས། རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིར་འོས་འདེམས་བྱེད་པ་དེ་ནི་ལྷན་ཚོགས་ཀྱི་དགོས་དམིགས་དང་ཡོངས་སུ་འགལ་བའི་ངོ་ཚ་དགོས་པའི་གནད་དོན་ཞིག་རེད། ཟུར་གནས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཡོངས་ནས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཡོད་པའི་སྙན་ཐོ་ཞིག་སྟོན་རྒྱུ་མེད་པ་གསལ་སྟོན་བྱས་ཡོད། རྒྱ་གཞུང་གིས་བོད་གཙོས་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཡོད་པའི་མི་རིགས་ཡོངས་ལ་དོན་དམ་གྱི་འགྲོ་བ་མིའི་ཆེ་མཐོང་དང་དྲང་བདེན། འདྲ་མཉམ་བཅས་ཀྱི་ཐོབ་ཐང་ཡོད་པའི་དཔང་རྟགས་ཤིག་མ་སྟོན་བར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིར་འཇོག་ཐབས་མེད་ཅེས་བརྗོད་འདུག

བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་ལགས་ཀྱིས། བོད་ནང་བོད་མི་གྲངས་ ༡༢༢ ཙམ་གྱིས་རང་ལུས་མེར་བསྲེགས་གནང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་ པ་འདིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་དུ་འགྲོ་བཞིན་ཡོད་པ་གསལ་སྟོན་དང་། རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་ཚད་ལས་བརྒལ་བའི་བརྡབ་གསིག་དང་བརྩི་མེད་གཏོང་བཞིན་པ་མཚོན་ཡོད་ལ། གནད་དོན་དེའི་ཐོག་ཨ་རིའི་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་བཏོན་པའི་ ༢༠༡༣ ལོའི་སྙན་ཐོའི་ནང་རྒྱ་གཞུང་གིས་བཙོན་པ་སྲོག་ཐོག་བཏང་བའི་གྲངས་ཚད་དེ་ནི་འཛམ་གླིང་རྒྱལ་ཁབ་གཞན་ཁག་གིས་སྲོག་ཐོག་བཏང་བའི་ཁྱོན་བསྡོམས་ཀྱི་གྲངས་འབོར་ལས་ཀྱང་མང་བ་ཆགས་ཡོད་པ་ལྟར། རྒྱུ་མཚན་དེ་དག་གིས་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁོངས་སུ་སླར་འདེམས་བྱེད་རྒྱུ་རན་པོ་མེད་ལ་འཛུལ་ཞུགས་ཀྱི་འོས་བབ་གཏན་ནས་མེད་པར་ར་འཕྲོད་བྱུང་ཡོད་ཅེས་བརྗོད་འདུག

དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་པ་སངས་ཚེ་རིང་ལགས་ཀྱིས། ཁོ་ཚོ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིར་བཞུགས་པའི་དུས་ཡུན་རིང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད། རྒྱ་ནག་དམར་ཤོག་དབང་སྒྱུར་རིང་ལུགས་པས་བོད་གཙོས་སོག་པོ་དང་ཡུ་གུར་མི་རིགས་སོགས་ཀྱི་རང་དབང་དང་ཐོབ་ཐང་ལ་རྩིས་མེད་དྲག་གནོན་དང་མནར་གཅོད། འཇིགས་སྐུལ་བཅས་བྱེད་ཀྱི་ཡོད། དེས་ན་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་མིའི་ཁོངས་སུ་ཡོད་པ་ནི་དོན་དངོས་དུ་ལྷན་ཚོགས་ཀྱིས་རྗོད་བཞིན་པའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གལ་གནད་ལ་མཐོང་ཆུང་དང་ཁྱད་གསོད་བྱས་པ་ཞིག་ཡིན་ཞེས་བརྗོད་འདུག

བོད་མི་དང་བོད་དོན་རྒྱབ་སྐྱོར་པ་གཙོས་འཛམ་གླིང་མི་མང་ས་ཡ་གཅིག་ལྷག་གིས་གཟའ་འཁོར་གཅིག་རིང་དྲ་ཚིགས་ཨ་ཝ་ཛེ་ (Avaaz.org) https://secure.avaaz.org/en/stand_with_tibet_loc/?bKfnNab&v=30811བརྒྱུད་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྒྱུན་ལས་རྒྱལ་ཁབ་གྲས་སུ་མི་འདེམས་རྒྱུར་འབོད་སྐུལ་མཚན་རྟགས་བསྡུས་ཡོད་འདུག

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༦ སྟེང་ཁ་སང་བོད་ནང་དུ་གྲྭ་ཚེ་རིང་རྒྱལ་ལགས་ཀྱིས་བོད་ཀྱི་བསྟན་སྲིད་མི་རིགས་ཆེད་རང་ལུས་མེར་བསྲེགས་གནང་བར་གདུང་སེམས་མཉམ་སྐྱེད་ཀྱི་མར་མེ་ཁྲོམ་སྐོར་ཞིག་ཀྱང་གནང་སོང་།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༣ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༣ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༨ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 1

  1. ཇོ་སྲས། says:
    ལོ་ 12 སྔོན།

    འདི་ལས་ཀ་ཉི་འཚེ་བ་འདི་རིགས་མཐོང་ན་ཉོབ་ཀི་འདུག

    སྐུ་ཞབས་ཞིས་ཅིན་ཕིན་གྱི་འདྲ་གཟུགས་དེ་རྩེད་མོ་རྩེད་སྤྱད་མ་བྱས་ན་ཡག་གི་རེད། ཁྱེད་ཚོགས་པ་ལྔས་བོད་ལ་ཕན་མི་ཐོག་ཡང་སྡུག་ཉེས་མ་བསགས་ན་དགའ་གི་རེད། དགུ་བཅུ་གསུམ་ཟེར་བ་དེས་ཁ་སྔོན་དབུ་མ་ཡིན་ཟེར་ནས་ལྷ་རང་འབབ་རྒྱག་གིས། དེ་རིང་ཡང་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ཟེར་ནས་འཚང་ཁ་རྒྱག་གིས། ཧཧཧཧཧཧཧ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese