མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱའི་བཙོན་ནང་གི་བོད་པའི་རྩོམ་པ་པོ་དག་གླེང་པ།

བོད་ཀྱི་དུས་བབ།
༢༠༡༣/༡༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་སྲུང་གཙི་དང་འབྲེལ། ཆབ་སྲིད་བཙོན་ཟུར་དང་ཉམས་ཞིབ་པ་སོགས་གདན་འདྲེན་བྱས་ཏེ་བོད་པའི་ཆབ་སྲིད་བཙོན་པ་དང་རྩོམ་པ་པོའི་སྐོར་ལ་བགྲོ་གླེང་ཞིག་གནང་སོང་།

དེ་རིང་སྔ་དྲོར་ངྷ་སའི་ཀིརྟི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ། པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་ཐེངས་ ༣༢ པ་སྲུང་གཙི་དང་འབྲེལ་བགྲོ་གླེང་ཞིག་གོི་སྒྲིག་གནང་ཡོད་ཅིང་། དེར་རྒྱ་ནག་གཞུང་གི་བཙོན་ཁང་དུ་ཡོད་པའི་མཆོད་མེ་དྲ་རྒྱའི་རྩོམ་སྒྲིག་པ་དང་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལགས་ཀྱི་གཅུང་པོ་བུངྷ་སྐྱབས་ལགས་ཀྱིས་དཀོན་མཆོག་ཚེ་འཕེལ་ལགས་དང་ཁོང་གི་ནང་མིའི་སེམས་ཚོར་སྐོར། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་ནུབ་ཕྱོགས་རང་དབང་འཐབ་རྩོད་ཁྲོད་རྩོམ་པ་པོའི་ནུས་པའི་སྐོར། ཆབ་སྲིད་བཙོན་ཟུར་དཔལ་ལྡན་རྒྱ་མཚོ་ལགས་ཀྱིས་བཙོན་འོག་ཏུ་འདས་གྲོངས་སོང་བའི་བོད་ཀྱི་མཁས་པ་དང་རྩོམ་པ་པོ་རྣམས་ཕྱིར་དྲན་བཅས་ཀྱི་བརྗོད་གཞིའི་ཐོག་གཏམ་བཤད་དང་། ན་གཞོན་ཁག་ཅིག་གིས་བཙན་གནོན་འོག་ཡོད་པའི་རྩོམ་པ་པོ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད་སྙན་ངག་གྱེར་འདོན་བཅས་གནང་སོང་།

བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཆེ་གཡུ་སྒང་འོད་ཟེར་ལགས་ཀྱིས་ངོ་སྤྲོད་གནང་བར། ཐེངས་འདིའི་བགྲོ་གླེང་དེ་ནི་འཛམ་གླིང་ཐོག་རླབས་ཆེན་གྱི་རྩོམ་པ་པོ་མང་པོ་ཞིག་གིས་དྲང་བདེན་གྱི་མྱུ་གུ་བཟུང་སྟེ། འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་ཕན་བདེའི་ཆེད་དུ་རྩོམ་ཡིག་སྤེལ་བ་ལ་བརྟེན་ནས། གདུག་རྩུབ་ཅན་གྱི་སྲིད་གཞུང་ཁག་གིས་རྩོམ་འབྲིའི་རང་དབང་དང་སྨྲ་བརྗོད་རང་དབང་གི་ཐོབ་ཐང་འཕྲོག་ཡོད་པ་མ་ཟད། མང་པོ་ཞིག་བཙོན་འཇུག་བྱས་ཏེ་ལུས་སེམས་གཉིས་ལ་གནོད་པ་དང་ཉིན་མཚན་གཉིས་ལ་དཀའ་སྡུག་ཚད་མེད་མྱོང་གི་ཡོད་པ་ལྟར། འདི་ལོར་རྒྱལ་སྤྱིའི་པེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཁྱབ་ཁོངས་བཙོན་འོག་རྩོམ་པ་པོ་སྡེ་ཚན་གྱིས་བཙོན་འོག་ཏུ་དཀའ་སྡུག་མྱོང་བཞིན་པའི་རྩོམ་པ་པོ་བརྒྱ་ཕྲག་མང་པོའི་ཁྲོད་ནས་བོད་ནང་གི་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལགས་དང་། ཨ་ཧྥེ་རི་ཀའི་རྩོམ་པ་པོ་ (Rodney Sieh) ཊོེར་ཀེའི་རྩོམ་པ་པོ་ (Fazil Say) ཨི་རན་གྱི་རྩོམ་པ་པོ་ (Dr Rahnavard) ཧོན་ཌོ་ར་སའི་རྩོམ་པ་པོ་ (Dina Meza) བཅས་རྩོམ་པ་པོ་ ༥ ལ་པེན་གྱི་ཡན་ལག་རྒྱལ་ཁབ་ ༡༤༦ ལྷག་གི་ནང་དུས་དྲན་སྲུང་གཙི་བྱེད་བཞིན་ཡོད་སྐོར་བརྗོད་སོང་།

ཤེས་རིག་ལས་ཁུངས་ཀྱི་ཡིག་སྒྱུར་བ་བུངྷ་སྐྱབས་ལགས་ཀྱིས། རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལགས་ནི་ཁོ་རང་གི་ཕུ་བོ་ཡིན་ཞིང་། ༢༠༠༩ ཟླ་ ༢ པའི་ཉིན་ཁོང་གིས་གཅེན་པོ་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་ཐོག་མར་ཐོས་རྗེས་སེམས་ཁྲལ་ཆེན་པོ་བྱུང་ཞིང་། དཀོན་མཆོག་ཚེ་འཕེལ་ལགས་ནི་ཁོང་སྤུན་མཆེད་དག་གི་ཁྲོད་ནས་སྤྱི་ཚོགས་ལ་ཤེས་ཡོན་གྱི་ཞབས་ཞུ་སྒྲུབ་མཁན་དང་། ཁྱིམ་གྱི་ཕྲུ་གུ་གཞན་རྣམས་སློབ་གྲྭར་འགྲོ་བའི་མཐུན་རྐྱེན་བསྐྲུན་མཁན་གཙོ་བོ་དེ་ཡིན་ཞིང་། ཁོང་འཛིན་བཟུང་བྱས་རྗེས་ཁོ་རང་ཡང་མུ་མཐུད་གཙུག་ལག་རབ་འབྱམས་པ་ (MA) སློབ་སྦྱོང་བྱ་རྒྱུའི་དམིགས་ཡུལ་མ་འགྲུབ་སྐོར་བརྗོད་སོང་།

དཀོན་མཆོག་ཚེ་འཕེལ་རྒྱ་གཞུང་གིས་འཛིན་བཟུང་བྱས་རྗེས་ཟླ་བཞིའི་རིང་ནང་མིར་འབྲེལ་བ་མ་བྱུང་བར་ལྷག་པ་དང་། རྗེས་སུ་ནང་མིས་རྒྱ་ནག་ཧྲང་ཧེ་དང་ལན་ཀྲུའུ་བཅས་ནས་ཁྲིམས་རྩོད་པ་བཙལ་ཡང་། ཁྲིམས་རྩོད་པས་ཆབ་སྲིད་ཀྱི་གནས་ཚུལ་བྱུང་བའི་རིགས་ལ་ལག་པ་འཆང་མ་ཐུབ་པའི་དབང་གིས་འགྲོ་སོང་བཏང་ཡང་ནུས་པ་མ་ཐོན་པར་ལྷག་ཡོད་སྐབས། རྒྱ་གཞུང་གིས་ཨ་ཕ་དང་ཨ་ཅེ་གཉིས་སྐད་བཏང་སྟེ་ཁྲིམས་རྩོད་ཀྱི་ལས་རིམ་གཅིག་ཀྱང་མ་སོང་བར། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ལས་ཀ་བྱས་པའི་ཉེས་འཛུགས་འོག་ལོ་ ༡༥ ཁྲིམས་ཐག་བཅད་ཡོད་ཅིང་། ཉེ་དུས་བར་ཟླ་གཉིས་རེའི་ནང་སྐར་མ་ ༣༠ རེར་ནང་མི་ཐུག་འཕྲད་བྱེད་འཇུག་སྟེ་རྒྱ་སྐད་ཐོག་ཕན་ཚུན་སྐད་ཆ་བཤད་དགོས་ཀྱང་། ཉེ་ཆར་ཕྱི་ཟླ་ ༨ པ་ནས་ཁོང་བཙོན་ཁང་གཞན་ཞིག་ཏུ་སྤར་ཏེ་སྔར་ལས་དམ་དྲག་ཆེ་རུ་ཕྱིན་ཡོད་པ་དང་། གཟུགས་པོའི་གནས་སྟངས་སྐྱོ་རུ་ཕྱིན་ཡོད་སྟབས་ནང་མི་ཚོས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་བྱུང་། 

མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་གྱིས་ནུབ་ཕྱོགས་ཀྱི་རྩོམ་པ་པོ་ཁག་གི་བརྩམས་ཆོས་ཀློག་སྐབས། དེབ་ཀློག་རྒྱུ་ཙམ་མིན་པར་རྩོམ་པ་པོའི་ལོ་རྒྱུས་དང་འབྲེལ་བའི་རྒྱབ་ལྗོངས་གནས་ཚུལ་དང་མི་ཚེའི་ལངས་ཕྱོགས། ལྟ་བ་འཁྱེར་ཕྱོགས་བཅས་ལ་དོ་སྣང་བྱ་གལ་ཆེ་བ་དང་། ཁོ་མོས་འདས་པའི་ལོ་ཟླའི་ནང་ལྟ་ཀློག་བྱས་པའི་དཔེ་ཆ་ཁག་ལས་ཤར་ཡུ་རོབ་ཀྱི་ལུང་པ་མང་པོ་ཞིག་དམར་ཤོག་གི་བཙན་འོག་ཏུ་དཀའ་སྡུག་མྱངས་ཏེ། རྩོམ་པ་པོ་མང་པོ་ཞིག་གིས་སྐབས་དེའི་འགྲོ་བ་མིའི་ཐོབ་དང་དམངས་གཙོ། ལྟ་གྲུབ་བཅས་ཀྱི་ཆེད་རྩོམ་ཡིག་བྲིས་ཏེ་ཨ་རི་གཙོས་པའི་རྒྱལ་ཁབ་ཁག་ནང་བཙན་བྱོལ་དུ་འགྲོ་དགོས་བྱུང་ཡོད་པ་དང་། ཁོང་ཚོ་བཙན་བྱོལ་ནང་འཚོ་བ་སྐྱེལ་སྐབས་ཀྱང་དཀའ་སྡུག་ལ་མ་འཛེམས་པར་མུ་མཐུད་རྩོམ་ཡིག་སྤེལ་ཏེ་མི་རིགས་ཀྱི་རྩ་དོན་ཆེད་བརྩམས་ཆོས་མང་པོ་བྲིས་ཡོད་འདུག རྩོམ་པ་པོ་སྙན་གྲགས་ཅན་ཁག་ཅིག་གིས་ང་ཚོ་བོད་པའི་གནས་སྟངས་དང་འདྲ་བོའི་འོག་རྩོམ་ཡིག་བྲིས་ཏེ། གཞུང་གི་སྲིད་བྱུས་འཛིན་སྟངས་དང་སྤྱི་ཚོགས་ཀྱི་དཀའ་ངལ་མང་པོ་ཞིག་གསལ་འདོན་བྱས་སྟབས་འཛིན་བཟུང་གིས་བཙོན་དུ་བཞུགས་དགོས་བྱུང་ཡང་། ཁོང་ཚོའི་རྩོམ་ཡིག་ལ་ཁོ་རང་ཚོའི་སྤྱི་ཚོགས་དང་འཛམ་གླིང་ནང་མི་མང་པོས་གདེང་འཇོག་ཆེན་པོ་གནང་སྟེ་ནོ་སྦེལ་རྩོམ་རིག་བྱ་དགའ་ཡང་ཐོབ་མྱོང་ཡོད་ཅིང་། དེ་དག་གི་རྩོམ་ཡིག་ལས་ད་ལྟའི་དུས་འདིར་འཛམ་གླིང་གི་ཆབ་སྲིད་པ་དང་ཤེས་ལྡན་པ་ཚོས་སློབ་སྦྱོང་ལེན་གྱི་ཡོད་སྐོར་བརྗོད་སོང་།

ཆབ་སྲིད་བཙོན་ཟུར་གྲྭ་དཔལ་ལྡན་རྒྱ་མཚོ་ལགས་ཀྱིས་ཁོ་རང་རྩོམ་པ་པོ་མིན་ཡང་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ལོ་ ༢༨ རིང་བཙོན་འཇུག་བྱས་ཤིང་། བཙོན་ཁང་དུ་ཨ་མདོ་བློ་བཟང་དབང་ཕྱུག་ལགས་དང་མཉམ་དུ་ ༡༩༧༩ ལོའི་ལོ་སར་ཚེས་ ༢ ཉིན་སྦྱར་ཡིག་སྦྱར་བ་སོགས་ལས་དོན་སྣ་ཚོགས་བརྩམས་པའི་ཉེར་ལེན་གྱིས་བཙོན་ཁང་ནང་འགྱུར་བ་ཏོག་ཙམ་ཕྱིན་ཞིང་རིམ་བཞིན་ལྷ་སར་སྦྱར་ཡིག་བཀྲམས་མཁན་མང་དུ་ཕྱིན་ཡོད་ཚུལ་དང་། བོད་པའི་མཁས་པ་རྒན་པ་ཚོས་ཆོས་ལུགས་བསྐྱར་གསོ་དང་། མི་རིགས་རང་གི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་ཐོག་བྱས་རྗེས་རླབས་ཆེན་བཞག་ཡོད་ཅིང་། མི་རབས་རྗེས་མ་ཚོས་མི་རབས་གོང་མ་ཚོའི་རྒྱ་ཆེ་བའི་བསམ་བློ་དང་མི་རིགས་ལ་བཅངས་ལྷག་བསམ་བཅས་སློབ་སྦྱོང་བྱས་ཏེ་སྐད་ཡིག་སྲུང་སྐྱོབ་ཐོག་འབད་བརྩོན་གནང་དགོས་སྐོར་བརྗོད་སོང་།

མཇུག་ཏུ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་ལགས་ཀྱིས། མཐུན་ཚོགས་ཀྱི་ངོས་ནས་བཙོན་ཁང་དུ་ཡོད་པའི་རྩོམ་པ་པོ་དང་བོད་ནང་གི་སྨྲ་བརྗོད་རང་དབང་སྐོར་ལ་གླེང་སློང་དང་ལས་འགུལ་སྤེལ་བ་དང་། རྒྱལ་སྤྱི་རང་བཞིན་གྱི་ཚོགས་འདུར་མཉམ་ཞུགས་རྒྱུ་གལ་ཆེན་དུ་བརྩིས་ཏེ། འདི་ལོའི་ཕྱི་ཟླ་ ༥ བའི་ནང་པོ་ལན་ཌིའི་ཚོགས་འདུ་ཞིག་ལ་མཉམ་ཞུགས་བྱས་ཏེ། བོད་ནང་གི་རང་ལུས་མེར་བསྲེཊ་གནང་མཁན་རྩོམ་པ་པོ་དགུ་འགྲུབ་ལགས་གཙོས་པའི་བོད་ནང་གི་གནས་སྟངས་ངོ་སྤྲོད་ཀྱི་གོ་སྐབས་བྱུང་ཡོད་པ་དང་། ཕྱི་ཟླ་ ༩ བའི་ནང་པེན་གྱི་ཚོགས་ཆེན་ཐོག་མཉམ་ཞུགས་ཀྱིས་གཏམ་བཤད་དང་གྲོས་གཞི་ཁག་གི་ཐོག་སྤྱི་མོས་གྲོས་ཆོད་བྱུང་ཡོད་ཚུལ་ངོ་སྤྲོད་དང་འབྲེལ། མ་འོངས་པར་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་མཉམ་འབྲེལ་ཐོག་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་འཆར་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༢ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༢ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༦ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 9

  1. སེར་སྨད་བློ་དགའ། says:
    ལོ་ 12 སྔོན།

    བཀྲ་ཤིས་བདེ་ལེགས། རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་གློད་གྲོལ་དགོས་པའི་ལས་འགུལ་ལ་སྙིང་དབུས་ནས་རྒྱབ་སྐྱོར་ཞུ།

    Reply
  2. ལྷག་པ་དོན་གྲུབ། says:
    ལོ་ 12 སྔོན།

    བཙན་བྱོལ་ནང་གི་རྩོམ་པ་པོ་དང་རྩོམ་ཡིག་ལ་བདག་པོ་རྒྱག་རྒྱུ་གལ་ཆེན་རེད་ལ་ཕྱི་རྒྱལ་དུ་བོད་དོན་ཁྱབ་བསྒྲགས་བྱེད་རྒྱུའང་གལ་ཆེན་རེད། དེ་གཉིས་ལས་གལ་ཆེ་ཤོས་དེ་བཙན་བྱོལ་ནང་གི་རྩོམ་པ་པོའི་མཐུན་ཚོགས་ཤིག་ཡིན་དུས་བཙན་བྱོལ་སྤྱི་ཚོགས་ནང་གི་ལས་དོན་དེ་ཨང་དང་པོར་འཇོག་རྒྱུ་གལ་ཆེ་ཤོས་མིན་འགྲོ་བསམ་གྱི་ཡོད།

    Reply
  3. ཀརྨ་ཕུན་ཚོགས། says:
    ལོ་ 12 སྔོན།

    བཀྲ་ཤིས་སྒྲོལ་མ་ཟེར་བ་འདི་ད་ལྟའི་རྒྱུན་ལས་ཐབ་ཆགས་ཅིག་རེད་ཞག རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་རྒྱལ་སྤྱིའི་ཚོགས་འདུ་ཁག་ལ་ཞུགས་ད་རེས་ཙམ་མ་རེད་སྔོན་མ་ཐེངས་མང་པོར་ཞུགས་མྱོང་ཡོད་པ་མ་རེད། ཡིན་ནའང་མང་པོ་ཞིག་གིས་གོས་སྐབས་དེ་བེད་སྤྱད་དེ་ཕྱི་རྒྱལ་ལ་འགྲོ་ཐབས་བྱས་པ་རེད། ཐེངས་འདིའི་རྒྱུན་ལས་ཚོ་འགྲོ་སའི་རྒྱལ་ཁབ་ཁག་ཏུ་བསྡད་ཀྱང་ཁེ་སང་གང་ཡང་མེད་པའི་དབང་གིས་ཕྱིར་ལོག་ཁུལ་བྱས་པ་རེད། ཡིན་ནའང་དོན་དངོས་ཐོག་ཕྱི་རྒྱལ་ཚོགས་འདུའི་ཐོག་བོད་དོན་ཁྱབ་བསྒྲགས་མིག་བཏད་དེ་སོང་བ་ཡིན་ནམ་ཁོ་རང་ཚོའི་སེམས་ནང་གསལ་གསལ་ཐང་ཐང་ཡོད་པ་རེད།
    གང་ལྟར་རྩོམ་པ་པོའི་མཐུན་ཚོགས་སྔོན་མ་ཚོས་རྡ་རམ་ས་ལར་ཚོགས་འདུ་དང་བགྲོ་གླེང་ཆེན་པོ་འགའ་རེ་སྐོང་སྟེ་ཉིན་གཉིས་གསུམ་རེར་མཁས་པའི་བགྲོ་གླེང་གནང་པ་གོ་མྱོང་ཡོད་ལ་དངོས་སུ་མཐོང་མྱོང་ཡང་ཡོད། རྩོམ་པ་པོའི་མཐུན་ཚོགས་ཤིག་ལ་མཚོན་ན་ལས་དོན་དེ་རིགས་གལ་ཆེ་ཤོས་མིན་འགྲོ་བསམ་གྱི་ཡོད། ལྷག་པར་དུ་བཙན་བྱོལ་ནང་གི་བོད་པའི་རྩོམ་པ་པོ་ཚོར་སྡིངས་ཆ་དང་གོ་སྐབས་ཇི་ལྟར་བསྐྲུན་རྒྱུའི་ལས་དོན་ཐོག་ཤུགས་རྒྱག་རྒྱུ་དེ་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཐོག་མར་འཛུགས་དགོས་པའི་དམིགས་ཡུལ་ཡང་ཡིན་གྱི་རེད།

    Reply
  4. བཀྲ་ཤིས་སྒྲོལ་མ། says:
    ལོ་ 12 སྔོན།

    ༡༽ རྒྱུན་ལས་སྔོན་མ་རྣམ་པས་གཞུང་དངུལ་ལྐོག་ཟ་བྱས། ད་ལྟའི་རྒྱུན་ལས་རྣམ་པས་རྩིས་ཁྲ་གཙང་བཟོ་བྱས།
    ༢༽ རྒྱུན་ལས་སྔོན་མ་རྣམ་པས་ཚོགས་པའི་ལས་དོན་བརྒྱུད་རང་ཉིད་དང་རང་ཉིད་ཀྱི་དགའ་ཉེ་ཕྱོགས་གཏོགས་རྣམས་ཕྱི་རྒྱལ་ལ་བསྐྱལ། ད་ལྟའི་རྒྱུན་ལས་རྣམ་པས་རྒྱལ་སྤྱིའི་ཚོགའ་འདུ་ཁག་ལ་བོད་དོན་ཞུ་གཏུག་དང་བོད་ནང་གི་བཙོན་འོག་རྩོམ་པ་པོའི་གནས་སྟངས་ངོ་སྤྲོད་གནང་།
    ༣༽ རྒྱུན་ལས་སྔོན་མ་རྣམ་པས་ལས་ཁུངས་ཁྱིམ་ཚང་གི་རྣམ་པར་གཉེར་ཞིང་། ད་ལྟའི་རྒྱུན་ལས་རྣམ་པས་ལས་ཁུངས་སྒྲིག་འཛུགས་ལྡན་ལ་འགྲོ་སྟངས་ཡོད་པར་བཟོས།
    ༤༽ འདི་ལྟར་གཤིབ་བསྡུར་བྱས་ན་མང་གི་ཡ།

    Reply
  5. Dawai Shonu says:
    ལོ་ 12 སྔོན།

    ཚོགས་པའི་རྒྱུན་ལས་དང་ཚོགས་མི་ཡོངས་ལ་ཞུ་རྒྱུ།
    ཚོགས་པ་འདི་ངེས་པར་དུ་རྩོམ་རིགས་རང་ལ་ཤུགས་རྒྱག་ཐུབ་ཐབས་ལ་འབད་དགོས་པ་ལས་དེ་མིན་ཆབ་སྲིད་ཀྱི་སྡིང་ཆ་ལྟ་བུར་མ་བཟོ་རོགས་ཞེས་དང་། བོད་ཡིག་མཁས་དབང་ཡིན་ཟེར་མཁན་མང་པོ་ཡོད་པ་རེད། ཁྱེད་ཚོས་ག་དུས་ཡིན་ནའང་སུམ་རྟགས་རྐྱང་སྐོར་གླེང་རྒྱུ་མཚམས་བཞག་སྟེ་བརྩམས་སྒྲུང་རིང་པོ་ (novels) སྙན་པོ་དེ་འདྲ་བྲིས་ཐུབ་ན་དངོས་གནས་ཡག་པོ་རེད། དེ་མིན་རྟག་པར་རྒྱ་ནག་ལ་ཁ རྡུང་རྐྱང་གཏོང་་བ་དང་སྐད་ཡིག་སྐོར་རྐྱང་གླེང་བསྡད་ན་ཆོ་མིན་འདུག ང་ཚོ་བོད་ཡིག་མ་ཤེས་མཁན་ཚོ་སེམས་སྐུལ་ཐེབས་པ་ཞིག་ཁྱེད་ཚོས་བྱེད་དགོས་ངེས་རེད།

    Reply
  6. བཀྲ་ཤིས་ཚེ་རིང་། says:
    ལོ་ 12 སྔོན།

    “ བཀའ་ཤག་གསར་པར་སློབ་སྦྱོང་བྱེད་ཀྱི་ཡོད་པ་འདྲ” ཟེར་བ་འདིས་སྐད་ཆ་ནག་པོ་ཞེ་དྲག་བཤད་འདུག བཀའ་ཤག་གསར་པ་ཕྱི་རྒྱལ་ཁག་ཏུ་རྒྱུག་རྐྱང་དང་སོ་སོ་ཁྱབ་བསྒྲགས་བྱེད་རྐྱང་ལས། རྒྱུན་གནས་འཕེལ་རྒྱས་དང་རྨང་གཞི་བརྟན་བརླིང་། སྤྱི་སྒེར་ཉིས་ཕན་བཅས་ཀྱི་ཐོག་ལ་ཕྱག་ལས་གནང་གི་ཡོད་པ་མ་རེད། དེ་ལ་དགོངས་པ་གཏིང་ཟབ་བཞེས་དགོས། གང་ཡིན་ཟེར་ན་རྒྱལ་ཁབ་ཅིག་གམ་མི་རིགས་ཤིག་གི་རྩོམ་པ་པོའི་མཐུན་ཚོགས་ཟེར་ན་ཚིག་དེའི་ནང་དོན་ཆུང་ཆུང་མ་རེད། ལྷག་པར་དུ་དེ་ལ་ཁ་ལོ་སྒྱུར་མཁན་གྱི་རྒྱུན་ལས་ཞིག་ཡིན་ན་དེ་ལས་ཀྱང་རིན་ཐང་ཆེ་བ་དང་ལས་འགན་ལྕི་མོ་ཡོད་པ་རེད། བཀའ་ཤག་གསར་པའི་ཤོད་སྟངས་ལྟར་ཕྱི་རྒྱལ་ཁག་ལ་རྒྱུག་ནས་བོད་དོན་ཀྱབ་བསྒྲགས་ལ་ཤུགས་རྒྱག་གི་ཡོད་ཟེར་འདོད་ཡོད་སྲིད་མོད། དེ་ཡང་མ་རེད་ཟེར་ས་མེད་ཀྱང་ནང་སྟོང་པར་ལུས་ཏེ་ཕྱི་སྐད་པོ་ཆེ་དང་སྙན་པོ་ཆེ་བཟོ་གི་ཡོད་ཟེར་ནས་རྒྱུག་བསྡད་ཡིན་ན་དོན་དག་ཆེ་ས་བཞག་སྟེ་ཆུང་སེར་འཐམ་གྱི་ཡོད་པ་རེད་ནམ་ཞིག་སྦོ་ལུག་རྒྱུ་ལས་ལྷག་གི་ཡོད་པ་མ་རེད། མང་པོ་མི་བཤད་སྔོན་མའང་གནས་ཚུལ་འདི་རིགས་རེ་གཉིས་བྱུང་སྟེ་ད་ལྟའི་གནས་སྟངས་འདིར་བསྐྱལ་བ་རེད།

    Reply
  7. གངས་ཕྲུག says:
    ལོ་ 12 སྔོན།

    བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ནས་བོད་ནང་གི་གནང་སྟངས་ཐོག་དང་བཙན་བྱོན་ནང་གི་བྱིས་པ་དེ་དག་གི་ཆེད་དུ་ཕྱག་ལས་ཕྲན་བུ་གནང་ཐུབ་ན་མིང་དོན་མཚུངས་པ་ཞིག་ཡོང་ངེས་རེད་འདུག དེ་ལྟར་མ་འབྱུང་ན་ཚོགས་པ་འདི་ཕྱི་རྒྱལ་ལ་འགྲོ་འདོད་ཆེ་བའི་མི་ཚོའི་ལམ་བུ་ཞིག་ཆགས་ངེས་རེད་འདུག

    Reply
  8. གླང་དར་མ། says:
    ལོ་ 12 སྔོན།

    སྔོན་མ་རྩོམ་པ་པོ་མཐུན་ཚོགས་ཟེར་བ་དེ་སྐད་གྲགས་ཆེན་པོ་ཆགས་པ་རེད། དེའི་རྗེས་སུ་སྤྱི་ཚོགས་མེ་ལོང་ཚགས་པར་མི་མང་གི་སྣང་བར་འགྲོ་བོ་བྱུང་བ་རེད། དེའི་རྗེས་ནས་རིམ་གྱིས་གོ་མེད་ཚོར་མེད་དུ་གྱུར་དང་འགྱུར་བཞིན་འདུག སྤྱི་ཚོགས་ཤིག་གི་ནང་དུ་རྩོམ་པ་པོ་དང་རྩོམ་ཡིག་ལ་རིན་ཐང་སླེབས་ཐུབ་ཀྱི་མེད་དུས་སྐབས་ལ་སྤྱི་ཚོགས་དེའི་ཁ་ཕྱོགས་རྦད་དེ་ནོར་ནས་ལོག་ལམ་ཞིག་ཏུ་འགྲོ་བཞིན་ཡོད་པའི་རྟགས་མཚན་རེད། རྩོམ་པ་པོའི་རྒྱུན་ལས་ཚོར་སྐྱབས་མཇུག་ཞུ་རྒྱུ་ཞིག་ལ། ཆབ་སྲིད་ཀྱི་ནང་དུ་མགོ་འཇུག་རྒྱུ་དང་སོ་སོས་ཆབ་སྲིད་འཁྲབ་རྒྱུ་སོགས་མ་བྱས་པར་དངོས་གནས་དྲང་གནས་ཤེས་ཡོན་རིག་གནས་དང་བསམ་བློ་སྒྱུ་རྩལ་སོགས་ཀྱི་ཐོག་ལ་གང་ཐུབ་ཐུབ་ཀྱིས་ལས་ཀ་ག་རེ་བྱེད་ཐུབ་ཀྱི་འདུག དེའི་ཐོག་ལ་འབད་བརྩོན་གནང་རྒྱུ་གལ་ཆེན་པོ་རེད།

    Reply
  9. ཉི་མ་རྡོ་རྗེ། says:
    ལོ་ 12 སྔོན།

    བགྲོ་གླེང་ཞིག་གནང་བ་ཡག་བྱུང་། སྔོན་མ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཟེར་བ་ཞིག་ཡོད་པ་རེད། ཕྱོགས་མཐའ་ཁག་གི་རྩོམ་པ་པོ་དང་ཐུན་ཚོགས་ཀྱི་རྒྱུན་ལས་རྣམས་གདན་ཞུ་གནང་སྟེ་བགྲོ་གླེང་ཆེན་པོ་དེ་འདྲ་ཚོགས་ཀྱི་ཡོད་པ་རེད། ད་དུང་དཔྱད་རྩོམ་ཕྱོགས་སྒྲིག་གི་དཔེ་དེབ་རྩ་ཆེན་པོ་མང་པོ་བཏོན་ཡོད་རེད། ད་རེས་རྒྱུན་ལས་གསར་པ་ཚོས་བཀའ་ཤག་གསར་པར་སློབ་སྦྱོང་བྱས་ཀྱི་ཡོད་པ་འདྲ། སོ་སོ་ཕྱི་རྒྱལ་ཁག་ལ་འགྲོ་རྒྱུར་བརྔམས་ཏེ་ཚོགས་མི་གཞན་དང་མཐུན་ཚོགས་ནང་ཁུལ་གྱི་བྱ་གཞག་རིགས་ལ་ཐུགས་སྣང་ཏོག་ཙམ་ཆུང་དྲགས་ཀྱི་ཡོད་པ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese